མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེར་བསྲེགས་དོན་རྐྱེན་ལ་བལྟས་པ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

  རྟུལ་ཕོད་ཀྱིས།
གང་ལ་བལྟས་པ།_ ཚེ་སྲོག་གི་རིན་ཐང་དང་མཇུག་འབྲས་ལ་བལྟས་པ།

བོད་ཨ་མདོ་རྔ་བ་གཙོས་པའི་དེ་རིང་ནི་བོད་ཕྱི་ནང་གི་རྟུལ་ཕོད་པ་དག་གིས་འབོད་སྒྲ་འདི་ (གོང་ས་མཆོག་བོད་ལ་གདན་འདྲེན་དགོས། བོད་ལ་རང་དབང་དགོས། མང་ཆེ་བ།)བསྒྲགས་ཏེ་བོད་མི་རིགས་ཀྱི་བདེ་སྡུག་གི་སླད་དུ་རང་ལུས་མཆོད་མེར་ཕུལ་ཐེངས་སོ་བཞི་པ་རེད། ཡིན་ཡང་མཚམས་འདི་ནས་འུ་ཚོའི་ལས་འགུལ་འདིའི་མཇུག་འབྲས་དང་ཚེ་སྲོག་གི་རིན་ཐང་ལ་བསམ་ནས་ལས་འགུལ་འདི་མཚམས་འཇོག་དགོས་མིན་གྱིི་བསམ་ཚུལ་ཤེས་དང་མི་ཤེས་ཀུན་ལ་ཡོང་གི་ཡོད་པས། ངས་ཀྱང་ཀློག་མཁན་དག་ལ་བསམ་ཚུལ་འགའ་དཔྱད་གཞིའི་ཚུལ་དུ་འབུལ་རྒྱུ་ཡིན།

༡༽ ཇི་ལྟར་བལྟས་པ། ཚེ་སྲོག་གི་རིན་ཐང་དེ་ཤི་གསོན་གང་ན་ཡོད་མེད་བལྟས་པ། (མང་པོ་ཞིག་གིས་ཚེ་སྲོག་གི་རིན་ཐང་གླེང་དུས་གསོན་པོ་ཁོ་ན་མ་གཏོགས་གཤིན་པོ་ལ་གླེང་ཐུབ་ཀི་མེད་པ་འདྲ།) ཚེ་སྲོག་ལ་ལ་ནི་གསོན་པ་ལས་ཀྱང་ཤི་བ་རླབས་ཆེ་བ་དང་སྟོབས་ཤུགས་ཐོན་གྱིན་ཡོད་པ། (ཚེ་སྲོག་གི་ངོ་བོ་ལ་རླབས་ཆེན་ཡིན་མིན་དང་སྟོབས་ཤུགས་ཡོད་མེད་ཀྱི་ཁྱད་བཀར་བ་མིན)

ངས་དཔེར་མཚོན་གྱི་ཚུལ་དུ་རྒྱང་རིང་ས་ཞིག་ནས་མང་པོ་ཞིག་བཤད་མི་དགོས་པར་ཉེ་བའི་ལོ་འདི་དག་གི་ནང་དུ་བོད་ཙམ་མིན་པར། མོ་ཧ་མ་ཊི་བྷོ་ཛི་ཛིའི་ཚེ་སྲོག་གཅིག་གིས་ཀྱང་ཨ་རབ་ཀྱི་དཔྱིད་ཀ་བསུ་ཐུབ་པ་ལྟ་བུའི་རང་དབང་དང་དམངས་གཙོའི་སླད་དུ་ཚེ་སྲོག་འབུལ་མཁན་དག་ལ་བལྟས་ཀྱང་གསལ་ལྷང་ངེ་རེད་འདུག རྒྱབ་ལྗོངས་དེ་དག་གཞི་ལ་བཞག་ནས་རང་ལུས་མེར་སྲེག་གི་ལས་འགུལ་འདི་ཆེན་པོ་སུ་ཞིག་གིས་སྐུལ་སློང་བྱས་པའི་སྒོ་ནས་མཚམས་འཇོག་བྱ་མི་ཉན་པའི་ལྟ་ཚུལ་བརྗོད་རྒྱུ་ཡིན་ཏེ། རྒྱུ་མཚན། ཚེ་སྲོག་ལ་ལ་ཞིག་ནི་གསོན་པ་ལས་ཀྱང་ཤི་བ་རླབས་ཆེན་དང་ནུས་ཤུགས་ཐོན་གྱིན་ཡོད་པའི་ཕྱིར་ཞེས་གཏན་ཚིག་འགོད་རྒྱུ་ཡིན། ངས་རང་ཉིད་ཀྱི་ལྟ་ཚུལ་དེ་འུ་ཚོའི་སྲོལ་རྒྱུན་གཏན་ཚིག་གི་འགྲོ་ལུགས་གཞིར་བཞག་སྟེ་གསལ་བོ་བཟོས་ན་འདི་ལྟར། བོད་མི་རིགས་ཀྱི་བདེ་སྡུག་གི་སླད་དུ་རང་ལུས་མེར་སྲེག་པ་དེ་ཆོས་ཅན། ཆེན་པོ་སུ་ཞིག་གིས་སྐུལ་སློང་གི་སྒོ་ནས་མཚམས་འཇོག་བྱ་མི་ཉན་ཏེ། ཚེ་སྲོག་ལ་ལ་ཞིག་གསོན་པ་ལས་ཀྱང་ཤི་བ་རླབས་ཆེན་དང་ནུས་ཤུགས་ཐོན་གྱིན་ཡོད་པའི་ཕྱིར་ཞེས་པ་དེ་རེད།

༢༽ ཇི་ལྟར་བལྟས་པ། མེར་སྲེག་གིས་མཇུག་འབྲས་ཐོན་གྱིན་ཡོད་མེད་བལྟས་པ།

གཞན་རྟེན་བསམ་བློ་བ་དང་མགོ་འདོག་རིང་ལུགས་པས་ནམ་རྒྱུན་ལག་ཟུང་གཞན་ལ་བསྐྱངས་རྐྱང་དང་། རང་གི་མགོ་བོ་སྨད་དེ་འདུག་པ་ལས་བོད་མི་རིགས་རང་ཉིད་ལ་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་རླབས་ཆེན་ཡོད་པ་ངོས་མི་ཟིན་པ་དང་ཡིད་ཆེས་བྱེད་ཀྱིན་མེད་པ་འདྲ་སྟེ། རྒྱུ་མཚན། ཁོ་བ་ཚོས་མེར་སྲེག་དོན་རྐྱེན་འདིས་ཀྱང་མཇུག་འབྲས་མཐོང་མི་ཐུབ་པ་ནི་རྒྱལ་སྤྱིས་རོགས་རམ་ལ་རྟེན་ནས་རང་དབང་དང་དམངས་གཙོ་ཟེར་བ་དེ་འུ་ཚོའི་ལག་ལ་བཞག་ཡོང་རྒྱུ་འདྲ་བོ་ཞིག་ལ་བསམ་བློ་བཏང་ཡོད་པའི་ལན་ཁོ་ན་རེད་པས། དེ་ནི་རྦད་དེ་ནོར་འཁྲུལ་གྱི་ལྟ་ཚུལ་ཞིག་ཏུ་ངོས་ཟིན་དགོས། རྒྱུ་མཚན། བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་རླབས་ཆེན་ཡོད་ས་ཨང་དང་པོ་བོད་མི་རིགས་རང་ཉིད་ཡིན་པས་ལས་གཞན་སུ་གང་ཡང་མིན་པས་སོ། གནས་ལུགས་དེ་གཞིར་བཞག་ནས་བཤད་ན་མེར་སྲེག་དོན་རྐྱེན་གཙོས་བོད་ཕྱི་ནང་གི་ལས་འགུལ་འདི་ཚོས་བོད་མི་རིགས་རང་ཉིད་ལ་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་རླབས་ཆེན་སྐྲུན་གྱིན་ཡོད་པ། ཉེ་བའི་ལོ་ཁ་ཤས་ཀྱི་ནང་དུ། མི་རིགས་གཅིག་གྱུར་གྱི་བསམ་བློ། བདག་དབང་འཐབ་རྩོད་ཀྱི་ངར་ཤུགས་སོགས་ཆེས་རླབས་ཆེན་གྱི་སྟོབས་ཤུགས་དག་བསྐྲུན་དང་སྐྲུན་བཞིན་བོད་དོན་འཐབ་རྩོད་ཀྱི་གོམ་པ་ཆེན་པོ་འགའ་མདུན་ནས་མདུན་དུ་སྤོ་བཞིན་ཡོད་པ་ནི་རྒྱལ་ཁབ་ཁ་ཤས་ཀྱི་གསར་འགོད་སྒྲག་གཏམ་དང་གྲོས་ཆོད་འགའ་བཞག་པ་ལས་མཇུག་འབྲས་རླབས་ཆེན་དང་སྟོབས་ཤུགས་བརྟན་པོ་ཡིན་པ་རེད། རང་རེའི་གཏན་ཚིག་གི་འགྲོས་ལྟར་བརྗོད་ན། བོད་མི་རིགས་ཀྱི་བདེ་སྡུག་གི་སླད་དུ་རང་ལུས་མེར་སྲེག་པ་དེ་ཆོས་ཅན། མཇུག་འབྲས་རླབས་ཆེན་ཡོད་དེ། མི་རིགས་གཅིག་གྱུར་གྱི་བསམ་བློ། བདག་དབང་འཐབ་རྩོད་ཀྱི་ངར་ཤུགས་སྐྲུན་གྱིན་ཡོད་པའི་ཕྱིར།

མཇུག་བསྡུ་བའི་སྐད་ཆ་འགའ།

མི་རིགས་ཤིག་གི་འཐབ་རྩོད་ལ་ཚེ་སྲོག་གི་འགྲོ་གྲོན་མ་བཏང་བ་ལོ་རྒྱུས་ཡིག་ཚང་ན་ཡོད་ཚོད་མི་འདུག་ལ། ད་ལྟ་ཡང་མེད་ལ། མ་འོངས་པ་ནའང་ཡོད་མི་སྲིད་པ་ཞིག་རེད་པས། འུ་ཚོའི་ཚེ་སྲོག་གིས་འཐབ་རྩོད་བྱེད་མཁན་ཚོས་ཚེ་སྲོག་གིས་འཐབ་རྩོད་བྱོས། རྒྱལ་སྤྱི་ལ་རོགས་རམ་སློང་མཁན་ཚོས་རྒྱལ་སྤྱི་ལ་རོགས་རམ་སློངས། རྒྱ་ནག་ལ་གདོང་གཏོད་མཁན་ཚོས་རྒྱ་ནག་ལ་གདོང་གཏོད། ཆོས་རིག་སྲུང་སྐྱོབ་ལ་འབད་མཁན་ཚོས་ཆོས་རིག་སྲུང་སྐྱོབ་ལ་འབོད། ཕྱོགས་ཡོངས་ནས་ཧུར་ཐག་བྱེད་དགོས་པ་ལས་ཕྱོགས་རེའི་མིག་ཅན་ལ་ལྷུང་མི་ཉན་པར་སེམས།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༢༢ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 9

  1. རྟུལ་ཕོད། says:
    ལོ་ 14 སྔོན།

    དྲང་ལྡོག་ཅི་རིགས་ཀྱིས་སྒོ་ནས་བསམ་ཚུལ་འདོན་མཁན་ཡོངས་ལ་གུས་བརྩི་བཀུར་བྱེད་རྒྱུ་ཡིན། ཡིན་ནའང་། སྐབས་སྐབས་སུ་དོན་ཚན་རེ་འགའ་ལ་གསེད་བཀྲོལ་བྱས་པའི་སྒོ་ནས་བསྡུར་ཆོག་པར་གྱིས།

    Reply
  2. རྟུལ་ཕོད། says:
    ལོ་ 14 སྔོན།

    ༡. བོད་རྒྱའི་འཐབ་རྩོད་ཀྱི་གནས་སྟངས་སྒོ་ཀུན་ནས་མཚུངས་ཞེས་སུ་ཞིག་གིས་ཀྱང་སྨྲས་མེད་པ་དེ་གཅིག་ཡིན། གཉིས་ནས་རྩ་བ་ཉིད་ནས་བསྡུར་མི་རུང་བ་གཏན་ནས་མིན་ཏེ་འཐབ་རྩོད་ཀྱི་ཐབས་ལམ་འཚེ་མེད་ཞི་བ་ཡིན་པ་སོགས་མང་དག་བསྡུར་དགོས་ལ།
    ༢. ངས་ཆེན་པོ་སུ་ཞིག་གིས་སྐུལ་སློང་གི་སྒོ་ནས་མཚམས་འཇོག་མི་ཉན་པའི་ལྟ་ཚུལ་བརྗོད་པ་ལས་རང་འགུལ་གྱིས་མཚམས་འཇོག་མི་ཉན་པ་དང་མེར་སྲེག་མུ་འཐུད་དགོས་པའི་སྐུལ་སློང་གང་ཡང་བྱས་མེད་པ་ཚུལ་གསུམ་ལ་གསེད་བཀྲོལ་བྱོས་དང་ཤེས་ཡོང།
    ༣. མ་གཞི་བོད་ནང་གི་ལས་འགུལ་ལ་བཙན་བྱོལ་གྱིས་སྐུལ་སློང་མི་ཉན་པ་དང་མི་ཆོག་གཏན་ནས་མིན། བཙན་བྱོལ་གྱིས་འཆར་གཞི་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་བོད་ནང་ལ་ཡོངས་གྲགས་ཀྱིས་ལས་འགུལ་ལ་སྐུལ་སློང་དགོས་ངེས་ཡིན་ཏེ། རྒྱུ་མཚན། བོད་ནང་གི་བོད་མི་ཚོས་འཆར་གཞི་དང་སྒྲིག་འཛུགས་ཡོངས་གྲགས་ཀྱི་སྒོ་ནས་ལས་འགུལ་སྤེལ་ཐུབ་ཀི་མེད་པའི་རྒྱུ་མཚན་གྱིས་མེར་སྲེག་ལས་འགུལ་དང་སྐད་འབོད་ཁྲོམ་སྐོར་སོགས། རྒྱལ་སྤྱི་ཡི་མིག་གིས་ལས་འགུལ་ཚད་ལྡན་ཞིག་ཏུ་མཐོང་མ་ཐུབ་པ་རེད། དེ་བརྟེན། བྷོ་ཛི་ཛིས་རང་སྲོག་གཅིག་གིས་ཀྱང་ཨ་རབ་ཀྱི་དཔྱིད་ཀའི་གསར་བརྗེ་སློང་ཐུབ་སོང་བ་ཡིན་ལ། བོད་མིའི་ཚེ་སྲོག་སུམ་བཅུ་ལྷག་གིས་ཀྱང”གངས་ལྷ་མེ་ཏོག་གི་གསར་བརྗེ”སློང་མ་ཐུབ་པའི་རྒྱུ་མཚན་གཙོ་གྲས་ཤིག་ངེས་པར་འདི་ཡིན་པར་སེམས་སོ།

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    སྔོན་རྒྱ་གར་གྱི་གནས་སྟངས་དང་ད་ལྟ་བོད་ཀྱི་གནས་བབ་གཉིས་རྩ་བ་ཉིད་ནས་བསྡུར་མི་རུང་། དབྱིན་འོག་ནས་རྒྱ་གར་ལ་རང་བཙན་ཐོབ་པའི་རྒྱུ་རྐྱེན་མང་པོ་ཡོད། གཅིག་ནི་དབང་བསྒྱུར་མཁན་གྱི་མི་འབོར་ལས་དབང་བསྒྱུར་བྱ་ཡུལ་གྱི་མི་འབོར་ལས་རྦད་དེ་མང་བ་ཡོད་པ་མ་ཟད། རྒྱ་གར་ནང་གི་དབྱིན་ཀི་བ་རྒྱ་གར་གྱི་མི་འབོར་ལས་བརྒྱ་ཆའི་གཉིས་ནས་གསུམ་ལས་ཟིན་གྱི་མེད། གཉིས་ནི། དབྱིན་གཞུང་གདུག་རྩུབ་ཇི་ལྟར་ཆེ་ཡང་རྒྱ་གཞུང་བཞིན་རྩ་བ་ནས་མེད། གསུམ་ནི། རྒྱ་གར་ནང་ཞི་དྲག་གཉིས་ཀྱི་སྣེ་ཁྲིད་ཡོད་པས་མ་ཚད་རྣོ་ངར་ལྡན་པའི་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད། བཞི་ནི། དབྱིན་ཡུལ་ལ། འཇར་མན་གྱི་དམག་དང་།  ཉི་ཧོང་གི་དམག་གིས་བཙན་འཛུལ་བྱས་ཏེ་འ་ཆད་འུ་ཐུག་གི་གནས་ལ་ལྷུང་ཡོད། ལྔ་བ་ནི། སྐབས་དེར་ད་ལྟ་རྒྱ་ནག་གི་སྟོབས་ཤུགས་རྒྱལ་སྤྱིའི་སྒང་ལ་སླེབས་པ་བཞིན་དབྱིན་ཇིར་མེད། དྲུག་པ། དུས་རབས་ཀྱི་གནས་བབ་རྦད་དེ་ཐ་དད་རེད། ད་དུང་ཡང་རང་ལུས་མེ་སྲེག་ཉིས་སྟོང་ལས་བརྒལ་བར་གཏོང་དགོས་པའི་བསམ་ཚུལ་སྟོན་མཁན་དག་ལ་གདེང་ཚོད་ངེས་ཅན་ཞིག་མེད་ན། མིག་ཚ་བའི་ཐོག་ཏུ་ཁུ་ཚུར། ཟེར་བ་ལྟར། གྲངས་ཉུང་ཡིན་པའི་ཐོག་ཏུ་སྟོང་ཕྲག་མང་པོ་རང་སྲེག་དགོས་ཟེར་བ་དེ་སྡིག་པ་མིག་བཙུམ་ལས་མ་འདས། མེར་སྲེག་མི་གཏོང་བའི་འབོད་སྐུལ་མ་ཞུས་ནའང་། མེ་སྲེག་གཏོང་བར་ཀུན་སློང་བཅོས་མི་རུང་། དེ་བས་གཏང་སྙོམས་ལ་བཞག་ན་བཟང་། བོད་མི་རིགས་ཀྱི་བདེ་སྡུག་གི་སླད་དུ་རང་ལུས་མེར་སྲེག་གཏོང་ན། མཇུག་འབྲས་རླབས་ཆེན་དང་། མི་རིགས་གཅིག་གྱུར་གྱི་བསམ་བློ། བདག་དབང་འཐབ་རྩོད་ཀྱི་ངར་ཤུགས་སྐྲུན་གྱིན་ཡོད་ནའང་། གྲངས་ཀའི་ཁྱད་པར་ཨེ་ཡོད། གལ་སྲིད་གྲངས་ཀའི་ཁྱད་པར་ཡོད་ན ༥༩ ཡར་སྔོན་ནས་ད་བར་སྡུག་གྱོང་མནར་གཅོད་དང་། ཚེ་བཙོན་དམར་གསོད་དང་། རྐྱེན་ལམ་ལ་ཇི་ཙམ་བཏང་ཡོད་པ་ཚང་མས་མཁྱེན་གསལ་རེད། བློས་གཏོང་མང་དྲགས་མེད་ན་ཉུང་དྲགས་མེད། ཡིན་ཡང་། ངས་བློས་གཏོང་མཚམས་འཇོག་དགོས་ཞེས་བརྗོད་ཀྱི་མེད། འབྲས་བུ་ཐོབ་པའི་གདེང་མེད་ན་མིའི་ཚེ་སྲོག་ལ་འོལ་ཚོད་ཀྱི་འདི་བྱེད་འདི་བྱེད་མི་རུང་ཞེས་བརྗོད་མི་རུང་ཟེར་གྱི་ཡོད། ཡིན་ཡང་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ལས་༧ གོང་ས་མཆོག་ལ་མེ་སྲེག་སྐོར་གྱི་བཅར་འདྲིའི་ལན་ལ་གསན་ན་མེ་སྲེག་གི་ལས་འགུལ་ལ་ཕན་འབྲས་ཇི་ཙམ་ཐོན་མིན་རགས་ཙམ་རྟོགས་ཐུབ་ངེས་སོ།།

    Reply
  4. རྒྱང་མིག says:
    ལོ་ 14 སྔོན།

    རྩོམ་པ་པོ་རྟུལ་ཕོད་ལགས་ལ་རྒྱབ་སྐྱོར་ཡོད། དངོས་གནས་རྩོམ་ཟེར་ནོ་བྲིས་འདུག
    རིག་པ་འདོན་མཁན་ཚོས་༼་མི་ཆུང་སོགས༽ཀྱིས་རྩོམ་པ་པོས་༼ཕྱོགས་རེའི་མིག་ཅན་ལ་ལྷུང་མི་ཉན་པར་སེམས།༽ཟེར་བའི་རྩ་དོན་དེ་ལ་མཉམ་འཇོག་བྱེད་རོགས།

    Reply
  5. བསོད་ནམས། says:
    ལོ་ 14 སྔོན།

    རྟུལ་ཕོད་ལགས། བྲིས་ནོ་ཧ་ཅང་བཟང་གི། གནས་ལུགས་དང་རྒྱུ་མཚན་ཡང་དག་ཡོད་ཁུ། ང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་་ཡོད། མོས་མཐུན་ར་ཡོད། འདི་འདྲ་བྲིས་པར་ཐུགས་རྗེ་ཆེ་ཞུ།

    Reply
  6. མི་ཆུང་། says:
    ལོ་ 14 སྔོན།

    གང་ལྟར་ཡང་ཆབ་སྲིད་ཀྱི་ལས་འགུལ་ལ་ཐབས་ཇུས་ཀྱིས་འཕོངས་མི་ཉན། ང་ཚོས་རང་ཉིད་གཅིག་པུས་ཇི་ཙམ་ཐོན་ཡང་རྒྱལ་སྤྱི་དང་། རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་མེད་སོང་ན། རྒྱ་ཕྱོགས་ནས་བཏུབ་རྐྱང་དང་གསོད་རྐྱང་བྱེད་ཀྱི་རེད།

    རྒྱབ་སྐྱོར་མི་དགོས་པར་སོ་སོ་གཅིག་པུ་འཐོན་པར་རང་ཉིད་ལ་དཔལ་འབྱོར་དང་མི་འབོར་སོགས་ཀྱི་སྟོབས་ཤུགས་དགོས་ཀྱི་ཡོད།

    Reply
  7. ལུང་རྟོགས། says:
    ལོ་ 14 སྔོན།

    གཏན་ཚིག་ཚེ་སྲོག་ལ་ལ་ཞིག་ནི་ཞེས་པའི་ཚབ་དུ་ཚེ་སྲོག་ཕལ་ཆེ་བ་ཞིག་ནི་ཞེས་སྦྱར་ན་འོས་པར་སེམས། གང་ལག་ཞེ་ན་ཚེ་སྲོག་ཕལ་ཆེ་བ་ཞིག་ནི་འདི་ལྟ་བུའི་ལས་དོན་བརླབ་ཆེན་བཞག་ནས། སྤྱི་དོན་ཆུང་ངུ་ཙམ་ཡང་མི་འགྲུབ་པར་རང་གི་འཚོ་གོས་ཁོ་ནའི་ཆེད་དུ་འདུར་ནས་འཇུག་རྫོགས་བཞིན་པ་མིན་ནམ། དེ་འདྲའི་ཚེ་སྲོག་སྟོང་ཕྲག་ལས་ཀྱང་སྤྱི་དོན་དུ་མཆོད་མེར་ཕུལ་བའི་ཚེ་སྲོག་ཅིག་རིན་ཐང་ཆེ་བར་འདོད།

    Reply
  8. གནས་ཚང་། says:
    ལོ་ 14 སྔོན།

    བོད་ནང་གི་རྩོམ་པ་པོས། “དེ་སྔོན་བོད་མི་རེ་འགས་མི་ ༡༥ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཚེ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཐོག་དོ་སྣང་དང་འགན་ལེན་གྱི་ནུས་པ་ཞིག་ཡོང་ཐུབ་པའི་ཚོད་རྩིས་གནང་གི་ཡོད་པ་རེད། དེ་རྗེས་མི་ ༢༠ རང་ལུས་མེར་བསྲེགས་བཏང་རྗེས་རྒྱལ་སྤྱིའི་རྣམ་འགྱུར་ཅིག་ཡོང་རྒྱུར་རེ་བ་བཅངས་པ་རེད། ད་ལྟ་རང་ལུས་མེར་བསྲེགས་གཏོང་མཁན་ ༣༠ བརྒལ་ཚར་བ་རེད། ཡིན་ནའང་། ད་དུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགན་ལེན་གྱི་རྣམ་འགྱུར་གསལ་བོ་ཞིག་བསྟན་ཡོད་པ་མ་རེད། ད་ལྟ་བོད་ནང་མི་རེ་འགས་རྒྱ་གར་གྱི་བླ་ན་མེད་པའི་རྒྱལ་གཅེས་དཔའ་བོ་གྷན་དྷི་མཆོག་གི་འཐབ་རྩོད་ཀྱི་ཉམས་མྱོང་ལོ་རྒྱུས་གཞིར་བཞག་ཐོག བོད་མི་རང་ལུས་མེར་བསྲེགས་གཏོང་མཁན་སྟོང་ཕྲག་ ༢ བརྒལ་བ་ཡིན་ན། ད་གཟོད་རྒྱལ་སྤྱིའི་ཐོག་བོད་མིའི་ལས་འགུལ་འདིར་ནུས་པ་ཞིག་འཐོན་སྲིད་པར་གླེང་གི་ཡོད་པ་རེད།”

    གྷན་དྷི་མཆོག་གིས་ཐེངས་བཞི་ལ་ལས་འགུལ་སྤེལ་ཡོད་པ་རེད། ཐེངས་ཕྱི་མ་གསུམ་ནང་མི་གྲངས་འབུམ་གཅིག་དང་ཁྲི་གཉིས་བཙོན་དུ་བཅུག་ཡོད་པ་དང་། དེར་བརྟེན་ནས་རྒྱ་གར་ལ་རང་བཙན་རེག་པ་རེད། བོད་ནང་དུ་ཧ་ལམ་འདིར་གཞིར་བཅོལ་གྱི་ཡོད་པས། བོད་མི་རང་གིས་རང་ཉིད་སྐྱོབ་པའི་ལམ་ནང་ཞུགས་ཟིན་པ་འདི་གཟི་བརྗིད་ཀྱི་ལེའུ་ཞིག་རེད།

    Reply
  9. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    མཀོན་མཆོག་ཁྱེན། ད་དུང་མེ་སྲེག་ཇི་ཙམ་གཏོང་དགོས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese