མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་གྲོས་ཆོད།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ཨ་རིའི་གྲོས་ཚོཊ་གོང་མས་བོད་ནང་རང་ལུས་མེར་བསྲེཊ་ཀྱི་ཛ་དྲག་གནས་ཚུལ་འབྱུང་བཞིན་པའི་ཐད་གྲོས་ཆོད་ཁག་དྲུག་བཞག་འདུག

བོད་ནང་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་གཏོང་བཞིན་པའི་ཛ་དྲག་གནས་སྟངས་ཐད། ཉེ་ལམ་ཨ་རིའི་གྲོས་ཚོགས་གོང་མའི་ (Senate) ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་དོན་ཚན་ཁག་ ༦ བཞག་ཡོད་འདུག་ཅིང་། དེ་དག་ནི། དང་པོ།  བོད་ནང་རང་ལུས་མེར་སྲེག་གཏོང་བཞིན་པའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་གུས་འདུད་ཞུ་རྒྱུ་དང་།རྒྱ་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་སྲིད་བྱུས་བསྟུད་མར་སྤེལ་བཞིན་པར་སེམས་འཚབ་ཡོད་པ། གཉིས་པ། རྒྱ་གཞུང་གིས་བོད་མིའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་དམ་བསྒྲགས་དང་ཐེ་བྱུས་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་གིས། བོད་ཀྱི་ས་ཁུལ་ཁག་གི་ཆོས་དང་བདེ་འཇགས་སྲིད་བྱུས་ལ་བསྐྱར་ཞིབ་བྱས་ཏེ། ༸ཏཱ་ལའི་བླ་མ་མཆོག་དང་གྲོས་མོལ་བསྐྱར་གསོ་གནང་དགོས། གསུམ་པ། རྒྱ་གཞུང་གི་བཙོན་ཁང་དུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་རྒྱུ་དང་། ཞི་རྒོལ་ནང་ཞུགས་མཁན་བོད་མི་ཚོར་འཇིགས་སྐུལ་དང་སུན་གཙེར་བཟོ་རྒྱུར་མཚམས་འཇོག་བྱས་ཏེ། ཆ་རྐྱེན་གང་ཡང་མེད་པར་བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང་གཞུང་འབྲེལ་མི་སྣ། ཕྱི་རྒྱལ་སྐུ་ཚབ། རྒྱལ་སྤྱིའི་ཚོགས་པ་ཁག་གི་འཐུས་མི་བཅས་ཡོང་དུ་འཇུག་དགོས་རྒྱུ།

བཞི་བ། ༸ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་སྐུ་དབང་ཡོངས་རྫོགས་མི་མང་གིས་བདམས་པའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་སྟེ། ད་ཆར་བོད་མི་རྣམས་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་ཤར་སྐྱོད་བཞིན་པའི་མཛད་རྗེས་ལ་བསྔགས་བརྗོད་བྱ་རྒྱུ། ལྔ་པ། ༢༠༡༡ ཟླ་ ༣ ཚེས་ ༢༠ཉིན་བོད་མི་བཙན་བྱོལ་བ་ཚོས་དྲང་བདེན་དང་རྒྱལ་སྤྱིའི་གནས་བབ་ལྡན་པའི་མང་གཙོའི་འོས་ཤོག་འཕེན་རྒྱུའི་ལས་འགུལ་ཐོག་མཉམ་ཞུགས་གནང་བར་བསྔགས་བརྗོད་ཞུ་རྒྱུ།  དྲུག་པ། བོད་མི་དམངས་དང་ཨ་རིའི་མི་དམངས་བར་གྱི་མཛའ་བརྩེའི་འབྲེལ་ལམ་སྔར་ལས་སྲ༌བརྟན་གོང་འཕེལ་གཏོང་རྒྱུ་བཅས་ཡིན་འདུག

གསར་འགོད་པ། དཔལ་ལྡན།
 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༢༠ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 6

  1. ཤིང་ལོ། says:
    ལོ་ 14 སྔོན།

    གོང་ཞུས་དེ་དག་ཐམས་ཅད་ཕྱག་ལེན་ལ་ཐེབས་པར་ཅི་ནས་ཀྱང་བཀའ་དྲིན་སྐྱོང་བར་ཞུ།

    Reply
  2. རྨེ་བ་འཇམ་དཔལ་ནོ་བུ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོས་གངས་ཟླའི་སྐད་ཆ་དེར་བགྲོ་གླེང་ཞིག་བྱས་ན་ཅི་འདྲ་འདུག ངས་ནི་འདི་ལ་དགེ་མཚན་ཆེ་བར་མཐོང་གི་འདུག

    Reply
  3. གངས་ཟླ། says:
    ལོ་ 14 སྔོན།

    བོད་དོན་ཐད་གྲོས་ཆོད་འདི་འདྲ་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་སོང་། སྤྱིར་བཤད་ན་ཨ་རི་ནི་འཛམ་གླིང་ནང་ཆེས་སྟོབས་ཆེན་རྒྱལ་ཁབ་ཞིག་ཡིན་པས། ཉམས་ཆུང་གི་མི་རིགས་ཁག་གིས་ཀྱང་ཨ་རི་ལྟ་བུའི་རྒྱལ་ཁབ་ཆེན་པོ་དག་ལ་རེ་བ་ཆེན་པོ་བཞག་ཡོད་པ་རེད།དེང་སང་རང་ལུས་མེར་བསྲེགས་ཀྱི་ཐད་ནས་གསར་ལམ་ཁག་ཏུ་ཧ་ཅང་བཟང་དང་ངན་གྱི་སྐད་ཆ་རྒྱུ་མཚན་ཡོད་མེད་སྣ་ཚོགས་ཤིག་བཤད་ཀྱིན་འདུག རྒྱ་ནག་ཕྱོགས་ནས་མཐའ་གཅིག་ཏུ་དོན་རྐྱེན་འདི་ཏཱ་ལའི་བླ་མར་འབྲེལ་བ་ཡོད་རབས་དང་། འདི་ནང་ཆོས་ཀྱི་དགོངས་དོན་དང་འགལ་ཡོད་རབས་ཀྱི་སྐད་ཆ་ཁུངས་མེད་ལུང་མེད་སྣ་ཚོགས་ཤིག་ཅི་འདོད་དུ་གསར་ལམ་ཁག་ཏུ་སྤེལ་བཞིན་པ་དང་། ཉེ་བའི་ཆར་མཚོ་སྔོན་བརྙན་འཕྲིན་ཁང་གིས་ཀྱང་དེང་བོད་ཁུལ་གྱི་གྲྭ་བཙུན་འགའ་ཞིག་གིས་འཆམ་མཐུན་གྱི་སྤྱི་ཚོགས་ལ་གཏོར་བརླག་བྱེད་ཀྱིན་འདུག་རབས་ཀྱི་སྐད་ཆ་ནང་ཆོས་ཀྱི་དགོངས་དོན་དང་མཐའ་གཅིག་ཏུ་རྒྱབ་འགལ་དུ་སོང་ཡོད་པ་ཞིག་ནང་ཆོས་ཀྱི་དགོངས་དོན་དུ་སྨྲ་བཞིན་མགོ་བོ་འཁོར་ནས་ཡོད་པའི་སྐབས་རེད། དེ་ནི་དོན་དངོས་ཀྱི་བདེན་པ་དེའི་ཆེད་དུ་སྐུ་ལུས་མཆོད་མེད་སྒྲོན་གྱིན་ཡོད་དཔའ་བོ་དཔའ་མོ་སྐོར་ཞིག་གི་ཕྱག་ལས་གནང་སྟངས་རྒྱ་དམར་གཞུང་གི་སྣང་བར་མ་སོང་བ་རེད། སྐད་ཆ་དེ་དག་ཡི་གེར་འབྲི་མཁན་ནི་མགོ་ལོག་ཁུལ་གྱི་བླ་མ་ཞིག་བྲིས་པ་ཡིན་རབས་ཤིག་བརྙན་འཕྲིན་ཁང་རང་གི་གསར་འགྱུར་སྒྲོག་འདོན་བྱེད་མཁན་དག་གིས་བཤད་ཀྱིན་འདུག་ལ། བོད་ཁུལ་གྱི་རོང་འབྲོག་མང་ཚོགས་མགོ་རྨོངས་མི་ཉན་རབས་ཀྱི་སློབས་གསོ་འཇིགས་སུ་རུང་བ་ཞིག་སྤེལ་གྱིན་འདུག་པས། ང་ཚོས་སློབ་གསོ་འདི་དག་གི་ཁ་གཏད་དུ་བོད་ཕྱི་ཕྱོགས་ཀྱི་གསར་ལམ་ཁག་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་སོགས་གཙོ་བྱས་ནས་རླུང་འཕྲིན་དང་བརྙན་འཕྲིན་གྱི་གསར་ལམ་ཁག་ནས་བོད་ནང་གི་རོང་འབྲོག་མང་ཚོགས་ཚོར་ཡང་ཁྱེད་ཅག་མགོ་མི་རྨོངས་བར་བོད་ཕྱི་ཕྱོགས་ཀྱི་གསར་ལམ་ཁག་ལ་ཉན་ཅི་ཐུབ་ཀྱི་སྐུལ་མ་དང་། གསར་ལམ་ཁག་གིས་ཀྱང་བོད་ནང་གི་ཁུངས་མེད་ལུང་མེད་ཀྱི་སྐད་ཆ་རོང་འབྲོག་མང་ཚོགས་ཀྱི་མགོ་བོ་རྨོངས་སུ་འཇུག་བྱེད་ཀྱི་གསར་འགྱུར་རྫུན་མ་དག་གི་ཁ་གཏད་དུ་ལས་འགུལ་གསར་བ་ཞིག་གྲ་སྒྲིག་བྱེད་ཐུབ་ན་དགེ་མཚན་ཧ་ཅང་ཆེ་བར་འདོད། སྐད་ཆ་འདི་ནི་ཆེད་དུ་བོད་ཕྱི་ཕྱོགས་ཀྱི་གསར་ལམ་ཁག་ཏུ་ཕྱག་ལས་གནང་མཁན་ཚོར་གསལ་འདེབས་ཤིག་གི་ཚུལ་དུ་གངས་ཟླས་བྲིས་པ་ཡིན།

    Reply
  4. ཤག་སྒང་པ། says:
    ལོ་ 14 སྔོན།

    མེ་མཆོད་སོ་གཅིག་གི་མཚམས་སུ་འདི་ལྟར་གཞུང་འབྲེལ་བཀའ་བསྡུར་གནང་བར་ཐུགས་རྗེ་ཆེ།

    དྲུག་པ་མཛའ་འབྲེལ་ཆེད་སླར་ཡང་བོད་མི་ཆིག་སྟོང་ཞིག་གཞིས་ཆགས་སུ་བླང་རོག

    Reply
  5. གངས་སྨྱུག says:
    ལོ་ 14 སྔོན།

    བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོར་སྐོར་གྲོས་ཆོད་འཇོག་ཕོད་མི་འདུག གོང་ས་མཆོག་དང་ཆོས་དད་རང་མོས་གཅིག་པུས་བོད་མི་རིགས་ཀྱི་རྩ་དོན་དང་བདེན་འཇག་སོགས་ལ་མི་འགྲིགས་པར་སེམས།

    Reply
  6. མིག says:
    ལོ་ 14 སྔོན།

    གྲོས་ཆོད་དེའི་ནང་སྙིང་དང་ལས་འགུལ་བའི་གནས་སྐབས་ཀྱི་བསམ་འདུན་གཉིས་མཐུན་ཡོད་ནའང་གྲོས་ཆོད་དེ་ཤོག་བུའི་སྟེང་གི་ཡི་གེ་ཙམ་ཏུ་མི་འགྱུར་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese