མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འབར་མའི་འོས་བསྡུ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་འབར་མའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱས་ཡོད་པ་དང་། རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་དང་གསར་འགོད་པ་བརྒྱ་ཕྲག་རང་དབང་ཐོག་ཡོང་བཅུག་འདུག

ཁ་སང་ཕྱི་ཚེས་ ༡ ཉིན་འབར་མའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུ་བྱས་ཡོད་ཅིང་། སྐབས་དེར་རྒྱལ་སྤྱིའི་རྟོག་ཞིབ་མི་སྣ་བསླེབས་ཡོད་པ་མ་ཟད།རང་དབང་ཐོག་གསར་འགོད་པ་བརྒྱ་ཕྲག་བཏང་ཡོད་པ་དག་གིས་བརྙན་འཕྲིན་དང་དྲ་རྒྱ་སོགས་བརྒྱུད་འབར་མའི་འོས་བསྡུའི་སྐོར་གྱི་གནས་ཚུལ་སྤེལ་ཐུབ་ཡོད། ཐེངས་འདིའི་འོས་འདེམས་ཁྲོད་གྲོས་ཚོགས་འཐུས་མི་ ༤༥ ཙམ་གདམ་དགོས་ཀྱི་ཡོད་པ་དང་། དེར་ཆབ་སྲིད་ཚོགས་པ་ ༡༧ གྱི་འོས་མི་འགྲན་ཞུགས་བྱས་ཡོད་འདུག

ཐེངས་འདིའི་འོས་བསྡུའི་ཐད་འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨུང་སན་སུའུ་ཀེ་ཡིས་ “དམངས་གཙོའི་འོས་བསྡུ་འདི་མི་མང་གི་རྒྱལ་ཁའི་ཕྱོགས་ནས་བཤད་ན་དེ་འདྲ་རྒྱལ་ཁ་ཆེན་པོ་ཞིག་མིན་ཡང་། འཕོ་འགྱུར་གྱི་དུས་རབས་གསར་པ་ཞིག་གི་མགོ་ཚུགས་པའི་རེ་བ་བྱེད་ཀྱི་ཡོད། ”ཅེས་བརྗོད་འདུག གཟའ་ཉི་མའི་ཉིན་གྱི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་གྲུབ་འབྲས་བདུན་ཕྲག་འདིའི་མཇུག་ཏུ་གཞུང་འབྲེལ་ཁྱབ་བསྒྲགས་བྱ་འཆར་ཡིན་འདུག་ལ། དམངས་གཙོ་ཚོགས་པས་ཐེངས་འདིའི་འོས་བསྡུའི་ཁྲོད་འཐུས་མི་ ༤༤ ཁོང་ཚོར་ཐོབ་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

ཐེངས་འདིའི་འོས་བསྡུ་ལས་འཐུས་མི་ ༤༤ དམངས་གཙོ་ཚོགས་པར་ཐོབ་ཀྱང་། གྲོས་ཚོགས་འཐུས་མིའི་བརྒྱ་ཆ་ ༨༠ ད་དུང་དམག་མི་དང་ཁོང་ཚོའི་ཤོག་གཏོགས་པས་བཟུང་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

མཆན། 4

  1. ཤིང་ལོ། says:
    ལོ་ 11 སྔོན།

    བོད་དྲག་པོའི་འོག་ནས་འབར་དུས་སུ།།
    ཡུལ་འབར་མའི་རླུང་རྟ་འབར་གྱི་འདུག།
    ལྕམ་ཨང་སུན་རེ་བ་རྒྱས་དུས་སུ།།
    ལྕམ་ཆོས་དབྱིངས་བསྒྲགས་གཏམ་སླེབས་ཀྱི་འདུག།

    Reply
  2. གླག་སྨྱོན། says:
    ལོ་ 11 སྔོན།

    འབར་མའི་འོས་འཔེན་འདི་ལ་ང་ཚོས་རེ་བ་ཞིག་རྒྱག་དགོས། འདི་ལམ་སློང་ཡག་པོ་ཞིག་ཡོང་ནས་དམངས་གཙོའི་ལམ་དུ་སྐྱོད་ཐུབ་ན་ཨེ་ཤུ་ཡའི་ནང་དུ་ཤུགས་རྐྱེན་ཆེན་པོ་ཞིག་ཡོང་སྲིད་པ་རེད། དེ་ཡོང་ན་རྒྱ་ནག་ཅུང་སྒུལ་བཅོག་ཞིག་མ་རྒྱག་རང་རྒྱག་རེད་སྙམ།

    Reply
  3. རྟ་མགྲིན། says:
    ལོ་ 11 སྔོན།

    རྟེན་འབྲེལ་ཞུ། ཉེ་ལམ་རྒྱ་ནག་དམར་ཤོག་ཚོགས་པ་ནང་ཁུལ་རུལ་སུང་དང་དབང་ཆའི་འཐབ་རྩོད་ཀྱི་རྣོ་ངར་ཆེ་བའི་སྐབས་འདིར་ལྷོ་ཤར་ཨེ་ཤ་ཡའི་ནང་དམར་ཤོག་གཅིག་གི་ཇེ་ཉུང་དུ་ཕྱིན་པ་རེད། མི་རིང་བར་བྱང་ཀོ་རི་ཡ་དང་། ར་ཤི་ཡ་གཉིས་ཀྱང་དམངས་གཙོར་འགྱུར་བའི་སྨོན་ལམ། འདིའི་ནང་བཀྲ་ཤིས་པའི་གནད་དོན་གཉིས་འདུས་ཡོད། གཅིག་འབར་མ་དེ་བཞིན་ནང་བ་ཡིན་ཞིང་ད་ནས་ནང་པ་ཚོས་མགོ་འཕང་མཐོན་པོར་འཇོག་ཐུབ། གཉིས་པ་དེ་ཆབ་སྲིད་ཡིན་ཞིང་རྒྱ་ནག་གིས་ཐེ་བྱུས་ལས་ཨ་རིའི་ཐེ་བྱུས་མང་དུ་འགྲོ་རྒྱུ་རེད།

    Reply
  4. ཆོས་བཟང་། says:
    ལོ་ 11 སྔོན།

    འབར་མའི་རང་དབང་གི་གོམ་སྟབས་གསར་བ་འདིས་རྒྱ་ནག་དང་བྱང་ཀོ་རི་ཡ་སོགས་དམག་ཤུགས་དང་སྒེར་གཅོད་ཀྱིས་དྲང་བདེན་མིན་པའི་རྒྱལ་ཁབ་དག་ལ་བརྡའ་ལན་གསར་བ་ཞིག་བསྐྱལ་ཡོད་ འདིས་ནི་དྲང་བདེན་དང་དམངས་གཙོའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་བྱེད་པའི་དཔའ་བོ་དཔའ་མོ་དག་གི་དམིགས་འདུན་ནི་སུས་ཀྱང་འགོག་མི་ཐུབ་པའི་དན་རྟགས་ཞིག་ཀྱང་མཚོན་ཡོད་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist