མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་བའི་ཚོགས་ཆེན།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཟླ་རྗེས་མའི་ཕྱི་ཚེས་ ༡༤ ནས་ ༢༠ བར་ཉི་ཧོང་རྒྱལ་ས་ཌོ་ཁའོ་ནང་འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པ་འཚོགས་རྒྱུ་ཡིན་འདུག 

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༤ ནས་ ༢༠ བར་ཉི་ཧོང་རྒྱལ་ས་ཌོ་ཁའོ་ནང་འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པ་ཚོགས་གཏན་ཁེལ་ཡོད་པ་དང་། ཚོགས་འདུའི་སྟེང་ཨ་རི་དང་འཇར་མན། ཨོ་སི་ཌོ་ལི་ཡ། བྷེལ་ཇམ། ཁ་ན་ཌ། ཌན་མཱར་ཁི། ཧྥ་རན་སི། ཧོ་ལན་ཌི། ནོར་ཝེ། སི་ཝེ་ཌེན། ཋོར་ཁའེ་སོགས་འཛམ་གླིང་རྒྱལ་ཁབ་སོ་སོའི་ནང་ཡོད་པའི་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་འཐུས་མི་བརྒྱ་ལྷག་མཉམ་ཞུགས་གནང་བཞིན་པ་མ་ཟད། ཡུ་གུར་མི་རིགས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་གྱི་འཛམ་གླིང་རྒྱལ་ཁབ་དག་གི་གྲོས་ཚོགས་འཐུས་མི་དང་། ཉམས་ཞིབ་པ་རྣམས་ཀྱང་གདན་ཞུ་གནང་ཡོད་པ་རེད།  ཚོགས་འདུའི་སྐབས་སུ་ཡུ་གུར་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་བྱ་འགུལ་དང་། གསར་འགོད་ལྷན་ཚོགས། གླེང་མོལ་འབྲེལ་འདྲིས་བྱ་འགུལ་སོགས་རྣམ་གྲངས་སྣ་ཚོགས་སྤེལ་འཆར་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཉི་ཧོང་གནས་སྡོད་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཙོ་དང་འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པའི་མགྲིན་ཚབ་པ་ཡུས་ལིས་ཧཱ་མའུ་ལགས་ཀྱིས་གསར་ལམ་ཁག་ཏུ།  “ཐེངས་འདིའི་ཚོགས་ཆེན་གྱི་གོ་སྒྲིག་ལས་དོན་ཐད་ཉི་ཧོང་འབྲེལ་ཡོད་སྡེ་ཁག་དང་ཉི་ཧོང་གྲོས་ཚོགས་འཐུས་མི་མང་པོས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་སོང་། ཚོགས་འདིའི་སྟེང་གཙོ་བོ་ཡུ་གུར་མི་རིགས་ཀྱི་མ་འོངས་པའི་རང་དབང་འཐབ་རྩོད་ལས་འགུལ་གྱི་ཁ་ཕྱོགས་དང་དམིགས་ཡུལ་གཏན་འབེབས་དང་། ཚོགས་འདུ་བརྒྱུད་ཡུ་གུར་མི་རིགས་ཀྱི་ལས་འགུལ་ལ་གོམས་ཁ་གསར་བ་དབུ་འཛུགས་ཐུབ་པའི་རེ་བ་བཅངས་ཀྱི་ཡོད་ལ།  འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པའི་ཚོགས་ཆེན་ཐེངས་བཞིར་མཇུག་འབྲས་ལེགས་པོ་ཞིག་ཐོབ་རྒྱུར་ང་ཚོར་ཡིད་ཆེས་ཡོད།” ཅེས་བརྗོད་འདུག

ཕྱི་ཚེས་ ༣ ཉིན་ཉི་ཧོང་གྲོས་ཚོགས་ཀྱི་ཁྲིམས་སྲིད་རྗེས་དྲན་ཚོགས་ཁང་ནང་།  བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཐོག་མར་ཉི་ཧོང་ནང་སླེབས་པའི་མགྲོན་བསུ་དང་གཏམ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་ཡོད་པ་ལྟར། འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པའི་དྲུང་ཆེ་ཏའོ་ལིས་ཁོན་ཝེ་ཧྲ་ལགས་ཀྱང་སྐུ་མགྲོན་པོའི་ཁྲོད་མཉམ་ཞུགས་གནང་ཡོད་པ་རེད།

འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པ་ནི་ཕྱི་ལོ་ ༢༠༠༤ ལོར་འཇར་མན་དུ་གསར་འཛུགས་གནང་པ་དང་། ༢༠༠༦ ལོར་འཇར་མན་དུ་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་པ་དང་། ༢༠༠༩ ལོར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཚོགས་པའི་ཚོགས་ཆེན་ཐེངས་གསུམ་པ་བཅས་སོ་སོར་ཡུ་གུར་རང་དབང་འཐབ་རྩོད་པ་ལྕམ་རེ་བྷེ་ཡ་ལགས་ཚོགས་པའི་ཚོགས་གཙོར་བདམས་ཐོན་བྱུང་ཡོད་པ་རེད།

འཛམ་གླིང་ཡུ་གུར་འཐུས་ཚབ་ཚོགས་པའི་རྟེན་གཞི་གཙོ་བོ་འཇར་མན་དུ་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་ ༢༢ ནང་ཡན་ལག་མཐུན་ཚོགས་བཙུགས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

ཆུ་ཚོད་ ༤ སྔོན་ལ།
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

ཆུ་ཚོད་ ༥ སྔོན་ལ།
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢
བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས།
Mobile App

དབྱིན་ཡུལ་སྐུ་ཚབ་དོན་གཅོད་གསར་པ་ཞིག་བསྐོ་གཞག་བྱས་འདུག

༢༠༢༦/༡༡/༡༢
འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་ལ་ཕེབས། པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་བླངས།
གསར་འགྱུར།

འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་སུ་ཕེབས། 

༢༠༢༦/༡༡/༡༡

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཡུ་བོད་སོག་གསུམ་གྱི་ཚོགས་ཆེན་འཚོགས་ཡ་དུས་ཚོད་རན་མི་འདུག་གམ། ཡུ་བོད་སོག་གསུམ་མཐུན་ལམ་ཡུན་བརྟན་ཤོག །

    Reply
  2. ཤིང་ལོ། says:
    ལོ་ 15 སྔོན།

    ཟླ་བས་རྒྱལ་བོ་དང་། སྐར་མས་འབངས་མི་མཚོན་གྱི་ཡོད་དང་། ད་དུང་སྤྲིན་གྱི་སྒྲིབ་གཡོག་མེད་པར་ནམ་མཁའ་སྔོ་བསང་དུ་རྒྱུ་བ་ནི། ཕུགས་རྒྱང་རིང་བོའི་མདུན་ལམ་དང་། དྭངས་ཤིང་གཙང་བའི་བསམ་བློ་མཚོན་གྱི་ཡོད་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese