མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་ལ་ད་དུང་སྟོང་བསམ་ཅི་ཞིག་བཅང་རྒྱུ་ལྷག་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

སྐྱིད་བྱམས་བསྟན་འཛིན་དགའ་བ།

དེ་རིང་ང་ཚོ་དང་མཉམ་དུ་མའོ་ཙེ་ཏུང་འཚོ་གནས་ཐུབ་ཡོད་ན་ཁོ་པས་སླར་ཡང་བཙན་པོའི་དཔའ་སྙིང་གི་བྲང་གཞུང་ཕྱི་རུ་ངོམ་བཞིན་པའི་བོད་རིགས་གཞོན་སྐྱེས་འདི་དག་གི་བྱ་སྤྱོད་ལ་སྡོམ་ཚིག་ཅིག་རྒྱག་ངེས་རེད་ལ། དེས་རྒྱ་གཞུང་གི་སྲིད་བྱུས་ལའང་འགུལ་ཤུགས་ཆེན་པོ་ཞིག་ཐེབས་ངེས་པ་རེད། དེ་ལྟ་ནའང་ཕངས་པ་ཞིག་ལ་དེ་རིང་ཁོ་པ་ང་ཚོ་དང་མཉམ་དུ་མེད་ཙང་། རྒྱ་གཞུང་གི་སྲིད་བྱུས་དེའང་ལོ་ངོ་དྲུག་ཅུའི་གོང་གི་བྱིས་པ་དམར་འབྱར་དེའི་ངང་ཚུལ་རང་ལས་འཚར་ལོངས་ཅུང་ཟད་ཀྱང་བྱུང་མེད། དེའི་རྒྱུ་མཚན་ནི་ད་ལྟའི་རྒྱ་གཞུང་གི་སྲིད་སྐྱོང་པ་ཚོར་མའོ་ཙེ་ཏུང་ལྟ་བུའི་ཡུལ་ལ་དཔྱོད་ཤེས་ཀྱི་རིག་སྟོབས་དེ་ཞན་པས་རེད།

 ལོ་རབས་ལྔ་བཅུ་པའི་དུས་མཇུག་ཏུ་མའོ་ཙེ་ཏུང་གིས་༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་པ་ཤེས་མ་ཐག་དམག་ལ་རྒྱལ་ཁ་ཐོབ་མེད་པའི་སྡོམ་ཚིག་བརྒྱབ་ཡོད་པ་དེ། ད་ལྟ་མ་འོངས་ལུང་བསྟན་བཞིན་དུ་མངོན་གྱུར་བྱུང་བས།  ཁོ་པའི་དཔྱོད་ཤེས་རིག་སྟོབས་ཀྱི་བློ་ནུས་དེ་མི་མང་ཁྲི་སྟོང་དུ་མའི་གཙོ་འཛིན་ཞིག་ལ་དགོས་ངེས་ཀྱི་ཆ་རྐྱེན་དེ་ལྡན་པའི་རྭ་སྤྲོད་བྱས་པ་རེད། ཁོ་པའི་རྗེས་འབྲང་པ་ཚོས་ཀྱང་གནད་དོན་དེར་གདེང་འཇོག་གིས་སྦྲུལ་གསོད་དགོས་ན་སྦྲུལ་མགོ་རྫོག་དགོས་པའི་སྲིད་བྱུས་ལག་བསྟར་བྱས་ཏེ། རྨི་ལམ་གྱི་གནས་སྐབས་སུའང་༸གོང་ས་མཆོག་ལ་མཚན་དམོད་ཞུ་ཐབས་བྱས་ཡོད།

འོན་ཀྱང་། ད་ལྟ་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་འོས་འདེམས་བྱས་པའི་བཀའ་ཁྲིར་ཕུལ་ཟིན་པ་མ་ཟད། བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་བའི་རྒན་བྱིས་ཚང་མས་སྔར་ལས་ཡར་ལངས་ངོ་རྒོལ་གྱི་སྙིང་སྟོབས་དེ་ཇེ་བརྟན་དང་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། ༸གོང་ས་མཆོག་མ་བཞུགས་ན་བོད་དོན་དང་འབྲེལ་བའི་གནད་དོན་ཡོངས་རྫོགས་ལ་མཇུག་སྡོམ་རྒྱག་བཞིན་པའི་རྒྱ་གཞུང་གི་འགོ་གཙོ་དག   དེ་རིང་འཛམ་གླིང་མི་མང་གི་མདུན་སར་ཇི་འདྲའི་ངོ་ཚ་ཁ་སྐྱེངས་པོ་ཞིག་བྱུང་ཡོད་ཨང་། དེ་ནི། དེ་རིང་གི་ང་ཚོའི་རྒྱལ་ཁ་ཆེ་ཤོས་དང་། ༸གོང་ས་མཆོག་དང་རྒན་རབས་པ་ཚོས་འདས་པའི་མི་ལོ་དྲུག་ཅུའི་རིང་སྐུ་ལས་དཔག་མེད་སྐྱོན་པའི་ཕྱག་རྗེས་ཕྱིར་མངོན་ཐུབ་པ་ཞིག་ཀྱང་རེད། གཡོ་རྫུན་དང་ཧམ་འཕྲོག་ལ་གོམས་བྱང་ཆེ་བའི་རྒྱ་གཞུང་ལ་ད་དུང་སྟོང་བསམ་ཅི་ཞིག་བཅང་རྒྱུ་ལྷག་ཡོད་དམ། ངས་བསམ་ཚོད་བྱས་ན་དེ་ནི་བོད་རིགས་ཞེས་པ་དེ་གོ་ལ་འདི་ནས་མིང་མེད་ཤུལ་མེད་དུ་སྟོང་རྒྱུའི་སྟོང་བསམ་དེ་རེད་ལ། དེ་ལས་གཞན་པའི་གདམ་ག་ཞིག་མེད་པ་དེ་ཡང་ད་གཟོད་ཁོ་པ་ཚོས་ཤེས་རྟོགས་རྒྱུས་ལོན་གཏིང་ཟབ་བྱུང་ཡོད། 

དེ་བས་ན་ད་ལྟའི་སྟོང་བསམ་དེ་སྟོང་བསམ་འཁྲུལ་མེད་ཅིག་ཡིན་པའི་མངོན་སུམ་ར་འཕྲོད་མ་བྱུང་བར། སྟོང་བསམ་དེ་མངོན་འགྱུར་ཡོང་ཆེད་དུ་བྱ་ཐབས་འགའ་ཞིག་སྔར་ལས་ཇེ་བཙན་དང་ཇེ་རྩུབ་ཏུ་གཏོང་རྒྱུ་ཡིན་པ་ནི། འདས་པའི་མི་ལོ་དྲུག་ཅུའི་རིང་དུ་བཅངས་པའི་སྟོང་བསམ་དེ་སྟོང་བསམ་འབའ་ཞིག་ཡིན་པའི་གོ་བརྡ་མཛུབ་བཙུགས་ལྟ་བུ་མ་བྱུང་བའི་དེ་རིང་ལ་ཐུག་གི་བར། དངོས་ཤུགས་ཅི་རིགས་ནས་སྤེལ་མྱོང་བའི་བྱ་སྤྱོད་དེ་དག་ལས་གསལ་བཤད་ཐུབ་པ་ཞིག་རེད།

འོ་ན། ད་ལྟ་རྒྱ་གཞུང་གིས་འཆང་བཞིན་པའི་སྟོང་བསམ་དེ་མངོན་འགྱུར་ཡོང་ཆེད་དུ་བྱ་ཐབས་གང་ཞིག་སྤྱོད་སྲིད་དམ་ཞེ་ན། དེ་ནི་ཉིན་ཤས་གོང་དུ་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིིན་གཞོན་པ་ཀྲུའུ་ཝེན་ཆོན་གྱིས་མི་རིགས་རང་སྐྱོང་སྲིད་ཇུས་མེད་པ་བཟོས་ཏེ། ཀྲུང་ཧྭ་རྒྱ་རིགས་ཆེན་པོའི་འདུ་ཤེས་སྐྱེད་སྲིང་བྱ་དགོས་༡ཞེས་པ་དེ་རེད། ཁོ་པས་རྒྱ་གཞུང་གི་ཚབ་བྱས་ཏེ་རང་ཉིད་ཀྱི་བསམ་ཚུལ་ཡིན་ཁུལ་བྱས་རུང་། དེ་ནི་མིང་ཚིག་གསར་པ་བེད་སྤྱོད་བཏང་བ་ཙམ་ལས་དོན་དངོས་ཀྱི་བྱ་སྤྱོད་ནི་སྔ་ས་ནས་ལག་བསྟར་བྱེད་བཞིན་པ་ཞིག་རེད།

དེ་ནི། དཔེར་ན་ལོ་རབས་དགུ་བཅུ་པའི་ནང་ཅང་ཙེ་མིན་གྱིས་ནུབ་རྒྱུད་ཐོན་བསྐྱེད་ཆེན་མོའི་ལས་འགུལ་ཞེས་པ་དེ་གསལ་བསྒྲགས་གནང་རུང་། དོན་དངོས་ཐོག་དེ་ནི་ཏིང་ཞའོ་ཕིང་གི་དུས་སྐབས་ནས་ལག་བསྟར་བྱེད་བཞིན་པའིི་འཆར་གཞི་ཞིག་ཡིན་པ་ལྟ་བུ་རེད། དེ་བས་ན་གནད་དོན་འདི་ཚོའི་རིགས་ནི་དགོས་དབང་གིས་ཐ་སྙད་དེ་དངོས་སུ་ཚིག་ཟིན་ལ་གསལ་འདོན་བྱས་མ་བྱས་ཙམ་ལས་ནང་དོན་ནི་སྔོན་ནས་ཡོད་པ་ཞིག་རེད།

གང་ཡིན་ཟེར་ན་མི་རིགས་རང་སྐྱོང་སྲིད་ཇུས་མེད་པར་བཟོ་དགོས་པའི་ཕུགས་དམིགས་ནི། གྲངས་ཉུང་མི་རིགས་རྣམས་རྒྱ་རིགས་ཆེན་པོའི་རིང་ལུགས་སུ་བསྒྱུར་ཏེ་གྲངས་ཉུང་མི་རིགས་ཀྱི་ངོ་བོ་གཏན་ཡལ་ཐུབ་ཆེད་རེད། དེ་བས་ན་སྲིད་བྱུས་འདི་ནི་མིང་ཚིག་གསར་པ་ཙམ་ལས་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ལ་དབང་སྒྱུར་བྱས་པའི་ཉིན་དེ་ནས་བཟུང་ཉ་མོ་མ་ཟིན་པ་མ་གཏོགས་མཚོ་མཐའ་མ་བསྐོར་བ་མ་རེད།   

དཔེར་ན། དེའི་ཤེས་བྱེད་ནི་བོད་ལྟ་བུར་མཚོན་ན་བོད་ཀྱི་བདག་དབང་བརྟན་བརླིང་ཐུབ་དགོས་ན། བོད་མིའི་ཆོས་ལུགས་ཀྱི་འདུ་ཤེས་འཛིན་ཚུལ་དེ་མེད་པར་བཟོ་དགོས་པ་དེ་རྒྱ་གཞུང་གིས་ཤེས་རྟོགས་རྒྱུས་ལོན་བྱུང་སྟབས། ནུབ་རྒྱུད་ཐོན་བསྐྱེད་ཆེན་མོ་གསལ་བསྒྲགས་སྤེལ་བའི་ལོ་དེར། མདོ་སྨད་མཚོ་ཤར་རང་སྐྱོང་ཁུལ་གྱི་དགོན་ལུང་རྫོང་ཁོངས་གཡུ་རྙིང་དགོན་དུ་རང་ལུགས་ཆོས་འཆད་སྤེལ་བྱེད་མཁན་གྱི་བླ་སྤྲུལ་སྐུ་བགྲེས་པ་ ༥༢ ནང་ནས་ ༤༩ རྒྱ་གཞུང་གིས་བཙན་བཀའ་དྲག་པོའི་འོག ཆོས་ལུགས་ཀྱི་སྲོལ་རྒྱུན་ལས་གནས་ནས་མི་འདོད་བཞིན་དུ་རྩ་དགོངས་ཞུ་རུ་བཅུག་ཡོད་༢པ་མ་ཟད།  དགོན་པའི་ནང་དུ་དགེ་འདུན་པའི་གྲངས་འབོར་ཚད་བཀག་བཟོས་པ་དང་། དགོན་པ་དང་དགོན་པའི་དབར་ཕན་ཚུན་འབྲེལ་གཏུག་མི་ཆོག་པ། ཐ་ན། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་བྱ་གཞག་ཀྱང་ཏང་གི་འགོ་ཁྲིད་འོག་བྱེད་དགོས་པ་བཅས་དགོན་པ་རང་དབང་རང་བདག་གི་དབང་ཆ་ཞེས་པ་སྲོག་མེད་བེམ་པོ་ལྟ་བུར་གྱུར་ཡོད་༣པ་བཅས་ནི་དཔེ་མཚོན་ཙམ་རེད། ད་དུང་མི་འབོར་སྤོ་ཞུགས་དང་འབྲོག་ས་གནས་སྤོ་མི་ཆོག་པ་སོགས་ཀྱི་སྲིད་བྱུས་དེ་དག་གིས་བོད་མི་རིགས་ཀྱི་སྣོད་བཅུད་གཉིས་ལ་ཤུགས་རྐྱེན་ཐེབས་ཚད་ནི་གུས་པའི་རྩོམ་ཡིག་གཞན་དུ་བཀོད་ཡོད་པས་འདིར་བསྐྱར་བཤད་བྱས་མེད། 

གལ་ཏེ་རྒྱ་གཞུང་ལ་སྔོན་ཚུད་ནས་བོད་མི་རིགས་མིང་མེད་ཤུལ་མེད་དུ་གཏོང་འདོད་མེད་ན་བོད་ཀྱི་ཆོས་ལུགས་མེད་པར་བཟོ་དགོས་དོན་གང་ཡིན་ནམ། དེའི་རྒྱུ་མཚན་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་རྣམ་དེ་མ་རྩ་རིང་ལུགས་ལས་འབུར་དུ་ཐོན་རྒྱུར་དམངས་ཀྱི་འཚོ་གནས་ལེགས་འགྱུར་གྱིས་ཕྱུག་འགྱུར་ལམ་དུ་ཁྲིད་སྟོན་བྱ་རྒྱུའི་སླད་དུ་ཡིན་ཞེ་ན། ད་བར་བོད་ཀྱི་ཆོས་ལུགས་མེད་པར་བཟོས་ཀྱང་བོད་ཀྱི་གཞི་རིམ་མང་ཚོགས་ཀྱི་འཚོ་གནས་དེ་ལྔ་བཅུ་ང་དགུའི་ཡར་སྔོན་གྱི་འཚོ་གནས་ལས་ཀྱང་བརྟན་ལྷིང་མེད་པར་གྱུར་ཡོད་པ་དེ་ཅི་ཞིག་གིས་ལན་པ་ཡིན་ནམ།

གཞན་ཡང་བོད་ཀྱི་ཆོས་ལུགས་མེད་པར་བཟོ་དོན་དེ་བོད་མི་རིགས་ཤུལ་མེད་དུ་བཟོ་རྒྱུའི་དོན་དུ་མིན་པར་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་རྣམ་འབུར་ཐོན་ཡོང་ཆེད་དུ་ཡིན་ན། བོད་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་ལ་འགོག་སྲུང་བྱེད་དོན་དེར་རྒྱུ་མཚན་ལྡན་པའི་འགྲེལ་བཤད་ཅིག་ཇི་ལྟར་རྒྱག་རྒྱུ་ཡིན་ནམ། ལན་གྱིས་དབུལ་བའི་དྲི་བ་དེས་རྒྱ་གཞུང་གིས་བོད་མི་རིགས་ཤུལ་མེད་བཟོ་བའི་སྲིད་ཇུས་དེ་སྔོན་ཚུད་ནས་ལག་བསྟར་བྱེད་བཞིན་ཡོད་པ་མཛུབ་མོས་རི་སྟོན་ལྟར་གསལ་བཤད་བྱས་ཡོད།

 འོ་ན་ཀྲུའུ་ཝེན་ཆོན་གྱིས་ད་ཐེངས་ཚིག་ཟིན་ལ་དངོས་སུ་གསལ་ཁ་གཏོད་པ་དེས་གང་ཞིག་མཚོན་པ་རེད་དམ་ཞེ་ན། དེས་བཟང་ཕྱོགས་ནས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ཤུལ་མེད་དུ་གཏོང་རྒྱུར་སྤེལ་བཞིན་པའི་དེ་སྔའི་སྲིད་ཇུས་དག་གིས་ནུས་པ་དེ་ཙམ་ཐོན་མེད་པའི་བདེན་དཔང་བྱས་པ་རེད་ལ། ང་ཚོ་གྲངས་ཉུང་མི་རིགས་ཚོས་རང་མི་རིགས་ལ་བཅངས་པའི་བརྩེ་སེམས་དེ་ཡང་མཚོན་པ་ཞིག་རེད། དེ་ལྟ་ནའང་དེའི་ལྡོག་ཕྱོགས་ཀྱི་མཚོན་དོན་ནི་བོད་གཙོས་པའི་གྲངས་ཉུང་རྣམས་མིང་མེད་ཤུལ་མེད་དུ་གཏོང་རྒྱུའི་བྱ་ཐབས་དག་སྔར་ལས་ཇེ་བཙན་དང་ཇེ་རྩུབ་ཏུ་གཏོང་རྒྱུ་ཡིན་པ་དེ་རེད།

 འོན་ཀྱང་བོད་མི་རིགས་མིང་མེད་ཤུལ་མེད་དུ་བཟོ་བའི་སྟོང་བསམ་དེ་ནི་གཉིད་མ་ཉལ་གོང་གི་རྨི་ལམ་ཞིག་ཡིན་པ་ཀུན་གྱིས་ཤེས་རུང་། རང་ཕྱོགས་ནས་སྣང་འཇོག་མ་བྱས་པར་ལྷོད་གཡེངས་དུ་ཤོར་ན་བརྩོན་འགྲུས་ཅན་གྱིས་རི་བོང་ཐལ་བར་བརླག་པའི་དཔེ་ཟླར་མི་འགྱུར་བའི་ངེས་པ་མེད་པ་མ་ཡིན། དཔེར་ན། ཉེ་སྔོན་ཕྱི་རྒྱལ་དུ་བཞུགས་པའི་བོད་རིགས་ངོ་ཤེས་ཤིག་གིས་ང་ལ་དཔེ་དེབ་ཅིག་གཡོར་རྒྱུའི་རེ་བ་བཏོན་བྱུང་། ངས་དེའི་རྒྱུ་མཚན་དྲིས་པར་ཁོ་པས་བརྗོད་རྒྱུར་ཕྱི་རྒྱལ་གྱི་མི་རྣམས་ཡར་མར་མེ་འཁོར་ནང་འགྲོ་དུས་དེབ་ཀློག་པ་ལས་སྐད་ཆ་ཤོད་ཀྱི་མི་འདུག དེར་བརྟེན་སོ་སོ་ཡང་དེབ་ཅིག་ལྟ་ཀློག་བྱེད་རྒྱུ་མེད་ན་ཅུང་ངོ་ཚ་བོ་འདུག་ཟེར། ད་དུང་ཁོ་པས་བརྗོད་རྒྱུར་དེང་སང་སྤྱི་ཚོགས་ནང་མི་མང་ཆེ་བས་གང་བྱས་པ་དེ་བྱ་དགོས་ཀྱི་འདུག མི་མང་པོའི་ནང་མི་བཅུ་གྲངས་ཤིག་ག་ཚོད་མཁྲེགས་པོ་ཡོད་ཀྱང་རིམ་བཞིན་མང་བ་དེས་གང་བྱས་པ་དེ་བྱ་དགོས་པ་ཆགས་ཀྱི་འདུག དེ་ནི་དེང་སང་སྤྱི་ཚོགས་ཀྱི་འགྲོ་སྟངས་རེད་འདུག་ཟེར། སྐད་ཆ་དེ་གོ་མ་ཐག་ངའི་ཡིད་ལ་དམིགས་བསལ་གྱི་ཚོར་སྣང་གང་ཡང་མ་སྐྱེས་མོད། ཉིན་ཤས་རྗེས་སྐད་ཆ་དེར་བསམ་བློ་གཏོང་དུས་ད་གཟོད་ངས་གཞི་ནས་སྐད་ཆ་དེའི་ལྗིད་ཁོག་ཤེས་ཚོར་བྱུང་བ་མ་ཟད། སྐད་ཆ་དེ་ད་ལྟ་ངའི་སེམས་ཀྱི་ཆ་ཤས་ལྟ་བུ་ཞིག་ཏུ་གྱུར་འདུག  

དེ་བས་ན་ཉམས་མྱོང་དངོས་ལས་བྱུང་བའི་དཔེ་མཚོན་འདིའི་ཐོག་ནས་ཤེས་རྟོགས་རྒྱུས་ལོན་བྱུང་བ་ནི། རང་དབང་དུ་གནས་པའི་གྲངས་ཉུང་མི་རིགས་ལའང་གྲངས་མང་མི་རིགས་ཀྱི་ཤུགས་རྐྱེན་འདི་ལྟར་ཐེབས་བཞིན་ཡོད་ན། གྲངས་མང་མི་རིགས་གཞན་གྱི་ངོ་བོར་བཙན་གྱིས་བསྒྱུར་བའི་གྲངས་ཉུང་མི་རིགས་ཤིག་ལ་དེའི་ཤུགས་རྐྱེན་ཐེབས་ཚད་ནི་ལྡབ་འགྱུར་གྱི་ཆེ་བ་ཡོད་པ་དེ་རེད།   དེ་བས་ན་མཉམ་འཇོག་བྱ་དགོས་ས་ནི་རྒྱ་ཕྱོགས་ཀྱི་སྟོང་བསམ་དེ་ནི་ར་མ་བཟི་གོང་ནས་ར་བཟི་བཤད་པ་ཞིག་རེད་བསམས་ནས་སྣང་མེད་དུ་བསྐྱུར་མི་ཉན་པ་དེའོ།

༡༽ཀྲུའུ་ཝེ་ཆོན་གྱིས་ཕྱི་ཟླ་ ༢ ཚེས་ ༡༣ ཉིན་རྒྱ་ནག་དམར་ཤོག་སློབ་གྲྭའི་ཚགས་པར་ཐོག་སྤེལ་ཡོད།

༢༽ བོད་དུ་ལག་བསྟར་བྱས་པའི་རྒྱ་དམར་གྱི་སྲིད་བྱུས་དང་བྱ་ཐབས་ཞེས་པའི་ཤོག་གྲངས་ ༡༠༢ ནང་གསལ།

༣༽རྒྱ་རིགས་རྩོམ་པ་པོ་ཞིག་གིས་བོད་ཀྱི་གནད་དོན་གླེང་བ་ཞེས་པའི་ཤོག་གྲངས་ ༧ པར་གསལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 4

  1. བཙན་པོའི་བུ། says:
    ལོ་ 14 སྔོན།

    ཤར་ཁུག བོད་པས་བོད་རང་བཙན་ལབ་པར་ཁྱོེད་དེ་འདྲའི་ན་ཟུག་གཏོང་དགོས་དོན་གང་ཡིན། ཁྱོེད་རང་གིས་ག་དུས་ཡིན་རུང་སྙུག་ཁ་ནང་དུ་བསྐོར་ནས་རང་རེའི་བཀའ་ཁྲི་སོགས་མདོར་ན་བོད་དོན་ཆེད་ལས་འགུལ་སྤེལ་མཁན་ཚོར་སྐྱོན་བརྗོད་ཁོ་ན་བྱས་ནས་ཁྱོད་ལ་ཁེ་ཕན་ཅི་ཞིག་འདུག ད་ལྟའི་དུས་ཚོད་འདི་རང་བཙན་དང་དབུ་མའི་ལམ་བརྩོད་པའི་དུས་ཚོད་མ་རེད། ད་ལྟའི་དུས་འདི་ཚོགས་སྡེ་སུ་ཞིག་གིས་སྤྱི་དོན་སླད་ལས་འགུལ་དང་ནུས་པ་ཆེ་བ་བཏོན་ན་དེ་དང་དེ་དག་རྒྱབ་སྐྱོར་དང་ནུས་པ་མཉམ་དུ་སྤུངས་དགོས་པ་ལས་སྐྱོན་བརྗོད་བྱེད་པའི་དུས་ཚོད་ཡེ་ནས་མ་རེད། དེར་བརྟེན་ཁྱོད་ལ་འབྲི་རྒྱུ་དང་ཤེས་ཚད་ཡོད་ན་རྒྱ་དམར་པོའི་ཚང་ལ་ཕོག་པའི་རྩོམ་ཡིག་ཕྲིས་ཤིག དེ་མིན་ཁྱོད་ཀྱིས་རང་རེའི་སྤྱི་ཚོགས་ལ་གཞི་མེད་པའི་རྩོམ་འཛོབ་བྲིས་ཚེ་ངས་ཁཁྱོད་ལ་འགག་ལན་ཚ་ཐག་ཆོད་གཅིག་རྒྱག་གི་ཡིན།

    Reply
  2. འཇམ་བཟང་། says:
    ལོ་ 14 སྔོན།

    གལ་སྲིད་ཁྱེད་ཀྱིས་མི་མཐུད་མཆན་འགོད་འདོད་ཡོད་ཚེ།
    ཁྱེད་ཀྱི་མཚན་དེ་དངོས་སུ་འགོད་རོགས།
    ཤར་ཕྱོགས་ཁུག་རྟ་ལགས། ཁྱེད་ཀྱི་ཁ་ལ་སྒོ་ལྕག་ཞིག་རྒྱབ་རོགས། ཤེས་སོང་ངམ། ད་ཁྱེད་ཀྱིས་རྙོག་གྲ་སློང་བ་དེ་ཙམ་གྱིས་མཚམས་བཞག་ན་ཡག་གི་རེད།

    Reply
  3. གནས་ཚང་། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གིས་ཕྱི་རྒྱལ་གསར་འགོད་པར༼དབུ་མའི་ལམ༽ནས་བོད་རྒྱའི་གནད་དོན་ཐག་གཅོད་ཡོང་བར་རེ་བ་སྟོང་ཟིན་ཚུལ་གསུངས་ཡོད་པས། དུས་སུ་བབས་པའི་འགྱུར་བཅོས་གང་འཚམས་གཏོང་རྒྱུའང་རྣམ་དཔྱོད་ཅན་དག་གི་ལས་སྐལ་ལས་མ་འདས་པས། ཨུ་ཚུགས་རེ་ལ་མེ་བསྲེག་རེ་མི་ཡོང་བར་འབད་པའི་སྐབས་སུ་བབས་ཡོད་པ་མ་རེད་དམ།

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ༼ སྐྱིད་བྱམས་བསྟན་དགར་རྩོམ་ཡིག་འགྱུར་མ་དེའི་ཐད་བསམ་ཚུལ་ཅུང་ཙམ་ཡོད། ཞིབ་ཏུ་རྗེས་སུ་མོལ་ཆོག༽

    བསམ་ཚུལ་འདི་མང་པོ་ཀློག་མཁན་བྱུང་མི་འདུག་ལ་བསམ་ཚུལ་འདོན་མཁན་ཡང་བྱུང་མི་འདུག་པས་བཏང་སྙོམས་སུ་བཞག་པ་ཡིན་ན་འགྲིག་པ་འདྲ་ཞིག་རེད་མོད།
    བསམ་ཚུལ་འདི་ཕྱི་མི་ཞིག་གིས་མེར་སྲེག་ཞི་རྒོལ་ཐད་བྲིས་པ་ཡིན་ཙང་གསལ་བོ་ཅུང་ཙམ་བཟོ་དགོས་པ་ཞིག་འདུག སྐུ་གཤེགས་འཇམ་དཔལ་ཡེ་ཤེས་ལགས་ཀྱི་རྒྱུན་གྱི་གཤིས་བབ་སོགས་བྲིས་པ་དང་ཁོང་གིས་རང་སྲེག་བཏང་༧གོང་ས་མཆོག་གིས་རྒྱུད་སྐུལ་གནང་བ་མ་རེད་ཅེས་པའི་སྐད་ཆ་འདི་གཉིས་ལ་རྒྱབ་སྐྱོར་ཡོད།
    གཞན་ཁོང་གི་བསམ་ཚུལ་འདིར་” ཁོང་(སྐུ་གཤེགས་ཁོང་)དང་ཁོང་འདྲ་བ་དག་གིས་ཉིན་རེ་བཞིན་དུ་༧གོང་ས་མཆོག་གི་དབུ་མའི་ལམ་དང་རྒྱ་ནག་སྲིད་གཞུང་གི་མཁྲེགས་བཟུང་རང་བཞིན་གྱི་རྒྱ་རྙི་དེར་ངོ་རྒོལ་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད།”ཞེས་བྲིས་འདུག་པའི་ནང་༧གོང་ས་མཆོག་གི་དབུ་མའི་ལམ་ལ་ངོ་རྒོལ་བྱེད་བཞིན་པ་ཞེས་བྲིས་འདུག་པ་འདི་བདེན་པ་ཁྱོན་ནས་མ་རེད། ད་དུང་༧གོང་ས་མཆོག་གི་ཞེས་བདག་སྒྲ་སྦྱོར་ཚུལ་འདིས་༧གོང་ས་མཆོག་དང་བོད་མི་མང་གཉིས་ཀར་ཟུར་ཟ་མཐོང་ཆུང་བྱས་པ་ཞིག་རེད་འདུག་པས། ཕྱི་མི་ཨ་མ་ཐི་ཝ། སན་ཡལ་དུ་འབོད་པས་བོད་ལ་ཤ་ཚས་བསམ་ཚུལ་འདོན་ཁུལ་གྱིས་དོན་དམ་དཔའ་བོ་ཁོང་ལ་སྐུར་འདེབས་ཚད་ལས་བརྒལ་བ་ཞིག་བྱས་འདུག་པས། རྗེས་སོར་འདི་འདྲར་ཞིབ་འཇུག་ཏན་ཏན་གནང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ། གལ་སྲིད་འདི་བཞིན་ད་དུང་འབྲི་འཆར་ཡོད་ན་བྲིས་ནས་ཕན་ཐོག་ཅང་མི་འདུག་པས་མ་འབྲི་རོགས་ཞེས་ཐ་ཚིག་བསྒྲགས་འདོད་བྱུང་།

    དཔའ་བོ་འདིས་གང་ལ་ངོ་རྒོལ་གནང་མིན་གང་གི་ཆེད་དུ་རང་སྲོག་བློས་གཏོང་གནང་མིན་ཁོང་སྐུ་དངོས་ཀྱིས་ཕྱག་བསྟར་གནང་བའི་ཞལ་ཆེམས་སུ་གསལ་འདུག་པས་འཛམ་གླིང་ཡོངས་བསྒྲགས་ཆགས་ཟིན་པ་དེ་ལ་བསྐྱར་འགྲེལ་དགོས་དོན་མི་འདུག

    གཞན་འདང་དགོང་འཇོ་ཧ་ལ་ནེའུ་རོའི་གཙུག་ལག་སློབ་གཉེར་ཁང་གི་བོད་དོན་ཐོག་ཤ་ཚ་བའི་དགེ་རྒན་ཞིག་གིས་མེར་སྲེག་ཐད་གཏམ་བཤད་གནང་སྐབས་སྤྱི་འཐུས་ཤིག་དང་བོད་མི་ཞིག་བཅས་མཉམ་ཏུ་འཁེལ་ཡོད་འདུག དགེ་རྒན་ཁོང་གིས་ངེད་ལ་བརྗོད་དོན་བྱས་ན་སྐབས་དེར་སྤྱི་འཐུས་མིན་པ་དེས་”༧གོང་ས་མཆོག་གདན་འདྲེན་ཞུ་དགོས་”ཞེས་པའི་འབོད་ཚིག་གི་ནང་དོན་ག་རེ་ཡིན་མིན་དྲི་བར་ལན་འདེབས་བྱ་སྐབས། ཧམ་སེམས་ཆེན་པོས་”༧གོང་ས་མཆོག་གདན་འདྲེན་ཞུ་དགོས་”ཞེས་པ་དེ་བོད་རང་བཙན་གཙང་མའི་ནང་དོན་རེད། ༧གོང་ས་མཆོག་གདན་འདྲེན་ཞུ་རྒྱུར་རང་བཙན་དགོས་ཞེས་བཤད་ཀྱི་ཡོད་པ་རེད་ཅེས་རྒྱ་གར་སློབ་ཕྲུག་ཚོར་དངོས་ཡོད་བདེན་པ་ཅི་བཞིན་གསལ་བཤད་བྱས་མི་འདུག
    གལ་སྲིད་བསམ་ཚུལ་འབྲི་མཁན་འདི་ཕྱི་མི་རྒྱ་གར་བ་དེ་འདྲ་ཡིན་ཚེ་མི་འདི་དག་གིས་ཆེད་མངགས་རྒྱུད་སྐུལ་བྱས་པ་གསལ་བོ་ཡིན་མིན་ཞིབ་འཇུག་བྱ་རྒྱ་ཏན་ཏན་ཡོད་པ་རེད། ཉེ་འཆར་བཀའ་ཁྲིར་རྒྱ་གར་གསར་འགོད་པས་གདན་ཞུའི་བཅའ་འདྲིའི་སྐབས་མི་འདིའི་རིགས་ཀྱིས་རང་ཉིད་ངེས་པར་དུ་ལེ་ཚན་ནང་མཉམ་ཞུགས་བྱ་འཇུག་རོགས་ཞེས་འདྲ་མི་འདྲའི་གནས་ཚུལ་ཐོན་འདུག་པས། རྒྱ་གར་སློབ་ཕྲུག་དང་མི་མང་ཁྲོད་སྐབས་འཚོལ་བ་ཚོས་ག་རེ་བྱེད་ཀྱི་ཡོད་མེད་ལ་ལྡི་ལི་དོན་གཅོད་ནས་ཞིབ་འཇུག་བྱ་དགོས་གལ་ཆེ་བར་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese