མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུད་སིར་བོད་མིས་རྒྱ་གཞུང་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཕུར་བུ་ཉིན་སུད་སི་གྲོང་ཁྱེར་ཛོའི་རིག་ནང་བོད་མི་བརྒྱ་ཕྲག་ཁ་ཤས་མཉམ་ཞུགས་ཐོག རྒྱ་ནག་གཞུང་ཚབ་ཁང་གི་སྒོ་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག 

འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཁ་སང་ཕྱི་ཚེས་ ༥ ཉིན་སུད་སི་གནས་སྡོད་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག གྲོང་ཁྱེར་ཛོའི་རིག་མེ་འཁོར་འབབ་ཚིགས་ཀྱི་ཉེ་འགྲམ་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བར་རྔམ་སྟོན་སྐད་འབོད་ཀྱི་ལས་འགུལ་འཁྲིག་ཆ་དོད་པ་ཞིག་བྱས་ཡོད་ལ། ལས་འགུལ་དེར་མི་མང་བརྒྱ་ཕྲག་ཁ་ཤས་མཉམ་ཞུགས་གནང་ཡོད་འདུག   ལས་འགུལ་སྐབས་མི་མང་པོ་ཞིག་ཚོར་ཤུགས་ཆེན་པོས་རྒྱ་ནག་གཞུང་ཚབ་ཁང་གི་ནང་དུ་མཆོངས་གྲབ་བྱས་པ་དང་། མི་ཁ་ཤས་ཀྱིས་ཚོར་བ་མནོན་མ་ཐུབ་པར་དབུགས་འཚང་བ་དང་དྲན་པ་འཐོར་ཏེ་སྨན་ཁང་ནང་འཁྲིད་དགོས་པའི་གནས་ཚུལ་ཀྱང་བྱུང་ཡོད་པ་རེད། མཐར་མི་མང་ཚང་མས་བོད་ཀྱི་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་ཏེ་ལས་འགུལ་མཇུག་སྒྲིག་ཡོད་འདུག

བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཞོན་མཁར་འཕགས་ལགས་ཀྱི་ལས་འགུལ་དབུ་འཛུགས་གཏམ་བཤད་སྐབས། ཐེངས་འདིའི་ལས་འགུལ་འདི་ནི་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོས་རང་སྲོང་བློས་གཏོང་གིས་བོད་ཀྱི་འཐབ་རྩོད་ཆེད་སྐུ་ངལ་སྐྱོན་བཞིན་པའི་ཛ་དྲག་གི་གནས་བབ་སྤྱི་དང་། ཉེ་ལམ་རྒྱ་ནག་གི་སྲིད་འཛིན་རྒྱ་གར་དུ་སླེབས་སྐབས་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ལུས་མཆོད་མེར་ཕུལ་བ། ད་ལྟ་ལས་འགུལ་འགྲོ་བཞིན་པའི་གླིང་ཚ་ཚེ་བརྟན་རྡོར་རྗེ་མ་བུ་གསུམ་གྱི་ཞི་བའི་གོམ་བགྲོད་སོགས། རྒྱལ་གཅེས་ཁོང་ཚོའི་སྙིང་སྟོབས་ལ་རྒྱབ་ལངས་དང་། གདུང་སེམས་མཉམ་བསྐྱེད་བྱ་ཆེད་དམིགས་སུ་བཀར་ནས་སྤེལ་བ་ཞིག་ཡིོན་པ་བརྗོད་འདུག

དེ་བཞིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་སྐབས།  ད་ལྟའི་བོད་ནང་གི་གནས་བབ་ཛ་དྲག་གི་རང་བཞིན་མི་ཚང་མས་མཁྱེན་གསལ་ལྟར། སྐུ་ལུས་མཆོད་མེར་ཕུལ་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་ང་ཚོར་བཞག་པའི་གཅིག་གྱུར་གྱི་ཞལ་ཆེམས་ཀྱི་འབོད་ཚིག་ནི། བོད་ནང་རང་དབང་དང་དམངས་གཙོ། ༧གོང་ས་མཆོག་བོད་དུ་ཕྱིར་གདན་འདྲེན་བྱེད་དགོས་པ། བོད་མི་ཡོངས་རྫོགས་རྡོ་རྩ་གཅིག་སྒྲིལ་བྱ་དགོས་བཅས་ཡིན་པས། བོད་ཕྱི་ལོག་ལ་ཡོད་པའི་བོད་པ་མི་སུ་ཞིག་ཡིན་ནའང་ཞལ་ཆེམས་དེ་ཉིད་འཛམས་གླིང་མི་མང་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་གོ་བརྡ་སྤྲོད་རྒྱུ་དེ་ནི་ང་ཚོའི་ལས་འགན་ཆགས་ཡོད་གསལ་བཤད་སྦྲགས། ཁོང་གིས་ “ད་ལྟའི་བོད་ནང་གི་གནས་སྟངས་འདི་ལ་ཕྱོགས་གཅིག་ནས་བལྟས་ན་ཡིད་སྐྱོ་ཞིང་སེམས་ཕམ་དགོས་པ་ཞིག་ཡིན་ཡང་། ཕྱོགས་གཞན་ཞིག་ནས་བལྟས་ན་སེམས་ཤུགས་བསྐྱེད་དགོས་པ་ཞིག་དང་སྙིང་སྟོབས་བསྐྱེད་པ་ཞིག་ཡོང་གི་ཡོད། དེ་ནི་བོད་ནང་དུ་སྐུ་སྲོག་མཆོད་མེར་འབུལ་བཞིན་པ་རྣམས་དང་དཀའ་ལས་རྒྱག་བཞིན་པ་རྣམས་ཀྱི་མང་ཤོས་ཤིག་ནི། བོད་ཀྱི་མི་རབས་གསར་བའི་གྲས་ཡིན་པ་འདིས་བོད་དོན་རྒྱལ་སྤྱིའི་སྒང་ནས་ཡལ་མི་ཐུབ་པ་ཞིག་དང་། བོད་ཀྱི་མི་རབས་ནས་མི་རབས་བར་བོད་དོན་བློས་བཏང་མི་བྱ་བའི་སྙིང་སྟོབས་རྒྱུན་སྐྱོང་བྱ་ཐུབ་པའི་དཔང་རྟགས་གསལ་བོ་ཞིག་ཡིན།” ཞེས་བརྗོད་ཡོད་འདུག 

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༥ སྔོན་ལ།
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

ཆུ་ཚོད་ ༥ སྔོན་ལ།
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤

མཆན། 3

  1. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་འདི་ནི་བོད་ཀྱི་དཔའ་བོ་དང་དཔའ་མོ་འདས་གསོན་ཡོངས་ཀྱི་རེ་འབོད་དེ་དག་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་དམངས་ཚོའི་མདུན་དུ་ངོ་འཕྲོད་ཆེད་ཆབ་སྲིད་ཀྱི་ལས་འགུལ་འདྲ་མིན་སྤེལ་ཕྱིར་བཙུགས་ཤིང་དུས་ཡུན་ཐུང་ངའི་ནང་དུས་ཐོག་ཆར་པ་ལྟར་རྔམ་སྟོན་ཁྲོམས་སྐོར་སོགས་ཡུལ་ཁྲིམས་དང་མཐུན་ཞིང་ཆེ་མཐོང་ལྡན་པའི་ལས་འགུལ་མི་ཉུང་བ་སྤེལ་ཡོད་ཀྱང་གུ་དོགས་ཤིང་མིག་སེར་ཆེ་བའི་རྙིང་ཞེན་ཅན་གྱི་མི་སྣ་འགའ་ཞིག་གི་ཐུགས་ལ་བབ་ཀྱི་མེད་བཟོ་འདུག སོ་སོས་ལས་འགུལ་ཞིག་རྩོམ་མ་ཐུབ་ཀྱང་གཞན་གྱི་ལས་འགུལ་ལ་དགའ་བ་སྒོམ་རྒྱུ་ལས་ཕྲག་དོགས་བྱེད་པའི་དུས་ཞིག་ག་ལ་ཡིན། གལ་སྲིད་མི་འགྲིགས་པའི་གནས་ལུགས་ཀྱིས་གསལ་བཤད་ཡོད་ན་མཐུན་ཚོགས་འདིས་ཁས་ལེན་ངེས་ལ་དེ་མིན་ཀུ་ཅོ་སྒོྲོགས་པའི་དུས་མིན། ང་ཚོའི་གནས་བབ་འདིར་ཐེངས་གཅིག་གཟིགས་དང་། བོད་རྒྱལ་ལོ།

    Reply
  2. ཁ་བའི་བུ། says:
    ལོ་ 14 སྔོན།

    བོད་བསྟན་སྲིད་ཆེད་བོད་ཕྱི་ནང་གི་བོད་རིགས་ཡོད་དོ་ལྕོགས་ནས་རང་ནུས་གང་ཡོད་ཀྱིས་ལས་འགུལ་གནང་འོས་གནང་བར་མངག་འོས་སུ་མ་མཆིས་ཀྱང་སྐབས་ཐོག་དུས་ཐོག་ལས་འགུལ་སྤེལར་བར་རྒྱབ་སྐྱོར་ཡོད། འོན་ཀྱང་སུད་སིའི་མི་རབས་གསར་པའི་ཚོགས་པ་དེ་བཞིན་བོད་བསྟན་སྲིད་ཁོ་ནར་དམིགས་ཏེ་གསར་འཛུགས་ཞུས་ཤིང་རིམ་པས་རྒྱ་ནག་གཞུང་ཚབ་མདུན་རང་ཉིད་ཀྱི་སྐུ་ལུས་མེར་བསྒྲོན་ཐུབ་པའི་རེ་བ་ཡོད།

    Reply
  3. ཤིང་ལོ། says:
    ལོ་ 14 སྔོན།

    ང་ཚོ་དཀའ་ངལ་གང་ཞིག་ལ་འཕྲད་ཀྱང་ང་ཚོའི་ཆེད་དུ་རང་སྲོག་གཏོང་མཁན་ཚོ་ནམ་ཡང་རྗེད་མི་ཉན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese