མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ ༥ ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp
རྒྱ་གཞུང་གིས་ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་སྐབས་འཛིན་བཟུང་བྱས་པའི་བསམ་འགྲུབ་རྒྱ་མཚོ་ལགས་ལ་ལོ་ལྔའི་ཁྲིམས་ཐག་བཅད་འདུག
ལྷ་ས་གནས་སྡོད་བསྟན་པ་དར་རྒྱས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས། ༢༠༡༠ ལོར་ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་མཁན་བསམ་འགྲུབ་རྒྱ་མཚོ་ལགས་ཀྱི་ནང་མིར་ལྷ་སའི་གྲྭ་བཞི་བཙོན་ཁང་གིས་བརྡ་ཡིག་ཅིག་འབྱོར་བའི་ནང་ཁོང་ལ་ལོ་ ༥ ཁྲིམས་ཐག་བཅད་ཡོད་པའི་པའི་སྐོར་བཀོད་འདུག དེ་ནི་བསམ་འགྲུབ་རྒྱ་མཚོ་ལགས་ཀྱིས།  ༢༠༡༠ ལོའི་ཕྱི་ཟླ་ ༥ བའི་ཚེས་ ༢ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༣ དང་སྐར་མ་ ༢༠ ཡས་མས་སུ་ལྷ་སའི་ལྷ་ལྡན་གཙུག་ལག་ཁང་གི་མདུན་ཐང་དུ་ལག་ལ་རྒྱ་དར་འཕྱར་བ་དང་རྒྱབ་ལ་རྒྱ་དར་ཆེན་པོ་ཞིག་འཁུར་ཏེ་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་དང་།པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མྱུར་ཏུ་གློད་གྲོལ་གཏོང་དགོས། རྒྱ་ནག་གིས་ཡུལ་ཤུལ་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་བྱུང་ཡུལ་དུ་བོད་མི་ཚོ་ས་གནས་ས་ཐོག་ཏུ་ངོ་བསྐྱོད་ཀྱིས་རོགས་རམ་བྱེད་དུ་འཇུག་དགོས་ཞེས་དུས་ཡུན་སྐར་མ་ ༥ རིང་ངོ་རྒོལ་སྐད་འབོད་བྱས་སྐབས། ཉེན་རྟོག་མི་སྣ་ ༧ ལྷག་འབྱོར་ཏེ་ཁོང་འཛིན་བཙན་འཁྲིད་བྱས་ཡོད་པ་ལྟར། ལོ་སྔོན་མའི་ལོ་མཇུག་ཏུ་ཁོང་གི་ཨ་མ་དང་ནང་མི་གཉེན་འབྲེལ་འགའ་ལྷ་སར་ཁོང་ལ་ཐུག་འཕྲད་བྱེད་ཆེད་ཐེངས་གཉིས་ཕྱིན་ཀྱང་། ལྷ་སའི་ཉེན་རྟོག་མི་སྣས་ཐུག་འཕྲད་བྱེད་བཅུག་མེད་པར་མ་ཟད། ཉེ་ལམ་ལྷ་སའི་གྲྭ་བཞི་བཙོན་ཁང་གིས་ཁོང་གི་ནང་མིར་བརྡ་ཡིག་ཅིག་བཏང་ཡོད་པའི་ནང་། བསམ་འགྲུབ་རྒྱ་མཚོ་ལགས་ལ་ལོ་ ༥ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་སྐོར་བཀོད་ཡོད་འདུག
རང་ལོ་ ༢༨ ཡིན་པའི་བསམ་འགྲུབ་རྒྱ་མཚོ་ལགས་ནི། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་གསེར་ཐང་གྲོང་རྡལ་ནས་སྐྱེས་ཤིང། ༡༩༩༦ ལོར་མདའ་བཞི་རྫོང་ལཱ་མོ་ཞབས་དྲུང་སྒར་ཐོག་དགོན་དུ་ཞུགས་ཏེ་ལོ་ ༤ རིང་སློབ་གཉེར་གནང་ཡོད། ༢༠༠༧ ལོའི་ཕྱི་ཟླ་ ༡༡ པའི་ནང་བཙན་བྱོལ་ཏུ་འབྱོར་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་ ༡  མ་ཟིན་ཙམ་དུ་སློབ་གཉེར་གནང་འདུག་ལ། ༢༠༠༩ ལོའི་ཕྱི་ཟླ་ ༣ པའི་ནང་ཕྱིར་རང་ཡུལ་ཏུ་ལོག་སྐབས་རྒྱ་གཞུང་གིས་རྒྱ་གར་ནང་གནས་སྡོད་བྱས་པ་དང་༧གོང་ས་མཆོག་གི་བཀའ་སློབ་ཀྱི་དཔེ་ཆ་བོད་ནང་ཁུར་ཡོང་བའི་ཉེས་མིང་འོག་ཟླ་ ༧ རིང་གྲྭ་བཞི་བཙོན་དུ་དུས་བཀག་བཙོན་འཇུག་བྱས་འདུག  ཀློད་གྲོལ་བཏང་སྟེ་མདའ་བཞི་རྫོང་དུ་ལོག་ཡོད་ཀྱང་ས་གནས་སུ་ཉིན་ ༣ རིང་བཀག་ཉར་འདྲི་གཅོད་བྱས་ཡོད་པ་མ་ཟད། ཁོང་ལ་རྒྱ་སྒོར་ཁྲི་ ༡ ལྷག་གི་ཉེས་ཆད་བཅད་དེ་དམ་དྲག་སྟངས་འཛིན་འོག་གནས་དགོས་བྱུང་ཡོད་ཀྱང་། ཁོང་གིས་རྒྱ་གར་དུ་ཡོད་པའི་ནུ་བོ་བསྟན་པ་དར་རྒྱས་འབྲེལ་བ་བྱས་ཏེ་༸གོང་ས་མཆོག་གི་བཀའ་སློབ་ཁག་བཀྲམས་ཡོད་པ་མ་ཟད། ཟོག་ལུག་ཚེ་ཐར་གཏོང་རྒྱུ་དང་པཎ་ཆེན་ཆུ་སྲིད་རིན་པོ་ཆེ་ཀློད་གྲོལ་ཆེད་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་སོགས་སྤེལ་ཡོད་འདུག  
 
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༢༡ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 4

  1. ཤིང་ལོ། says:
    ལོ་ 14 སྔོན།

    ལོ་ལྔའི་དུས་ཡུན་ནང་བོད་ལ་དངོས་ཡོད་ཀྱི་འཕོ་འགྱུར་བྱུང་སྟེ་སྐུ་ཉིད་ལ་བོད་གཞུང་དམངས་གཉིས་ནས་འཚམས་འདྲི་བྱེད་ཐུབ་ངེས་རེད། དུས་ཡུན་ནང་སྡུག་བསྔལ་ཡང་བར་ཤོག

    Reply
  2. tsetrin says:
    ལོ་ 14 སྔོན།

    གསར་འགོད་པ་ལགས་གོང་གི་གུས་པས་ཞུས་པ་ལ་དོ་སྣང་གི་ཡག་པོ་བཟོ་འདུག ཡང་ཞུས་རྒྱུ་ཞིག་ལ་གོང་གི་ཟླ་ ༧ རིང་གྲྭ་བཞི་བཙོན་ཁང་དུ་དུས་བཀག་བཙོན་འཇུག་བྱས་འདུག་ཞེས་བ་འདི་ཡང་དོན་དངོས་མ་རེད་གྲྭ་བཞི་བཙོན་ཁང་ཟེར་བ་དེ་ཁྲིམས་ཐག་བཅད་ཚར་བའི་རྗེས་ནས་བཙོན་འཇུག་བྱེད་ས་ཞིག་ཡིན་པ་ལས་བཀག་གཉེར་བྱེད་ས་ཞིག་མ་རེད། རེ་བ་ལ་ད་དུང་ཁྱེད་ཀྱི་འབྲེལ་ཡོད་གྲ་བཞི་བཙོན་ཁང་ནང་དངོས་སུ་བཞུགས་མྱོང་ཡོད་པ་ཞིག་ལ་བཀའ་འདྲི་ཞུས་ན་གསལ་བོ་མཁྱེན་གྱི་རེད་བསམ། དགོངས་དག་ངས་ཁྱེད་རྣམ་པ་ལ་དགག་པ་བྱས་བ་མིན་བློ་དཀར་ཞིག་གི་འདི་ལྟར་ཞུས་དགོས་བྱུང།

    Reply
  3. tsetrin says:
    ལོ་ 14 སྔོན།

    དེ་བཞིན་༢༠༠༥ ནས་བཟུང་བོད་ཀྱི་ཆབ་བཙོན་ཚང་མ་ཆུ་ཤུར་བཙོན་ཁང་ཏུ་འཇུག་བཞིན་ཡོད་པ་ལས་དེ་སྔོན་ལྟར་གྲྭ་བཞི་བཙོན་ཁང་ཏུ་འཇུག་གི་ཡོད་པ་མ་རེད་ཟེར།

    Reply
  4. འབྲི་གུང་སྤྲོ་ཚེ། says:
    ལོ་ 14 སྔོན།

    ངོ་མ་རྒྱ་དམར་གྱིས་ཅི་བྱས་བྱས་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese