མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝེ་ཊི་ནམ་མི་མང་གིས་༧གོང་ས་མཆོག་ཕེབས་ཐུབ་རྒྱུར་རེ་སྒུག་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་དུ་༸གོང་ས་མཆོག་གི་སྐུ་མདུན་ནས་གསུང་ཆོས་ཞུས་མྱོང་མཁན་གྱི་ཝེ་ཊི་ནམ་ནང་པའི་དགེ་འདུན་པའི་ཚོགས་པ་ཁག་ཅིག་གིས། ཉེ་ལམ་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་ཏེ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་མཆོག་ཝེ་ཊི་ནམ་དུ་ནང་ཆོས་ངོ་སྤྲོད་ཆེད་མངགས་གཏོང་ཡོང་བའི་རེ་འདུན་བཏོན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༧ ཉིན་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེས་དབུ་ཁྲིད་པའི་གྲྭ་ཚང་གི་དགེ་འདུན་པ་ ༦ ཙམ་༸གོང་ས་མཆོག་གི་བཀའ་མངགས་བཞིན་ཝེ་ཊི་ནམ་དུ་ཆེད་སྐྱོད་ཀྱིས། ཡུལ་དེའི་དགོན་སྡེ་ཁག་གི་མཁན་པོ་ཚོར་ཐུག་འཕྲད་གནང་སྟེ། བོད་དང་ཝེ་ཊི་ནམ་བར་གྱི་ནང་ཆོས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་ཐབས་སྐོར་གྲོས་བསྡུར་དང་། ས་གནས་སེར་སྐྱ་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་བསྩལ་ཡོད་འདུག ཁོང་གི་མཛད་འཆར་ཁག་གྲུབ་སྟེ་ཕྱི་ཚེས་ ༢༥ ཉིན་ཕྱིར་བཞུགས་སྒར་དུ་འབྱོར་མཚམས་གསར་འགོད་པས་གནས་སྟངས་དེའི་ཐད་ཁྲོམ་ཐོག་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུས་ཡོད།

 དྲི་བ། ཉེ་ཆར་མཁན་རིན་པོ་ཆེ་མཆོག་ཝེ་ཊི་ནམ་དུ་ཕེབས་སྐོར་ཐོས་པས། དེའི་སྐོར་མདོ་བསྡུས་ཤིག་ངོ་སྤྲོད་གནང་རོགས།

ལན། གཞི་རྩའི་ཆ་ནས་ཝེ་ཊི་ནམ་གྱི་གཞུང་དེ་དམར་པོའི་གཞུང་ཞིག་ཡིན་ནའང་། རྒྱལ་ཁབ་དེ་ནང་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་རེད། ལྷག་པར་དུ་ཝེ་ཊི་ནམ་ནང་ཐེག་ཆེན་གྱི་ཆོས་དང་གསང་སྔགས་ཀྱི་ཆོས་ཉམས་ལེན་བྱེད་མཁན་མང་པོ་ཡོད་ལ། འདས་པའི་ལོ་ཤས་གོང་ནས་ཝེ་ཊི་ནམ་ནས་ཚུར་ངྷ་རམ་ས་ལར་གསུང་ཆོས་ཞུ་རུ་ཡོང་མཁན་མང་དུ་འགྲོ་བཞིན་འདུག སྐུ་མདུན་གྱིས་གསུང་ཆོས་གནང་བའི་སྐབས་ཁོང་ཚོར་དམིགས་བསལ་གྱི་སེམས་འགུལ་ཆེན་པོ་ཐེབས་ཀྱི་ཡོད་ལ། ཕན་ཐོགས་ཀྱང་ཧ་ཅང་ཆེན་པོ་བྱུང་ཡོད། ཉེ་ལམ་༸རྒྱལ་བ་རིན་པོ་ཆེའི་མདུན་ནས་ཆོས་ཞུས་མྱོང་མཁན་ཝེ་ཊི་ནམ་གྱི་ནང་པའི་གོ་སྒྲིག་ཚོགས་པ་ཁག་གསུམ་གྱིས་སྐུ་མདུན་ལ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་གཙོས་པའི་གྲྭ་པ་ཁ་ཤས་ཕར་གཏོང་རོགས་ཞེས་སྙན་སེང་ཞུས་པ་རེད། དེ་ནས་སྐུ་མདུན་གྱིས་ང་ཚོ་ཝེ་ཊི་ནམ་ལ་འགྲོ་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་ས་རེད་གསུངས་པ་ཡིན་སྟབས། ཟླ་འདིའི་ཚེས་ ༧ ཉིན་ང་ཚོ་མི་ ༦ དང་སྐད་སྒྱུར་ ༡ བཅས་ཁྱོན་བསྡོམས་མི་ ༧ ཝི་ཊི་ནམ་ལ་ཕྱིན་པ་ཡིན། ཐེངས་འདིར་འགྲོ་དགོས་དོན་གཙོ་བོ་ཝེ་ཊི་ནམ་གྱི་དགོན་སྡེ་ཁག་དང་མང་ཚོགས་ལ་ཆོས་འབྲེལ་འཇོག་རྒྱུ་དེ་རེད།

དྲི་བ། རིན་པོ་ཆེ་མཆོག་ཐེངས་འདིར་ཝེ་ཊི་ནམ་ནང་ཆོས་ཀྱི་མཛད་འཕྲིན་བསྐྱངས་པའི་སྤྱི་ཡོངས་ཀྱི་གཟིགས་ཚོར་ཅིག་གསུངས་རོགས།

ལན། ཟླ་འདིའི་ཕྱི་ཚེས་ ༩ ནས་ ༡༠ ཉིན་བར་ང་རང་གིས་ཝེ་ཊི་ནམ་གྱི་ངྷ་ཎང་ཞེས་པའི་གྲོང་ཁྱེར་ནང་། ས་གནས་མང་ཚོགས་ ༥༠༠༠ ཡས་མས་ལ་ནང་ཆོས་སྤྲོད་བྱས་པ་ཡིན། ཕྱི་ཚེས་ ༡༡ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་སྟེ་ཆོས་འབྲེལ་བཞག་པ་རེད། ཕྱི་ཚེས་ ༡༡ ཉིན་ཝེ་ཊི་ནམ་གྱི་ངྷ་ཎང་གྲོང་ཁྱེར་ནང་གཞུང་འབྲེལ་ཐོག་སྤྱན་རས་གཟིགས་ཀྱི་ལོ་འཁོར་དུས་ཆེན་ཞིག་ཚོགས་པ་རེད། མཛད་སྒོའི་ཐོག་ཝེ་ཊི་ནམ་ཆོས་དོན་ལས་ཁུངས་དང་ས་གནས་དཔོན་རིགས་མང་པོ་ཞིག་ཕེབས་འདུག་ལ། ང་ཚོ་ཡང་དམིགས་བསལ་སྐུ་མགྲོན་གྱི་མཚན་ཐོག་ནས་གདན་ཞུ་བྱས་སོང་། དུས་ཆེན་དེར་ཝེ་ཊི་ནམ་གྱི་ས་ཕྱོགས་འདྲ་མིན་ནས་མི་དམངས་ ༡༠༠༠༠ ལྷག་འཛོམས་ཡོད་པ་རེད། ཝེ་ཊི་ནམ་ནང་ང་ཚོའི་མཛད་རིམ་མང་ཆེ་བ་ས་གནས་ཆོས་དོན་ལས་ཁུངས་ཁག་བརྒྱུད་དེ་འགྲོ་དགོས་པ་ཞིག་རེད་ལ། ས་གནས་ཆོས་དོན་ལས་ཁུངས་ཁག་ནང་དགོན་པ་སོ་སོའི་བླ་མ་ཚོ་བཞུགས་ཡོད་པ་རེད། དེ་ཡིན་དུས། ང་ཚོས་བླ་མ་ཚོར་འབྲེལ་བ་བྱས་ཏེ་ནང་ཆོས་གོ་བསྡུར་ཞུ་དགོས་ས་ནས་གོ་བསྡུར་དང་། འགྲེལ་བཤད་རྒྱག་དགོས་ས་ནས་འགྲེལ་བཤད་བརྒྱབ་པ་ཡིན། དགོན་པ་ཁག་དང་དགོན་པའི་མཐོ་སློབ་ཁག་ནང་གྲྭ་བཙུན་དང་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་བྱས་པ་ཡིན། ངའི་རོགས་པ་ཆོས་དཔོན་བཀྲ་ཤིས་དང་དབུ་མཛད་ཟུར་པ་ངག་དབང་སྟོབས་རྒྱལ་གཙོས་པའི་གྲྭ་ཚང་གི་གྲྭ་པ་ཚོས་ཆོས་ཕྱོགས་ཀྱི་ཆོ་ག་རྣམས་བསྒྲུབས་པ་རེད། ང་རང་གིས་མཐོང་ཚུལ་ལ་མང་ཚོགས་རྣམས་ཆོས་དད་ཆེན་པོ་དང་བོད་ཀྱི་གྲྭ་བ་ཚོར་བརྩི་མཐོང་ཆེན་པོ་བྱེད་ཀྱི་འདུག ང་ཚོ་ལམ་ཁ་ནས་འགྲོ་སྐབས་ཀྱང་མང་ཚོགས་ཀྱིས་ང་ཚོའི་མགོ་ལ་ལག་པ་འཇོག་རོགས་ཞེས་ཞུ་བ་འཐེན་མཁན་མང་པོ་འདུག དེ་བཞིན་ཝེ་ཊི་ནམ་གྱི་ཁྲོམ་ལ་འགྲོ་སྐབས་བོད་ཡིག་གི་རླུང་རྟ་དང་མ་ཎི་ཡིག་དྲུག་སོགས་གང་སར་མཐོང་རྒྱུ་འདུག ང་ཚོ་ནང་པའི་ཆོས་བྱེད་མཁན་དང་ཐེག་པ་ཆེན་པོའི་ཆོས་བྱེད་མཁན་གཅིག་པ་ཡིན་པའི་ཆ་ནས། ཁོང་ཚོར་བོད་པའི་ཐོག་དམིགས་བསལ་གྱི་ཚོར་བ་ཆེན་པོ་ཡོད་པ་མ་ཟད། ཚང་མས་ཁ་གཅིག་གྲགས་ཀྱིས་བོད་པར་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཝེ་ཊི་ནམ་གྱི་གྲྭ་བཙུན་ཚོར་མཚོན་ན། སྤྱོད་ལམ་ཡག་པོ་ཡོད་པའི་ཐོག་དམར་ཟས་རིགས་མཆོད་མཁན་གཅིག་ཀྱང་མི་འདུག ཐེངས་འདིར་གཙོ་བོ་ཝེ་ཊི་ནམ་གྱི་ངྷ་ཎང་གྲོང་ཁྱེར་དང་། ཧེ་ཡུ་སེ་ཌེ། ཧོ་ཆི་མིན། ཧེ་ནེའུ་སི། ཧྥ་ཡོ་བྷེ་ཡེ་བཅས་གྲོང་ཁྱེར་ཁག་ ༥ ཡི་དགོན་པ་དང་ནང་པའི་མཐོ་སློབ་སོགས་ས་གནས་མི་འདྲ་བ་བཅུ་གྲངས་ཤིག་ནང་འགྲོ་རྒྱུའི་གོ་སྐབས་བྱུང་སོང་། ས་གནས་དེ་དག་ནང་ཉིན་ ༡༧ རིང་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་སྤྱན་རས་གཟིགས་ཀྱི་དབང་བཅས་གནང་བ་ཡིན། ས་གནས་དེ་དག་ནང་ནང་ཆོས་ངོ་སྤྲོད་གནང་སྐབས་ཉིན་ལྟར་མི་མང་ ༦༠༠ ནས་ ༥༠༠༠ བར་འཛོམས་ཀྱི་འདུག

དྲི་བ། ཝེ་ཊི་ནམ་དུ་༸གོང་ས་མཆོག་དང་བོད་ཀྱ་ཆོས་དང་རིག་གཞུང་ཐོག་དོ་སྣང་ཅི་ཙམ་འདུག

ལན། ༸གོང་ས་མཆོག་དང་བོད་ཀྱི་ནང་ཆོས་ལ་བརྩི་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག བོད་ཀྱི་ནང་ཆོས་ཟེར་ན་གཏིང་ཟབ་པོ་དང་ཚད་གཞི་མཐོ་པོ། ཚན་རིག་པ་ཚོས་དོ་སྣང་ཆེན་པོ་བྱེད་ས་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག་ལ།༸རྒྱལ་བ་རིན་པོ་ཆེ་མཆོག་འཛམ་གླིང་གང་སར་ཆིབས་བསྒྱུར་སྐྱོང་གི་ཡོད་པ་དེའི་ཐོག་ནས་ཤིན་ཏུ་རྩ་ཆེན་པོ་ཞིག་དང་དད་གུས་ཆེན་པོ་ཞུ་ཡི་འདུག མཁན་པོ་ཁ་ཤས་ཀྱིས་གསུངས་ན། ཝེ་ཊི་ནམ་ནང་བོད་ཀྱི་ནང་ཆོས་དར་ནས་ལོ་ ༢༠ ལྷག་ཕྱིན་ཡོད་པ་རེད་ཟེར་གྱི་འདུག བོད་པའི་བླ་མ་ཁ་ཤས་སྔོན་མ་ནས་ཝེ་ཊི་ནམ་ནང་ཕེབས་མྱོང་ཡོད་ས་རེད། དེ་བཞིན། ཨ་རི་དང་ཁེ་ཎ་ཌའི་བཅས་ཀྱི་ནང་ཝེ་ཊི་ནམ་གྱི་ནང་པ་ས་ཡ་ ༣ ཙམ་ཡོད་སྐོར་རྗོད་ཀྱི་འདུག ཁོང་ཚོར་ཕྱི་རྒྱལ་དུ་༸གོང་ས་མཆོག་གི་གསུང་ཆོས་ཞུ་རྒྱུའི་གོ་སྐབས་མང་པོ་ཐོབ་ཀྱི་ཡོད་སྟབས། འབྲེལ་བ་དེའི་ཐོག་ཝེ་ཊི་ནམ་ནང་༸རྒྱལ་བ་རིན་པོ་ཆེར་ཧ་ལས་པའི་བརྩི་མཐོང་དང་དད་གུས་བྱེད་ཀྱི་འདུག དེ་ཡིན་དུས་གལ་སྲིད་ཝེ་ཊི་ནམ་ནང་ཆོས་འགྲེལ་བཤད་རྒྱག་ཐུབ་མཁན་གྱི་བོད་པའི་དགེ་བཤེས་ཚད་ལྡན་ཞིག་ཡོད་ན། ཁོང་ཚོར་ཏན་ཏན་ཕན་ཐོགས་ཆེན་པོ་ཡོང་ས་རེད། ང་ཚོ་ཝེ་ཊི་ནམ་གྱི་དགོན་པ་ཁག་ལ་འགྲོ་སྐབས་ནང་པའི་སློབ་གྲྭ་རེ་ཟུང་མ་གཏོགས། ནང་ཆོས་ཐོག་བསླབ་པ་སློབ་གཉེར་གནང་སྟངས་ཐོག་བོད་པ་ནང་བཞིན་གཏིང་ཟབ་པོ་དང་ཞིབ་ཚགས་མོ་དེ་འདྲ་ཡོད་ཚོད་མི་འདུག ང་ཚོས་འབྲེལ་བ་བྱས་སྐབས་ཝེ་ཊི་ནམ་གྱི་བླ་མ་ཚོས་ཁོང་ཚོའི་ཆོས་ལུགས་དེ་བོད་པ་དང་གཅིག་པ་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག་ལ། ལྷག་པར་དུ་དགོན་པ་ཁག་གི་བླ་མ་ཚོས་ཝེ་ཊི་ནམ་གྱི་གྲྭ་པ་ཚོ་ཚུར་ངྷ་སར་སློབ་གཉེར་དུ་གཏོང་འདོད་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་༸གོང་ས་མཆོག་ཝེ་ཊི་ནམ་དུ་ཕེབས་རྒྱུར་རེ་བ་ཆེན་པོ་རྒྱག་གི་འདུག

དྲི་བ། ད་ཆར་ཝེ་ཊི་ནམ་གྱི་ཡུལ་དུ་ནང་པའི་དགོན་པ་དང་གྲྭ་བ་ག་ཚོད་འདུག་གམ།

ལན། ཝེ་ཊི་ནམ་དུ་ནང་པའི་དགོན་པ་ཧ་ཅང་མང་པོ་འདུག གྲོང་ཁྱེར་རེ་རེའི་ནང་དགོན་པ་ ༣༠༠ ནས་ ༤༠༠ བར་ཡོད་པ་མཐོང་ཐོས་བྱུང་ཡང་། དགོན་པའི་ནང་སྡོད་མཁན་གྲྭ་བ་ཉུང་ཉུང་ཞིག་ལས་མི་འདུག ང་ཚོ་འགྲོ་སའི་དགོན་པ་ཁ་ཤས་ནང་གྲྭ་པ་ ༥ ནས་ ༧། ༡༠ ཡས་མས་ཙམ་ལས་སྡོད་མཁན་མི་འདུག དགོན་པ་ཁག་གི་ཡོང་སྒོ་གཙོ་བོ་དེ་མང་ཚོགས་ཀྱི་རོགས་རམ་ལ་བརྟེན་ནས་བསྡད་ཡོད་པ་ཞིག་རེད། དེའི་ཐོག་སྲིད་གཞུང་གིས་ཀྱང་རོགས་དངུལ་གང་འཚམ་རེ་སྤྲོད་ཀྱི་ཡོད་ས་རེད། མ་གཞི། ཝེ་ཊི་ནམ་གྱི་གཞུང་དེ་དམར་ཤོག་གི་གཞུང་ཞིག་ཆགས་ཡོད་ཀྱང་། རྒྱ་ནག་གཞུང་ལྟ་བུའི་དམ་དྲག་ཆེན་པོ་དེ་འདྲ་གང་ཡང་མི་འདུག་ལ། ཝེ་ཊི་ནམ་སྲིད་གཞུང་གིས་ནང་པའི་ཆོས་ལ་ཡེ་ཤུ་དང་ཆོས་ལུགས་གཞན་པ་ལས་ལྷག་པའི་མཐོང་དང་ཆ་འཇོག་བྱེད་ཀྱི་འདུག དེ་ཚོའི་གྲས་ཡག་པོ་ཞེ་དྲག་མཐོང་སོང་། དགོན་པ་ཁག་ན་གྲྭ་བཙུན་མང་པོ་མི་འདུག་ཀྱང་། མཐོ་རིམ་སློབ་གྲྭ་ཁག་ནང་གྲྭ་བཙུན་སློབ་མ་མང་པོ་མཐོང་རྒྱུ་འདུག་ལ། ཁོང་ཚོའི་སློབ་གཉེར་དེའང་དགོན་པ་ལས་ཅུང་ཡག་པོ་འདུག་བསམ་པ་ཞིག་བྱུང་སོང་། ཝེ་ཊི་ནམ་གྱི་མི་རིགས་དེ་འདས་པོའི་ལོ་རྒྱུས་ནང་དཀའ་ངལ་མང་པོ་འཕྲད་མྱོང་མཁན་ཞིག་རེད་འདུག་ལ། རྒྱལ་ཁབ་དེ་རྒྱ་ནག་གི་བཙན་འཛུལ་འོག་ལོ་ ༡༠༠༠ ཙམ་བསྡད་ཡོད་རབས་ཤོད་ཀྱི་འདུག དེ་བཞིན་ཧྥ་རན་སིའི་འོག་ལོ་ ༡༠༠ དང་། ཨ་རིའི་འོག་ལོ་ ༣༠ བཅས་བསྡད་མྱོང་ཡོད་སྟབས། ཁོང་ཚོར་རང་བཙན་ཐོབ་སྟེ་ལོ་ ༣༠ མ་གཏོགས་ཕྱིན་ཡོད་པ་མ་རེད། དེ་ལྟར་ཡང་ཝེ་ཊི་ནམ་གྱི་མི་དམངས་ཀྱིས་དུས་ནས་དུས་སུ་རང་གི་ཆོས་ཀྱི་ཆེད་དཀའ་ལས་ཆེན་པོ་བརྒྱབ་པ་དེའི་ཐོག་ནས་ཝེ་ཊི་ནམ་ནང་ནང་ཆོས་གསོན་གནས་ཐུབ་པ་བྱུང་འདུག

 དྲི་བ། ༡༩༦༣ ལོར་ཝེ་ཊི་ནམ་ནང་ནང་པའི་དགེ་སློང་ཞིག་གིས་ཨ་རིའི་བཙན་འཛུལ་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་སྟབས། བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་གནས་སྟངས་ཐད་ཝེ་ཊི་ནམ་མི་མང་ལ་བལྟ་སྟངས་གང་འདྲ་འདུག

ལན། ཝེ་ཊི་ནམ་ནི་དམར་ཤོག་གི་ལུང་པ་ཞིག་ཆགས་ཡོད་ལ། ཐེངས་འདིར་ང་ཚོ་ཝེ་ཊི་ནམ་ལ་འགྲོ་དོན་གཙོ་བོ་ཆོས་ལུགས་ཁོ་ནའི་ཆེད་ཡིན་སྟབས། ང་ཚོས་འབྲེལ་ཡོད་རྣམ་པ་ཚོར་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་གང་ཡང་བཤད་ཡོད་པ་མ་རེད། ཉིན་ཞིག་ང་ཚོ་ཝེ་ཊི་ནམ་གྱི་གྲྭ་པ་ཞིག་གིས་མེར་བསྲེགས་བཏང་བའི་དགོན་པ་དེར་ལྟ་སྐོར་ལ་ཕྱིན་པ་ཡིན། གྲྭ་བ་དེའི་མོ་ཊ་འགྲེམས་སྟོན་ཁང་ཞིག་གི་ནང་བཞག་འདུག་ལ། ཁོང་ཚོས་སྐབས་དེའི་གནས་ཚུལ་རྣམས་རེ་རེ་བཞིན་འགྲེལ་བཤད་རྒྱག་གི་འདུག གཅིག་བྱས་ན། ཁོང་ཚོས་བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་གནས་ཚུལ་ཤེས་ཀྱི་ཡོད་ཀྱང་། ཚུར་གནས་ཚུལ་དེའི་རིགས་གླེང་སློང་གང་ཡང་མ་བྱས་སྟབས། ང་ཚོས་ཀྱང་ཕར་འགྲེལ་བཤད་རྒྱག་རྒྱུའི་གོ་སྐབས་དེ་འདྲ་བྱུང་མ་སོང་། ང་ཚོར་ཐོག་མའི་ཆར་ཆབ་སྲིད་སྐོར་འགྲེལ་བཤད་རྒྱག་རྒྱུའི་འཆར་གཞི་ཡོད་པ་མ་རེད།

དྲི་བ།  ཝེ་ཊི་ནམ་གྱི་ནང་པོ་ཆོས་པ་ཚོ་དང་མི་མང་གི་ངོས་ནས་༧གོང་ས་མཆོག་ཡུལ་དེར་ཕེབས་ཐུབ་རྒྱུར་རེ་བ་དེ་འདྲ་གནང་གི་འདུག་གམ།

ལན། ཝེ་ཊི་ནམ་སྲིད་གཞུང་གི་ཆོག་མཆན་སྤྲོད་མིན་གྱི་དཀའ་ངལ་རེད་མ་གཏོགས། ༸རྒྱལ་བ་རིན་པོ་ཆེ་ཝེ་ཊི་ནམ་ལ་ཆིབས་བསྒྱུར་བསྐྱངས་རྒྱུར་དགོན་པ་ཁག་གི་བླ་མ་མཁན་པོ་ཡིན་ན་རེད། ས་གནས་མང་ཚོགས་ཡིན་ན་རེད། སློབ་ཕྲུག་ཡིན་ན་རེད། ཚང་མས་བསམ་པ་གཅིག་མཐུན་གྱིས་རེ་བ་ཆེན་པོ་རྒྱག་གི་འདུག་ལ། ཁོང་ཚོས་མ་འོངས་པར་མུ་མཐུད་ནས་གཞུང་དང་འབྲེལ་བ་བྱས་ཏེ་ཆོག་མཆན་རག་ཐབས་ལ་འབད་བརྩོན་གནང་རྒྱུ་ཡིན་གསུང་གི་འདུག ང་ཚོའི་ངོས་ནས་ཀྱང་༸གོང་ས་མཆོག་ཝེ་ཊི་ནམ་དུ་ཕེབས་ཐུབ་རྒྱུར་རེ་བ་ཡོད་ཅེས་ཞུས་པ་ཡིན། ཝེ་ཊི་ནམ་གྱི་གཞུང་དེ་དམར་ཤོག་ཡིན་ཡང་ནང་ཆོས་ལ་གདེང་འཇོག་ཆེན་པོ་བྱེད་པ་དང་། ལྷག་པར་དུ་མང་ཚོགས་ཀྱིས་༸གོང་ས་མཆོག་ཝེ་ཊི་ནམ་ལ་ཕེབས་ཐུབ་རྒྱུར་རེ་བ་ཆེན་པོ་རྒྱག་བཞིན་ཡོད་སྟབས། གཅིག་བྱས་ན་༸གོང་ས་མཆོག་ཡུལ་དེར་ཕེབས་ཐུབ་པར་གོ་སྐབས་ཤར་སྲིད་ཀྱི་རེད།

 དྲི་བ། ཐེངས་འདིར་རིན་པོ་ཆེ་མཆོག་ཝེ་ཊི་ནམ་དུ་མཛད་འཕྲིན་བསྐྱངས་ཏེ། ཆོས་ཕྱོགས་ཀྱི་འབྲེལ་ལམ་ཞིག་འཛུགས་ཐུབ་པ་དེར་ངོས་འཛིན་གང་འདྲ་གནང་གི་ཡོད་དམ།

ལན། ༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་ཕར་བཅར་ཐུབ་བྱུང་བ་རེད། ཡུལ་དེའི་དགོན་སྡེ་ཁག་གི་སྣེ་ལེན་བྱེད་སྟངས་དང་མང་ཚོགས་ཀྱིས་ནང་ཆོས་ལ་དོ་སྣང་བྱེད་སྟངས་ཧ་ཅང་ཡག་པོ་འདུག ལྷག་པར་དུ་ཝེ་ཊི་ནམ་གྱི་ནང་པ་ཚོ་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཆེན་པོ་ཆགས་ཡོད་དུས། རང་བཞིན་གྱིས་བོད་ལུང་པ་དང་འབྲེལ་བ་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག དེའི་ཐོག་ནས་ཕན་ཚུན་བར་ཚོར་བ་མི་འདྲ་བ་ཞིག་ཡོང་གི་འདུག ད་ལོ་ང་ཚོ་ཝེ་ཊི་ནམ་ལ་འགྲོ་ཐུབ་དེའི་ཐོག་ནས་ལོ་རྗེས་མ་ནས་བཞུགས་སྒར་ངྷ་རམ་ས་ལར་གསུང་ཆོས་ཞུ་རུ་ཡོང་མཁན་ཏན་ཏན་མང་དུ་འགྲོ་སྲིད་ཀྱི་རེད། ད་ལྟའི་ཆ་ལ་སཱ་ར་མཐོ་སློབ་དང་མཚན་ཉིད་གྲྭ་ཚང་བཅས་ཀྱི་ནང་ཝེ་ཊི་ནམ་ནས་ཕེབས་པའི་སློབ་གཉེར་བ་ ༡༢ ཙམ་ཡོད་པ་རེད། ཐེངས་འདིར་ང་ཚོ་ཝེ་ཊི་ནམ་གྱི་མཁན་པོ་ཚོར་ཐུག་སྐབས། ང་རང་གིས་མཁན་པོ་ཚོར་ཝེ་ཊི་ནམ་ནས་ཚུར་ངྷ་སར་ནང་ཆོས་སློབ་གཉེར་དུ་ཕེབས་མཁན་ཚོར། རྣམ་རྒྱལ་གྲྭ་ཚང་གི་ངོས་ནས་གང་ཅིའི་ཐད་མཐུན་འགྱུར་རོགས་རམ་ཞུ་རྒྱུའི་འཆར་གཞི་ཡོད། ཝེ་ཊི་ནམ་གྱི་ཕྱོགས་ནས་ཚུར་སློབ་གཉེར་ལ་ཕེབས་མཁན་མང་པོ་བྱུང་ན། མ་འོངས་པར་ཝེ་ཊི་ནམ་ནང་བོད་ཀྱི་ནང་ཆོས་གཏིང་ཟབ་པོ་དེ་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ས་རེད་ཅེས་ཞུ་རྒྱུ་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༩ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 5

  1. ཤིང་ལོ། says:
    ལོ་ 14 སྔོན།

    ནང་བསྟན་འོད་སྣང་རིས་མེད་གླིང་ལ་ཤར།།
    ནང་བའི་དགེ་འདུན་ཕྱོགས་བཞིའི་གླིང་ན་རྒྱུ།།
    ནང་གི་རྟོགས་པས་མ་འཆུམས་ཕྱིའི་རི་མོ།།
    ནང་སེམས་འདུལ་བ་བསྟན་པའི་མཛེས་པར་སྦྲུམས།།

    Reply
  2. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    ངའི་གྲོགས་པོ་ནམ་རྒྱུན་བསམ་པ་ཆེན་པོ་ཡོད་མོད་ དེ་རིང་སེམས་པ་ཧ་ཅང་ཆུང་འདུག་ཀ་ ཨ་ལ་ཀུ་རེ་ཡིན་ཐེགས་ཤིག་བཀླགས་ཡིན་

    Reply
  3. གཅན་དཔལ་ལྡན། says:
    ལོ་ 14 སྔོན།

    གསར་འགོད་པའི་གསལ་བཤད། དྲ་གྲོགས་ཚོས་མཆན་འཇོག་སྐབས་ཡིད་གཟབ་གནང་རོགས། ཐེངས་འདིར་ཁྲོམ་ཐོག་རིན་པོ་ཆེ་༸གོང་ས་མཆོག་གི་བཀའ་མངགས་ལྟར། ཝེ་ཊི་ནམ་དུ་ཕེབས་སྐབས། མང་ཚོགས་ཀྱི་འབུལ་བ་གཅིག་ཀྱང་བཞེས་ཡོད་ས་མ་རེད། (དང་ལེན་བྱས་མེད) དེ་དྲན་གསོའི་ཚུལ་དུ་ཡིན། དོན་མེད་ལ་ཉེས་པ་མ་གསག་རོགས། མ་གཞི། རིན་པོ་ཆེ་འདི་ཚང་ལ་བོད་ནང་ན་དྭ་ཕྲུག་དང་སློབ་གྲྭ་སོགས་མང་པོ་འདུག ཁོང་སྒོར་མོར་དགའ་མཁན་བླ་མ་དེའི་རིགས་མ་རེད།། ཐུགས་རྗེ་ཆེ།

    Reply
  4. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ཁྲོམ་ཐོག་སྤྲུལ་སྐུས་མི་མང་ཁྲི་དང་ལྔ་སྟོང་ཟེར་བ་ཅུང་ཞིག་མར་བཅག་རྒྱུ་ཡོད་ཤས་ཆེ་སྟེ། ཝི་ཏི་ནམ་ནས་ཕེབས་པའི་སྐུ་ཞོག་ཅིག་གིས་གྲངས་མང་པོ་དེ་ལྟར་འདུག་གསུང་གིན་མི་འདུག ཡོད་པ་ལ་མེད་པ་དང་མེད་པ་ལ་ཡོད་པར་གསུང་དགོས་མེད་དོ། །

    Reply
  5. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ད་ལྟའི་ཆར་བོད་ཆོས་གསར་པ་དར་མགོ་ཟུག་པ་ཡིན་ཙང་ཨ་གསར་དང་དྭངས་འདོད་ཆེན་པོ་བྱེད་ཀྱི་ཡོད་པ་མཐོང་ཐོས་ཡོད། ཡིན་ན་ཡང་། གཟབ་གཟབ་མ་བྱས་ན་ཡང་བྱུར་མ་དེ་ཚོ་ཇེ་མང་ནས་ཇེ་མང་འགྲོ་བསྐྱོད་བྱེད། ཡུན་ཅུང་རིང་ཙམ་སོང་ན་ཞབས་འདྲེན་ཁོ་ན་དང་དངུལ་མ་གཏོག་བསམ་རྒྱུ་དྲན་རྒྱུ་མེད་པ་དེ་ཚོས། ཝི་དི་ནམ་གྱི་དད་ལྡན་མང་ཚོགས་ཚོ་ལ་ཡང་དག་པའི་ཆོས་ཀྱི་སློབ་སྦྱོང་དང་། གོ་རྟོགས་རྣལ་མ་སྤྲད་རྒྱུའི་ཚབ་ཏུ། ངས་གཅིག་རྟེན་བཞེངས་བྱེད་ཀྱི་ཡོད། ངས་གཉིས་གཉིས་ཀྱི་རྟེན་བཞེངས་བྱེད་ཡོད། དེ་ལ་འགྲོ་སོང་ཅིག་ཅིག་འགྲོ་འདུག མ་མ་འགྲོ་གི་འདུག ལྷ་དེ་དེ་བཞེང་ན་བསོད་ནམས་ཡོད་རབས། ཚོགས་བསགས་རབས། དབང་འདི་ཞུས་ན་ཕན་ཡོན་ཆེ་རབས་སོགས་གླེང་ནས། དོན་དུ་དད་དངུལ་བསྡུ་བའི་ཇུས་གཞི་ཁོ་ན་འདིང་སྡོད་པ་ཡིན་ན། ཐེང་ཞིག་བོད་ཀྱི་གྲྭ་པ་དང་བླ་མ་ཞེས་ལབ་དུས་ཞེ་ལོག་འདུག་པ་ཞིག་ཡོང་བ་ཐག་གི་ཆོད། དེས་ན་དངུལ་གཅིག་པུ་གི་ཐུགས་བསམ་གཏན་ནས་མ་བཞེས་པའི་ཐོག་ནས་སློབ་པ་སློབ་ཁྲིད་ཚད་དང་ལྡན་པ་ལས། སྲིད་ཀྱི་ཕབ་རྩི་གཏན་ནས་མ་འདྲེས་པའི་ལམ་ཁ་ལ་ཁྲིད་མ་ཐུབ་ཚེ་ཆོས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་ཀྱི་འགྲེལ་པ་འདི་ཡང་སྦྲ་བུའི་སྦྲང་རྩི་དང་ཕྱོགས་ཀུན་ནས་མཚུངས་པར་སེམས། ཝི་དི་ནམ་ལ་ཆོས་ལུགས་བཞིའི་བླ་གྲྭ་སུ་དང་སུ་ལྟ་བུ་ཕེབས་ཚད་ཀྱིས་གཟབ་གཟབ་གནང་རོག་ཞེས་ཡང་ཡང་འབོད་བསྐུལ་ཞུ་གི་ཡོད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese