མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རླུང་ཁྲོད་ཀྱི་མར་མེ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

འཇམ་དཔལ་གྱི་རང་སྲེག་ལས་འགུལ་དེ་༸གོང་ས་མཆོག་གིས་བརྒྱུད་སྐུལ་གནང་ཚུལ་བརྗོད་པ་ནི་རྒྱུ་མཚན་བྲལ་བའི་སྨྱོ་གཏམ་ཞིག་རེད།

 ཨ་མ་ཐི་ཝ། སན་ཡལ་གྱིས་བརྩམས།                    སྐྱིད་བྱམས་བསྟན་འཛིན་དགའ་བས་བསྒྱུར།

ཕྱོགས་ཐམས་ཅད་ནས་འཇམ་དཔལ་ཡེ་ཤེས་ནི་མི་དཀྱུས་མ་ཞིག་རེད། ཁོང་གི་པ་ལགས་བོད་ཤར་ཕྱོགས་སི་ཁྲོན་ཞིང་ཆེན་ཁོངས་ཀྱི་ཞིང་པ་ཞིག་ཡིན་པ་དང་། ཁོང་གཤེགས་དུས་འཇམ་དཔལ་ཡེ་ཤེས་དགུང་ལོ་ཆུང་ཆུང་ཡིན་པ་རེད།   འཇམ་དཔལ་ཡེ་ཤེས་ཀྱིས་རང་ལོ་ཉི་ཤུ་རྩ་གཉིས་ཐོག་ཨ་མའི་ཐུགས་འདོད་ལྟར་དངུལ་ཅུང་ཟད་ཡོད་པ་དག་རྒྱ་མའི་ལས་བྱེད་ལ་ལྐོག་རྔན་སྤྲད་དེ། སྤུན་མཆེད་བུ་གསུམ་དང་བུ་མོ་གཅིག་ཡོད་པ་དག་ཤུལ་དུ་བསྐྱུར་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བ་རེད། 

རྒྱ་གར་དུ་སླེབས་རྗེས་ཁོང་གིས་ལོ་ངོ་བཞིའི་རིང་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་བྱས་ཤིང་། དེ་རྗེས་ལྡི་ལིར་ཡོང་ནས་པི་ཏམ་པུ་རའི་སློབ་གཉེར་ཁང་དུ་གློག་ཀླད་ཐོག་སྦྱོང་བརྡར་གནང་བ་རེད། རང་ལོ་ཉི་ཤུ་རྩ་བདུན་ལ་སླེབས་པའི་འཇམ་དཔལ་ཡེ་ཤེས་ལགས་ཉེ་བའི་ཟླ་ཤས་ནང་ལྡི་ལིའི་ནུབ་ཕྱོགས་སུ་གནས་པའི་བོད་མའི་གཞིས་ཆགས་མ་ཇུ་ཀྲི་ལིའི་ནང་འཚོ་གནས་བྱེད་ཀྱི་ཡོད་པ་དང་།  དེ་གར་ཁོང་གིས་བོད་ནས་གསར་དུ་འབྱོར་བའི་བོད་རིགས་སྤུན་ཟླ་ཚོར་སྐད་སྒྱུར་དང་ལམ་སྟོན་སོགས་བྱེད་ཀྱི་ཡོད།   

 ཁོང་གི་གྲོགས་པོ་དང་སྤུན་མཆེད་ཚོས་དྲན་པ་ལྟར་ན་ཁོང་རྒྱུན་པར་དེབ་གཅིག་པུར་མགོ་འཁོར་ནས་སྡོད་མཁན་ཞིག་ཡིན་སྟབས། བོད་ཀྱི་ནང་ཆོས་དང་རྒྱལ་རབས་ཐོག་ཁོང་གིས་རོགས་པ་ཚོ་ལས་འགྲེལ་བཤད་ཟབ་པ་སྐྱོན་རྒྱུ་ཡོད་པ་རེད་ཟེར།  ད་དུང་ཁོ་ཚོས་བརྗོད་རྒྱུར་འཇལ་དཔལ་ཡེ་ཤེས་ལགས་གལ་སྲིད་རྩམ་པ་དང་ཀྲེང་མོག་ཟ་རྒྱུ་མེད་ན་ལྟད་མོ་དང་གཞས་སོགས་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མ་རེད་ལ། ཁོང་གིས་དགའ་མོས་ཆེ་ཤོས་བྱ་ཡུལ་ནི་གྲོགས་པོ་ཚོའི་སྣང་བརྙན་རི་མོའི་ལམ་ནས་འབྲི་རྒྱུ་དང་། རྒྱུས་མངའ་ལྡན་པའི་ནང་ཆོས་དང་ཆབ་སྲིད་ཐོག་བགྲོ་གླེང་བྱ་རྒྱུ་དེ་རེད་ཟེར། 

ཕྱི་ཟླ་ ༣ པའི་ཚེས་ ༢༥ དགོང་དྲོར་ཁོང་གིས་རང་གི་གྲོགས་པ་རྙིང་པ་ཞིག་ལ་སང་ཉིན་ཧུའུ་ཅིང་ཐའོ་ལ་ངོ་རྒོལ་སྐད་འབོད་བྱེད་དུས་ལག་ཐོག་ཁ་པར་སྒོ་རྒྱག་རྒྱུ་ཡིན་ཚུལ་བརྗོད་འདུག་ལ།  རེས་གཟའ་ཟླ་བའི་ཉིན་རྒྱབ་ཙམ་ལ་ཁོང་གིས་ས་སྣུམ་རང་ལུས་ལ་བྱུགས་ཏེ་མི་གཞན་རྣམས་རང་གི་ཉེ་འཁྲིས་སུ་མ་སླེབས་ཙམ་ལ་རང་སྲེག་གནང་ཞིང་།  ཁོང་གིས་སྐུ་གཟུགས་ཧྲིལ་བོ་འཚིགས་ནས་ས་སྟེང་དུ་མ་འགྱེལ་བར་མི་ཌར་བརྒྱ་ཙམ་ཞུགས་མེ་འབར་བཞིན་དུ་རྒྱུགས་པ་རེད།  

བརྒྱ་ཆ་དགུ་བཅུ་གོ་བརྒྱད་ཙམ་ཡོངས་སུ་འཚིགས་པའི་ཁོང་གི་སྐུ་ཕུང་དེ་སྨན་ཁང་དུ་ཁྱེར་རུང་། རེས་གཟའ་ལྷག་པའི་སྔ་དྲོའི་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་ཁོང་དགོངས་པ་གཞན་དོན་དུ་གཤེགས་པ་རེད། ཡིད་སྐྱོ་ཞིང་ཕུལ་དུ་བྱུང་བའི་མཛད་སྤྱོད་དེས་ཁོང་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་དེ་རིང་བར་བོད་ནང་རྒྱ་ནག་སྲིད་གཞུང་གིས་སྤེལ་བཞིན་པའི་སྲིད་བྱུས་དག་ལ་རང་སྲེག་གི་ངོ་རྒོལ་གནང་བ་ཐེངས་སུམ་ཅུ་སོ་གཅིག་པ་དེ་ཆགས་ཀྱི་ཡོད། དེར་བརྟེན་ཁོང་མི་དཀྱུས་མའི་ངོ་བོར་རྒྱུན་རིང་གནས་ཀྱི་མ་རེད།  ཁོང་གིས་འཛམ་གླིང་གི་མདུན་སར་རང་དབང་འཐབ་རྩོད་ཀྱི་གཟུགས་བརྙན་དེ་འབུར་དུ་བཏོན་ཐུབ་པ་བྱུང་བ་རེད།  

ཕྱི་ཟླ་ ༣ ཚེས་ ༡༦ ཉིན་བྲིས་ཤིང་ཁ་བྱང་དུ་“ཆོལ་གསུམ་བོད་རིགས་སྤུན་ཟླ་”ཞེས་བཏགས་པའི་ཡི་གེ་ཞིག་ཁོང་གི་ཉལ་ཁང་ནས་རྙེད་སོན་བྱུང་ཡོད།  ཡི་གེ་དེའི་ནང་“རང་དབང་མེད་ན་ས་ཡ་དྲུག་གི་བོད་རིགས་རྣམས་ཁ་ཕྱོགས་བྲལ་བའི་རླུང་ཁྲོད་ཀྱི་མར་མེ་བཞིན་”རེད་ཅེས་སོགས་འཁོད་ཡོད། 

ང་ཚོས་ངེས་པར་དུ་དྲན་དགོས་པ་ཞིག་ལ་ཕྱི་ལོ་༢༠༡༠ཟླ་བ་ ༡༢ པའི་ནང་རང་ལོ་ཉེར་དྲུག་ལ་སོན་པའི་ཨ་རབ་པ་ཞིག་གིས་ཀྲུ་ན་ཤི་ཡའི་ཧའོ་ཁར་མོ་ཧ་མི་ཌི་བོ་ཨ་ཛི་ཛི་སྲང་ལམ་དུ་རང་སྲེག་བཏང་བ་དེས་ཨ་རབ་དཔྱིད་ཀ་ཞེས་པའི་ཡར་ལངས་དེའི་སྣེ་འཁྲིད་བརྩམས་ཡོད།   འཇམ་དཔལ་ཡེ་ཤེས་ཀྱང་ཝི་ཐི་ནམ་སས་གྷོན་ནས་ཡིན་པའི་རང་ལོ་སུམ་ཅུ་སོ་བཞིར་ཕེབས་པའི་ནང་པའི་གྲྭ་པ་ན་ཐི་ཆི་མ་འོས་ཕྱི་ལོ་ ༡༩༦༧ ལོར་རང་སྲེག་བཏང་བ་དེས་ནུབ་ཕྱོགས་ཡུལ་གྲུའི་ནང་ཝི་ཐི་ནམ་གྱི་སྲིད་བྱུས་ཐོག་ལ་གླེང་སློང་ཤུགས་ཆེར་བཟོས་པ་བཞིན་ཕུལ་བྱུང་གི་མི་སྣའི་གྲས་སུ་ཚུད་པ་རེད།  

དེ་བཞིན་རྒྱ་གར་ནང་ཕྱི་ལོ་ ༡༩༦༣ ལོར་ཧིན་དྷིའི་སྐད་ཡིག་བཙན་འགེལ་བྱས་པ་ལ་བརྟེན་ནས་ཏ་མིལ་གྱི་རྙོག་གླེང་བྱུང་ཞིང་ཏིར་ཆིའི་ནང་ཆི་ན་སི་ཝ་མིས་རང་སྲེག་བཏང་ཡོད། བདུན་ཕྲག་གཅིག་གི་རྗེས་སུ་ཀྲི་ལན་གྷ་ན་མངའ་སྡེའི་ཐོབ་ཐང་ལ་རྒྱབ་སྐྱོར་མཚོན་བྱེད་དུ་བོ་ཇི་ཡ་ནི་ཁིས་དང་ར་ཇ་མའོ་ལི་གཉིས་ཀྱིས་རང་སྲེག་བཏང་ཡོད།   བྱ་སྤྱོད་འདི་ཚོའི་རིགས་ལ་རྒྱབ་ལོགས་ནས་བརྒྱུད་སྐུལ་གཏོང་མཁན་སུ་ཞིག་ཀྱང་མེད། 

ལོ་རྒྱུས་ཀྱི་དོན་དངོས་འདིས་གཞན་དག་སུ་ཞིག་ལའང་གནོད་སྐྱོན་གཏོང་འདོད་མེད་པའི་མི་སྣ་མང་པོ་ཞིག་ལ་རང་ཉིད་གཅིག་པུས་བྱ་སྤྱོད་འདི་ལྟར་སྤེལ་རྒྱུར་སྙིང་སྟོབས་སྐྱེ་བཞིན་ཡོད།   འདི་ནི་ཁོ་ཚོས་གཞན་གྱིས་དེ་ལྟ་བུའི་སྡུག་སྦྱོང་མནར་གཅོད་གཏོང་བའི་རྒྱུ་རྐྱེན་ལ་དོ་སྣང་འདྲེན་ཕྱིར་དུ་གློ་བུར་རང་སྲེག་ངོ་རྒོལ་གནང་བ་ཞིག་རེད།     དེ་ལྟ་ནའང་འཇམ་དཔལ་ཡེ་ཤེས་ཀྱིས་རང་སྲེག་ལས་འགུལ་དེ་ནི་༸གོང་ས་མཆོག་གིས་ཐད་ཀར་བརྒྱུད་སྐུལ་གནང་བ་ཞིག་ཡིན་པར་རྒྱ་ནག་སྲིད་གཞུང་གི་ལས་བྱེད་འགའ་ཞིག་གིས་བརྗོད་ཡོད། དེ་ནི་རྒྱུ་མཚན་བྲལ་བའི་སྨྱོ་གཏམ་ཞིག་རེད། 

འཇམ་དཔལ་ནི་བོད་རིགས་གཞན་དག་དང་འདྲ་བར་ཤེས་བྱ་ཡོན་ཏན་ཡོད་མཁན་ཞིག་རེད་ལ། ཁོང་དང་ཁོང་འདྲ་བ་དེ་དག་གིས་ཉིན་རེ་བཞིན་དུ་༸གོང་ས་མཆོག་གི་དབུ་མའི་ལམ་དང་རྒྱ་ནག་སྲིད་གཞུང་གི་མཁྲེགས་བཟུང་རང་བཞིན་གྱི་རྒྱ་རྙི་དེར་ངོ་རྒོལ་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཁོང་གིས་རྒྱལ་ཁབ་ཀྱི་རང་དབང་དེ་ཁོང་དང་ཐག་ཇེ་རིང་དུ་འགྲོ་བཞིན་པ་ལྟ་བུར་ཚོར་བས་དེའི་སྙིང་ནད་སེལ་སླད་དུ་སྙིང་སྟོབས་ཆེན་པོས་གོམ་ཆེན་ཞིག་སྐྱོན་པ་རེད། 

དེ་ནི་སུ་ཞིག་གིས་ཀྱང་དེ་ལྟར་བྱ་དགོས་པའི་བརྒྱུད་སྐུལ་གནང་ཡོད་པ་མ་རེད།    གནས་སྐབས་རིང་༸གོང་ས་མཆོག་གི་ཡིག་ཚང་ནས་རང་སྲེག་ལས་འགུལ་ལ་འགག་བྱ་གནང་མིན་སྐོར་བཞག་ནས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོར་ཐུགས་བསམ་ཞིག་བཞེས་དང་། ཁོང་ད་ལྟ་༸གོང་ས་ཏཱ་ལའི་བླ་མ་རེད། ཁོང་དགོད་སྤྲོ་བོ་ཞིག་ཡོད་པ་ཚང་མས་ཤེས་ཀྱི་ཡོད་པ་རེད། མ་ཟད་ཁོང་ནི་སྐུ་ཚེ་ཧྲིལ་པོར་འཛམ་གླིང་ཞི་བདེའི་ཆེད་དུ་ཐུགས་སྨོན་སྐྱོན་ནས་བཞུགས་མཁན་གྱི་ནང་པའི་གྲྭ་པ་ཞིག་རེད། 

གཅིག་བྱས་ན་ཁྱེད་རང་ཡིད་ཆེས་མདོག་ཁ་པོ་མ་རེད། འོན་ཀྱང་དེ་ནི་ཁོང་གི་མི་ཚེའི་ཕྱག་ལས་ཤིག་རེད།  དེ་བས་ན་ཁོང་འཚེ་བ་ལྟ་བུའི་བྱ་སྤྱོད་དག་བརྒྱུད་སྐུལ་བྱེད་མཁན་ཞིག་རེད་ཅེས་བྱུང་རྒྱལ་དུ་སྨྲས་ན། དེ་ནི་འོས་འཚམས་ཤིག་གཏན་ནས་མ་རེད།

 

(བུ་རྩོམ་ཐོག་དོགས་གནས་ཡོད་ཚེ་རེས་གཟའ་ཕུར་བུའི་ཉིན་གྱི་རྒྱ་གར་དུས་བབ་ཐོག་བཀོད་གནང་བའི་མ་རྩོམ་དེར་གཟིགས་ཞིབ་གནང་སྐྱོང་ཡོང་བ་ཞུ།)

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༣ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༧ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese