མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲ་ཐོག་གི་འགྲུལ་བཞུད་དང་བདེ་འཇཊ་གླེང་བ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་སྒྲོལ་མ།

འགྲོ་བ་མིའི་རིགས་ཀྱི་ཉིན་རྒྱུན་འཚོ་བའི་ནང་གི་བྱེད་སྒོ་ཡོད་ཚད་གློག་ཀླད་རྩིས་འཁོར་དང་དྲ་རྒྱའི་ནང་འཐིམ་ནས་འགྲོ་བཞིན་པའི་དུས་སྐབས་འདིར། རང་རེའི་བོད་ཀྱི་སྤྱི་ཚོགས་ལ་ཆ་མཚོན་ན་ཡང་ཉེ་བའི་ལོ་ཤས་ནང་དེང་དུས་ཀྱི་འཕྲུལ་ཆས་དང་དྲ་རྒྱའི་ཐོག་གི་མཐུན་རྐྱེན་ཁག་ལ་འབྲེལ་འདྲིས་ཟབ་ཏུ་ཕྱིན་ཡོད། ང་ཚོ་གློག་ཀླད་དྲ་རྒྱ་དང་ཅི་ཙམ་གྱིས་འབྲེལ་འདྲིས་ཟབ་ཏུ་ཕྱིན་པའི་ཚོད་ཀྱིས་དེང་རབས་ཀྱི་ཡོ་ཆས་དང་མཐུན་རྐྱེན་ཚང་མ་ཡང་། དེ་ཙམ་གྱི་ང་ཚོའི་ཉིན་རྒྱུན་གྱི་འཚོ་བ་དང་ཁ་འབྲལ་ཐབས་མེད་པ་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད་ལ། དེ་ཡང་དྲ་རྒྱའི་སྤྱོད་སྒོ་ཤུགས་ཆེ་རུ་ཕྱིན་པའི་དབང་གིས་དེས་རིམ་བཞིན་ང་ཚོའི་མི་ཚེའི་ནང་གི་བྱ་བཞག་ཡོད་ཚད་ལ་ཡང་སྟངས་འཛིན་བྱེད་མགོ་ཚུགས་ཡོད་པ་མ་ཟད་བརྒྱུད་རིམ་དེའི་ཁྲོད་དུ་དྲ་རྒྱའི་སྟེང་དུ་ནག་ཉེས་ཀྱི་ལས་ཀའི་རིགས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་པ་ཚང་མས་མཁྱེན་གསལ་ཡིན་ལ། དེའི་ཁྲོད་ཀྱི་དཔེ་མཚོན་ཆུང་ངུ་གཅིག་ཞུས་ན། དེང་སང་ནག་ཉེས་ཅན་གྱི་མི་ཁ་ཤས་ཀྱིས་ཆོག་མཆན་མེད་པར་མི་གཞན་གྱི་གློག་འཕྲིན་ཡིག་སྒམ་ནང་གསང་སྟབས་ཀྱི་སྒོ་ནས་འཛུལ་ཏེ་མི་དེའི་སྒེར་གྱི་གསང་བ་དང་ཡིག་ཆ་གལ་ཆེན་ཁག་རྐུ་མ་རྒྱག་གི་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ངས་འདིར་ནན་གྱིས་ཞུས་འདོད་པ་ནི་ཚད་གཞི་མཐོ་མིན་ལ་མ་ལྟོས་པར་མི་ཚང་མར་དྲ་རྒྱའི་ཐོག་གི་ཉེན་ཁའི་རིགས་ལ་འགོག་སྲུང་བྱེད་པའི་ཤེས་བྱ་དགོས་རྒྱུ་ནི་ད་ལྟའི་དུས་ཀྱི་ཁ་ཚ་དགོས་གཏུག་གི་དོན་གནད་གལ་ཆེན་ཞིག་ཆགས་འདུག

 

དྲ་རྒྱའི་ཐོག་གློག་འཕྲིན་གྱི་མཐུན་རྐྱེན་སྤྲོད་མཁན་མང་པོ་ཡོད་ཀྱང་དེ་དག་གི་ཁྱད་ཆོས་དང་ཉེན་སྲུང་ནུས་པའི་དབར་ལ་ཁྱད་པར་ཆེན་པོ་ཡོད། དེ་ཡང་ཤེས་གསལ་ལྟར་ན། ད་ལྟའི་དུས་ཀྱི་གློག་འཕྲིན་གྱི་མཐུན་རྐྱེན་སྤྲོད་མཁན་མང་པོ་ཡོད་པའི་གྲས་ནས་རྗེ་མལ་(Gmail) དེ་གདམ་ག་ཡག་ཤོས་དེ་ཆགས་ཡོད། གང་ཡིན་ཞེ་ན། དང་པོ། རྗེ་མལ་(Gmail) ལ་སྲུང་སྐྱོབ་ཀྱི་ནུས་པ་ཡོད། ཁྱེད་ཀྱི་གློག་འཕྲིན་ཁ་བྱང་རྗེ་མལ་ནང་བཟོས་ཡོད་པ་ཡིན་ན། རྗེ་མལ་གྱིས་རྟག་ཏུ་ཁྱེད་ཀྱི་གློག་འཕྲིན་དེ་(Https)ནང་ཁ་ཕྱེ་གི་རེད་ལ། འདི་ནི་རྗེ་མལ་གྱི་ཁྱད་ཆོས་གལ་ཆེ་ཤོས་དེ་ཡིན།

 

མཐུན་རྐྱེན་འདི་རྗེ་མལ་གྱིས་སྔ་ས་ན་རང་སྒྲིག་བྱས་ཡོད་སྟབས། ཁྱེད་ཀྱིས་བསྐྱར་དུ་སྒྲིག་བཟོ་བྱེད་མི་དགོས། ཡིན་ཡང་གློག་འཕྲིན་སྒྲིག་བཟོའི་ནང་དུ་ག་དུས་ཡིན་ཡང་(https)ནང་ཁ་ཕྱེ་མིན་གྱི་གདམ་ག་ཡོད་པས། ཁྱེད་ཀྱིས་གདམ་ག་དེ་ཡང་སྒྲིག་བཟོ་བྱས་ཡོད་མེད་ལྟ་རྒྱུ་ཧ་ཅང་གལ་ཆེ། ཡ་ཧོ་(Yahoo)དང་ཧོ་ཁྲི་མེལ་(Hotmail)ལ་སོགས་པའི་གློག་འཕྲིན་གྱི་མཐུན་རྐྱེན་སྦྱོར་མཁན་མང་ཆེ་བས་ཁྱེད་ཀྱིས་ཁ་བྱང་དང་གསང་ཚིག་རྒྱག་སྐབས་མ་གཏོགས་(https)གྱི་མཐུན་རྐྱེན་སྤྲོད་ཀྱི་མེད། ཁྱེད་རང་སོ་སོའི་ཡིག་སྒམ་ནང་འཛུལ་སྐབས་དང་། ཡིག་སྒམ་ནང་ཡི་གེ་ཀློག་པ་དང་གཏོང་བ། འབྱོར་བ་སོགས་ཀྱི་སྐབས་སུ་དྲ་རྒྱའི་ཁ་བྱང་འབྲི་སའི་སྒམ་ཆུང་ནང་(http)ལས་(S)མེད་པ་ཡིན་ན་ཁྱེད་ཀྱི་གློག་འཕྲིན་གྱི་ཉེན་སྲུང་གི་ནུས་པ་བརླགས་ཚར་བ་རེད་ལ། གནས་སྟངས་དེའི་འོག་ནས་མི་གཞན་གྱིས་ལས་སླ་པོའི་ངང་ཁྱེད་ཀྱི་ཡིག་སྒམ་ནང་འཛུལ་ཏེ་གསང་བ་ཡོད་ཚད་ལྟ་ཀློག་བྱེད་ཐུབ་པ་ཡིན།

 

གཉིས་པ། རྗེ་མལ་ནང་ཁྱེད་ཀྱིས་ཉེ་ལམ་གྱི་བྱེད་སྒོ་ཡོད་ཚད་ལ་ཞིབ་ཕྲ་བལྟ་ཐུབ། རྗེ་མེལ་ལ་གཞན་དང་མ་འདྲ་བའི་མཐུན་རྐྱེན་གཞན་ཞིག་ཡོད་པ་ནི་ཁྱེད་ཀྱིས་རང་ཉིད་ཀྱི་གློག་འཕྲིན་གྱི་ཁ་ཕྱེ་རྗེས། གློག་འཕྲིན་དྲ་ངོས་གཡས་ཕྱོགས་ཀྱི་སྣེ་མོ་རུ་ཡོད་པའི་ཡི་གེ་(detail)ཞེས་པ་དེའི་སྒང་ལ་བསྣུན་ན། ཉེ་ལམ་ཁྱེད་ཀྱི་གློག་འཕྲིན་ས་གནས་གང་དང་དུས་ཚོད་ག་ཚོད་ཐོག་ལ་ཁ་ཕྱེ་ཡོད་མེད་སོགས་ཞིབ་ཕྲ་བལྟ་ཐུབ། གལ་ཏེ་ཁྱེད་ཀྱིས་གློག་འཕྲིན་ངོས་སུ་ཉེན་བརྡ་གཏོང་བའི་འདམ་ག་བསྒྲིགས་ཡོད་ཚེ། རྗེ་མལ་གྱིས་ཁྱེད་རང་ནམ་རྒྱུན་སྡོད་སའི་ས་གནས་མ་ཡིན་པའི་རྒྱལ་ནང་གི་གྲོང་ཁྱེར་ཆེ་ཁག་དང་ཕྱི་རྒྱལ་སོགས་ནས་ཁྱེད་ཀྱི་གློག་འཕྲིན་ནང་འཛུལ་གྱི་ཡོད་པའི་གནས་ཚུལ་རིགས་བྱུང་ཚེ་ལམ་སེང་ཁྱེད་ལ་བརྡ་ཁྱབ་གཏོང་གི་རེད།

 

གསུམ་པ། རྗེ་མལ་གྱིས་གློག་འཕྲིན་ནང་འབྱོར་བའི་ཟུར་སྣོན་ཡིག་ཆའི་རིགས་ལ་དྲ་འབུ་ཡོད་མེད་ཞིབ་འཇུག་བྱེད་ཐུབ། རྗེ་མལ་གྱིས་ཟུར་སྣོན་ཡིག་ཆའི་རིགས་ལ་དྲ་འབུ་ཡོད་མེད་ཞིབ་འཇུག་བྱེད་ཐུབ་ཀྱི་ཡོད་རུང་། སྔོན་ཚུད་ནས་ཉེན་ཁར་ངོས་འཛིན་བྱས་ཚར་བའི་དྲ་འབུ་རྣམས་མ་གཏོགས། ཉེ་ལམ་ཆེད་དུ་མི་སྡེ་དང་ཚོགས་པ་གང་རུང་ལ་གནོད་སྐྱོན་བྱེད་པར་དམིགས་ནས་བཟོས་པའི་དྲ་འབུ་གསར་བའི་རིགས་ཀྱིས་གནོད་སྐྱོན་ཐེབས་ཚར་བའི་ཡིག་ཆ་ཁག་རྗེ་མལ་གྱི་མཐུན་རྐྱེན་འདིས་ངོས་ཟིན་མི་ཐུབ། དཀའ་ངལ་དེ་ལ་དམིགས་ནས་རྗེ་མེལ་གྱིས་ཁྱེད་ལ་འབྱོར་བའི་ཡིག་ཆ་དང་དཔར་ལ་སོགས་པའི་ཟུར་སྣོན་གྱི་རིགས་ཁ་གཏུགས་ཕབ་ལེན་བྱེད་མ་དགོས་པར་ཟུར་སྣོན་འོག་གི་ཡི་གེ་(view)ཐོག་ལ་བསྣུན་ནས་ལྟ་ཀློག་བྱས་ཆོག་པའི་མཐུན་རྐྱེན་བསྐྲུན་ཡོད། ཁྱེད་ཀྱིས་ཟུར་སྣོན་ཡིག་ཆ་དེ་ཕབ་ལེན་མ་བྱས་པར་ལྟ་ཞིབ་བྱེད་སྐབས་ཡིག་ཆ་དེ་(Google server)བརྒྱུད་ནས་མཐོང་གི་ཡོད་སྟབས། ཟུར་སྣོན་ཡིག་ཆ་དེར་དྲ་འབུ་ཡོད་རུང་། དེས་ཁྱེད་ཀྱི་གློག་ཀླད་སོགས་ལ་གནོད་སྐྱོན་བྱེད་མི་ཐུབ། གལ་ཏེ་ཁྱེད་ཀྱིས་ལྟ་ཞིབ་བྱས་ཚར་བའི་ཡིག་ཆ་མི་གཞན་དང་གྲོགས་པོ་ནང་ཁུལ་ལ་སྤྱི་སྤྱོད་བྱེད་འདོད་ཡོད་ཚེ། (Google doc)ནང་དུ་ཉར་ཚགས་ཀྱང་བྱས་ཆོག

 

བཞི་པ། རྗེ་མལ་གྱིས་ཁྱེད་རང་སོ་སོའི་གློག་འཕྲིན་ཡིག་སྒམ་ནང་འཛུལ་བར་སྟངས་འཛིན་བྱེད་པའི་ནུས་པ་སྤྲོདཀྱི་ཡོད། ཁྱེད་ཀྱིས་སོ་སོའི་གློག་འཕྲིན་གྱི་གསང་ཚིག་ཡང་ནས་ཡང་དུ་བརྗེ་བོ་རྒྱག་དགོས་ལ། མི་གཞན་གྱིས་ཁྱེད་ཀྱི་གསང་ཚིག་རྐུ་བ་ལ་བརྟེན་ནས་རང་ཉིད་སོ་སོའི་གློག་འཕྲིན་ཡིག་སྒམ་ནང་འཛུལ་མ་ཐུབ་པའི་གནས་ཚུལ་བྱུང་ཚེ། ངེས་པར་དུ་གསང་ཚིག་སླར་རྙེད་ཡོང་ཆེད་སྔ་ས་ནས་ལམ་ཁ་འདྲ་མིན་མང་པོ་བཟོ་དགོས། ཁྱེད་ཀྱི་གློག་འཕྲིན་ཡིག་སྒམ་ནང་མི་གཞན་པ་འཛུལ་མ་ཐུབ་པའི་ཆེད་དུ་རྗེ་མེལ་ནང་རིམ་པ་གཉིས་ཀྱི་ར་སྤྲོད་བྱེད་པའི་མཐུན་རྐྱེན་སྤྲོད་ཀྱི་ཡོད། རིམ་པ་གཉིས་ཀྱི་ར་སྤྲོད་བྱེད་པའི་མཐུན་རྐྱེན་དེ་སྒྲིག་བཟོ་བྱེད་པར་ཁྱེད་རང་ཐོག་མར་ཐོ་འགོད་སྒྲིག་བཟོ་(accountsetting)ནང་འཛུལ་རྗེས་རིམ་པ་གཉིས་ཀྱི་ར་སྤྲོད་བེད་སྤྱོད་གཏོང་བ(using 2 stepvirification)སྒང་ལ་བསྣུན་ན་ཁྱེད་རང་གི་ཁ་པར་ཨང་གྲངས་རྒྱག་སའི་སྒམ་ཆུང་ཞིག་མངོན་ཡོང་གི་རེད་ལ། དེའི་ནང་དུ་ཁ་པར་ཨང་གྲངས་བསྐངས་ཚར་བའི་རྗེས་ཁྱེད་ཀྱི་ཁ་པར་སྒང་ལ་ར་སྤྲོད་ཨང་གྲངས་ཤིག་བསྐུར་ཡོང་གི་རེད།

 ཨང་གྲངས་དེ་མཐའ་མར་ར་སྤྲོད་བྱེད་སའི་སྟོང་ཆའི་ནང་བསྐངས་ནས་ར་སྤྲོད་(Verify)ཞེས་པའི་སྒང་ལ་བསྣུན་ན། རིམ་པ་གཉིས་ཀྱི་ར་སྤྲོད་རེ་གྲུབ་ཚར་བ་རེད། ཁྱེད་ཀྱིས་རིམ་པ་གཉིས་པའི་ར་སྤྲོད་ཀྱི་མཐུན་རྐྱེན་དེ་སྒྲིག་བཟོ་བྱས་པ་ཡིན་ན། མི་གཞན་པས་ཁྱེད་ཀྱིས་གློག་འཕྲིན་གྱི་གསང་བའི་ཨང་གྲངས་རྐུ་ཐུབ་རུང་། ཁྱེད་ཀྱི་ཁ་པར་སྒང་ལ་འབྱོར་བའི་རིམ་པ་གཉིས་པའི་ར་སྤྲོད་ཀྱི་ཨང་གྲངས་དེ་ཁྱེད་རང་གཅིག་པུར་མ་གཏོགས་མེད་པས། མི་གཞན་པ་ཁྱེད་རང་གི་གློག་འཕྲིན་ཡིག་སྒམ་ནང་འཛུལ་མི་ཐུབ། རིམ་པ་གཉིས་པའི་ར་སྤྲོད་དང་འབྲེལ་བའི་བརྙན་པར་ལ་གཟིགས་འདོད་ཡོད་ན། དྲ་ཐག http://www.youtube.com/watch?v=zMabEyrtPRgའདི་ལ་གཟིགས་རོགས།

 

རྗེ་མལ་ལ་ཉེན་ཁ་འགོག་སྲུང་བྱེད་པའི་ནུས་པ་ཆེན་པོ་ཡོད་རུང་། མི་འགའ་ཤས་ཀྱིས་ཁྱེད་ཀྱི་གློག་འཕྲིན་ཁ་བྱང་རྐུས་ནས་སྒྲིག་བཟོ་བྱས་ཏེ་ཁྱེད་ལ་ཧ་གོ་མ་བཅུག་པའི་སྒོ་ནས་ཁྱེད་ལ་འབྱོར་བའི་ཡིག་ཆ་ཡོངས་རྫོགས་མི་གཞན་ལ་གཏོང་ཐུབ། གློག་འཕྲིན་སྒྲིག་བཟོ་ནང་གི་(Tab)ནང་ལ་ཡོད་པའི་ཉེན་ཁ་གཙོ་བོ་གསུམ། དང་པོ། ཐོ་མཛོད(Account) དང་(Import) ནང་འདྲེན། གློག་འཕྲིན་སྒྲིག་བཟོ་ནང་ཁྱེད་ཀྱིས་ངེས་པར་དུ་མི་གཞན་སོ་སོའི་གློག་འཕྲིན་ཡིག་སྒམ་ནང་འཛུལ་རྒྱུའི་ཆོག་མཆན་སྤྲད་ཡོད་མེད་ལྟ་དགོས་ལ། གལ་ཏེ་ཆོག་མཆན་སྤྲད་པའི་བརྡ་ལན་མཐོང་ཚེ་ཆོག་མཆན་སྤྲད་པའི་ཁ་བྱང་དེ་མ་ཐག་ཏུ་ནུས་མེད་བཟོ་དགོས། གཉིས་པ། ཚགས་སྣོད།(Filter)མི་གཞན་གྱིས་ཁྱེད་ཀྱི་ཡིག་སྒམ་བརྒྱུད་ནས་ཡི་གེ་བཏང་བའམ། ཁྱེད་ལ་འབྱོར་བའི་ཡི་གེར་ཚགས་བརྒྱབ་ནས་མི་གཞན་ལ་བཏང་ཡོད་མེད་ལ་ཡང་ཞིབ་ལྟ་བྱེད་རྒྱུ་ཧ་ཅང་གལ་ཆེ།

གསུམ་པ། བརྒྱུད་གཏོང་བྱེད་པ། (Forwarding and POP/IMAP)ཁྱེད་ཀྱིས་རང་ཉིད་ཀྱི་གློག་འཕྲིན་ནང་སྔར་ནས་སྒྲིག་བཟོ་མ་བྱས་པར་ཁྱེད་ལ་འབྱོར་པའི་ཡི་གེ་དག་ཁྱེད་ཀྱིས་ངོ་ཐག་མི་ཆོད་པའི་ཁ་བྱང་སོགས་ལ་བཏང་ཡོད་མེད་ཀྱང་རྒྱུན་དུ་ཞིབ་ལྟ་བྱེད་དགོས། མཐའ་སྡོམ་དེར་བཟང་ཕྱོགས་ཀྱི་ངོས་ནས་གླེང་ན། ཁྱེད་ཀྱིས་རང་ཉིད་གློག་འཕྲིན་གྱི་བདེ་འཇགས་སྒྲིག་བཟོར་བསྒྱུར་བཅོས་གཏོང་སྐབས། ཇེ་མལ་གྱིས་རྟག་ཏུ་ཁྱེད་ཀྱི་གློག་འཕྲིན་གྱི་གསང་ཚིག་བསྐྱར་དུ་འཇུག་དགོས་པའི་བརྡ་ལན་གཏོང་གི་རེད། གོ་རིམ་འདིས་ཁྱེད་རང་ཇེ་མལ་ནང་འཛུལ་ཡོད་པའི་སྐབས་སུ་མི་གཞན་གྱིས་ཁྱེད་ཀྱི་གློག་ཀླད་ལ་སྟངས་འཛིན་བྱས་ནས་གནོད་པ་སྐྱེལ་བའི་ལས་གཞི་སོགས་འགོག་སྲུང་བྱེད་ཐུབ་པ་ཡིན།

 

མཇུག་སྡོམ།

མི་སོ་སོས་དགོས་དོན་འདྲ་མིན་ལ་དམིགས་ནས་གློག་འཕྲིན་ཁ་བྱང་མ་འདྲ་བ་མང་པོ་ཉར་གྱི་ཡོད་པས་ཇེ་མལ་ཁོ་ན་མ་གཏོགས་གཞན་བེད་སྤྱོད་མི་གཏོང་པའི་གནས་སྟངས་ཆགས་རྒྱུ་དཀའ་ལས་ཁག་པོ་ཡིན། འོན་ཀྱང་གློག་འཕྲིན་གྱི་མཐུན་རྐྱེན་སྤྲོད་མཁན་གྱི་གྲས་ནས་ཡག་ཤོས་དང་བརྟན་ཤོས་དེ་གང་ཡིན་པ་ཧ་གོ་བའི་ཐོག་ནས་སྤྱི་ཚོགས་ནང་ལ་དེའི་སྐོར་གྱི་ཤེས་བྱ་ཁྱབ་སྤེལ་བྱེད་རྒྱུ་ཧ་ཅང་གལ་ཆེ་བར་མཐོང་། གལ་ཏེ་ཁྱེད་ཀྱིས་ཡ་ཧོ་(Yahoo)ཁ་བྱང་ནང་མི་གཞན་ལ་ཡིག་འབྲེལ་བྱས་པའི་ལོ་རྒྱུས་དང་འབྲེལ་བ་བྱ་ཡུལ་གྱི་ཁ་བྱང་སོགས་ཡོད་པའི་རྒྱུ་མཚན་གྱིས་ཇེ་མལ་ཐོག་ལ་བརྗེ་སྤོར་བྱེད་ཐུབ་ཀྱི་མི་འདུག་བསམ་ན། དོན་དངོས་ཐོག་དེ་ནི་དཀའ་ངལ་ཆེན་པོ་ཞིག་མ་རེད། གང་ཡིན་ཞེ་ན། ཁྱེད་ཀྱིས་གློག་འཕྲིན་སྒྲིག་བཟོ་ནང་གི་ཐོ་མཛོད་དང་ནང་འདྲེན་བརྒྱུད་ནས་རང་ཉིད་ཀྱི་སྔར་ནས་འབྲེལ་བ་བྱ་ཡུལ་གྱི་ཁ་བྱང་ཚང་མ་ཇེ་མལ་གྱི་ནང་དུ་ཚུར་འདྲེན་བྱེད་ཐུབ།

གློག་འཕྲིན་གྱི་མཐུན་རྐྱེན་སྤྲོད་མཁན་ཆ་ཚང་མཐའ་གཅིག་ཏུ་བརྟན་པོ་མེད་ཀྱང་། དེ་དག་གི་ཁྲོད་ནས་ད་ལྟའི་ཆར་ཇེ་མལ་དེ་ཡག་ཤོས་ཡིན། གང་ཡིན་ཞེ་ན་གྷོའུ་རྒིལ་(Google)བཟོ་ཚོང་ཁང་གིས་གཞན་དང་མི་འདྲ་བར་དྲ་ཐོག་གི་བདེ་འཇགས་དང་ཉེན་སྲུང་གི་གནད་དོན་སོགས་ལས་ཀའི་གཙོ་གནད་དུ་འཛིན་གྱི་ཡོད་པས། ཁྱེད་ཀྱིས་ཡིད་ཆེས་བློས་འགེལ་གང་འཚམ་བྱས་ཆོག་པ་ཡིན། གལ་ཏེ་ཁྱེད་ཀྱི་གློག་ཀླད་རྩིས་འཁོར་དེ་སྔ་ས་ནས་དྲ་འབུ་ཡིས་ཟིན་ནས་མི་གཞན་གྱིས་སྟངས་འཛིན་བྱས་ཚར་ཡོད་ཚེ། སུ་ཞིག་གིས་ཀྱང་ཁྱེད་རང་དྲ་ཐོག་གི་བདེ་འཇགས་དང་འབྲེལ་བའི་ཉེན་ཁ་ལས་སྐྱོབ་མི་ཐུབ་པས། ཁྱེད་ཀྱིས་ངེས་པར་དུ་རང་ཉིད་ཀྱི་གློག་ཀླད་རྩིས་འཁོར་གཙང་མ་བཟོ་དགོས།

 

མཆན། ༼ དྲ་ཐོག་གི་བདེ་འཇགས་སྐོར་གྱི་གནས་ཚུལ་གང་མང་ཐེངས་རྗེས་མའི་རྩོམ་ཡིག་ནང་མུ་མཐུད་ནས་སྤེལ་རྒྱུ་ཡིན་པས། རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱིས་དེ་དོན་དགོངས་འཇགས་ཡོང་བར་འཚལ།༽

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢༠ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 6

  1. མིག་ཆུ། says:
    ལོ་ 14 སྔོན།

    ཁྱེད་ཀྱི་གློག་འཕྲིན་ཁ་བྱང་ཡཱ་ཧོ་ནས་ཇེ་མེལ་ལ་བརྗེ་སྤོར་བྱེད་པའི་ལམ་ཁ་ཡག་ཤོས་དེ་ཁྱེད་ཀྱིས་ཇེ་མེལ་གྱི་ཁ་བྱང་གསར་བ་ཞིག་བཟོས་ནས་དྲ་རྒྱའི་ཐོག་གི་གྲོགས་པོ་གྲོགས་མོ་ཚོ་ལ་ཁྱེད་ཀྱི་གློག་འཕྲིན་ཁ་བྱང་བརྗེ་བོ་སློག་ཚར་བའི་བརྡ་ལན་གཏོང་རྒྱུ་དེ་རེད། དེ་མ་ཚད་ཁྱེད་ཀྱིས་རང་གི་གྲོགས་པོ་གྲོགས་མོ་ཚོ་ལའང་རྗེ་མེལ་བེད་སྤྱོད་བྱེད་པའི་སྐུལ་མ་བྱེད་དགོས། གང་ཡིན་ཞེ་ན་གལ་ཏེ་ཁྱེད་ཀྱི་དྲ་ཐོག་གི་གྲོགས་པོ་ཚང་མས་ཇེ་མེལ་བེད་སྤྱོད་བཏང་བ་ཡིན་ན་བདེ་འཇགས་ཀྱི་ཐད་ནས་ཧ་ཅང་ལེགས་ལ་དྲ་ཐོག་གི་ཉེན་ཁའི་རིགས་ལའང་དེ་ཙམ་སེམས་ཁྲལ་མེད།
    ཁྱེད་ཀྱིས་ཇེ་མེལ་གྱི་ཁ་བྱང་གསར་བ་བཟོ་འདོད་ཡོད་ཚེ་དྲ་ཐག་་https://accounts.google.com/SignUp?service=mail&continue=http%3A%2F%2Fmail.google.com%2Fmail%2F&ltmpl=defaultའདི་ལ་བསྣུན་ནས་དེབ་སྐྱེལ་བྱེད་རོགས།
    གལ་ཏེ་ཁྱེད་རང་དྲ་རྒྱ་དམ་དྲག་ཡོད་སའི་ས་ཁུལ་ཁག་གི་ནང་དུ་ཡོད་ཚེ། ཁྱེད་ཀྱིས་གློག་འཕྲིན་ཁ་བྱང་གསར་བ་དེབ་སྐྱེལ་བྱེད་སྐབས་རང་ཉིད་སྒེར་གྱི་མིང་དང་། ཁ་བྱང་སོགས་ཐེ་བའི་གནས་ཚུལ་ངོ་མ་སྤྲོད་མི་རུང་། གང་ཡིན་ཞེ་ན་མཚམས་རེར་རང་ཉིད་ཀྱི་གནས་ཚུལ་ངོ་མ་སྤྲད་པའི་རྒྱུ་མཚན་གྱིས་གློག་འཕྲིན་བརྒྱུད་ནས་ཁྱེད་རང་འཇུ་བཟུང་བྱེད་པ་དེ་འདྲ་ཡང་ཡོང་སྲིད། ཁྱེད་རང་ལ་ཡ་ཧོ་(Yahoo)ཁ་བྱང་ནང་མི་གཞན་ལ་ཡིག་འབྲེལ་བྱས་པའི་ལོ་རྒྱུས་དང་འབྲེལ་བ་བྱ་ཡུལ་གྱི་ཁ་བྱང་སོགས་ཡོད་སྲིད་ཀྱང་། ཁྱེད་ཀྱིས་ཇེ་མེལ་གྱི་གློག་འཕྲིན་སྒྲིག་བཟོ་ནང་གི་ཐོ་མཛོད་ནང་ནས་བརྒྱུད་རིམ་ཁ་ཤས་བརྒྱུད་དེ་རང་ཉིད་ཀྱིས་སྔར་ནས་འབྲེལ་བ་བྱ་ཡུལ་གྱི་ཁ་བྱང་ཚང་མ་ལས་སླ་པོའི་ངང་ཇེ་མལ་གྱི་ནང་དུ་ཚུར་འདྲེན་བྱེད་ཐུབ།
    འདམ་ཀ་དེ་སྒྲིག་བཟོ་བྱེད་པར་ཁྱེད་རང་ཇེ་མལ་གྱི་་Settings > Account > Check mail using POP3 འཛུལ་རྗེས་ Add a POP3 mail account you own་ཞེས་པ་དེའི་སྒང་ལ་བསྣུན་རྗེས། དེར་མངོན་པའི་སྒམ་ཆུང་ནང་རང་ཉིད་ཀྱི་ཡཱ་ཧོ་ཁ་བྱང་འབྲི་དགོས་ལ། དེའི་རྗེས་སུ་Next Step ཞེས་པ་དེའི་སྒང་ལ་་བསྣུན་རྗེས་རང་ཉིད་ཀྱི་ཡཱ་ཧོ་ཡི་གསང་ཚིག་རྒྱག་དགོས།
    གལ་ཆེ་ཤོས་གཅིག་ནི་གང་དུས་ཡིན་ཡང་་Always use a secure connection(ག་དུས་ཡིན་ཡང་བརྟན་འཇགས་ཀྱི་འབྲེལ་མཐུད) (SSL)འདམ་ག་དེ་བསྒྲིགས་ནས་རང་ཉིད་ཀྱི་གློག་འཕྲིན་ནང་འཛུལ་དགོས།

    Reply
  2. ཨ་གཙང་གནས་རྒྱམ། says:
    ལོ་ 14 སྔོན།

    དྲ་གྲོགས་བསྟན་སྒྲོན་ལགས། ཁྱོད་ཀྱིས་བཀོད་པའི་གནས་ཚུལ་དོན་སྙིང་ལྡན་ལ་ཁ་ཡོད་ལག་ཡོད་ཀྱི་བྱ་བཞག་ཞིག་རེད། མུ་མཐུད་བཀོད་རོགས། དེ་ཡང་ཁྱོད་ངོ་དེབ་དུ་འགོད་ཐུབ་ཚེ་དེ་ལས་ཀྱང་དྲ་གྲོགས་མང་པོར་ཕན་ངེས་རེད། བརྙན་འཆར་ཡོད་པའི་མཉེན་ཆས་ར་སྤྲོད་ཐུང་ངུ་རེ་གཏོང་ཐུབ་ན་ཡག་པོ་འདུག

    Reply
  3. སྟག་ཕྲུག says:
    ལོ་ 14 སྔོན།

    ལེགས་གསོལ་དང་སྔགས་བརྗོད་ཡོད་ལ་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན། ངོ་མ་དོན་གྱི་ནང་ཉམས་ཟིན་པ་ཟེར་བ་དེ་འདི་འདྲ་ལ་ཟེར་བ་རེད།

    Reply
  4. འཁྱམ་པོ། says:
    ལོ་ 14 སྔོན།

    སྟན་འཛིན་སྒྲོལ་མ་ལགས་ སྙིང་དབུས་ནས་ཐུག་རྗེ་ཆེ་ལན་རྒྱར་ཞུ་བ་ཡིན་ གང་ལགས་ཞེ་ན་དོན་མེད་གཏམ་འཆལ་དང་ང་ཁྱོད་བརྩོད་གླིང་གི་བརྩོམ་མང་པོ་ཀློག་སྐབས་ཉོབ་ཡོང་གི་འདུག་ འདི་འདྲ་བ་དངོས་སུ་ཕན་ཐོག་ལྡན་པས་རྩོམ་ད་དུང་གང་མང་སྤེལ་བའི་རེ་བ་ཞུ།།

    Reply
  5. ཨ says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ་མུ་མཐུད་ནས་བལྟ་རྒྱུ་ཡིན།།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    ཟིན་བྲིས་རིན་ཐང་ཅན་ཞིག་བཀླགས་པའི་སྐལ་བ་ཤར་བས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག། yhooཁ་བྱང་རྗེ་མལ་དུ་བརྗེ་སྤཽར་བྱ་ན་ག་འདྲ་བྱ་དགོས་པར་ལམ་སྟོན་ཞིག་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese