མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་གཞུང་གིས་དམར་ཤོག་དྲ་རྒྱ་སྒོ་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༦ ཉིན་རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་གི་བཀོད་མངག་འོག རྒྱ་ནང་གི་དམར་ཤོག་དྲ་རྒྱ་གཉིས་སྒོ་རྒྱག་བཅུགས་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་རྒྱ་གཞུང་གསར་འགྱུར་གཞུང་ལས་ཁུངས་དང་། པེ་ཅིན་གྲོང་ཁྱེར་དྲ་རྒྱ་དོ་དམ་ཁང་། པེ་ཅིན་ཉེན་རྟོག་ཁང་དྲ་རྒྱ་བདེ་འཇགས་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་བཀོད་མངག་འོག རྒྱ་ནང་གི་དམར་ཤོག་མཁྲེགས་འཛིན་པའི་དྲ་རྒྱ་༼ཝུ་ཡུག་ཌི་ཞཱང་༽དང་༼མའོ་ཡི་དར་ཆ༽ཞེས་པ་གཉིས་སྒོ་རྒྱག་བཅུགས་ཡོད་པ་དང་། དྲ་རྒྱ་སྒོ་རྒྱག་དགོས་དོན་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་རྒྱབ་འགལ་དང་། རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣར་གནོད་འཚེ་བཟོས་པ་ཡིན་སྐོར་བརྗོད་ཡོད་འདུག 

དམར་ཤོག་དྲ་རྒྱ་ཝུ་ཡུག་ཌི་ཞཱང་གིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། གོང་གསལ་རྒྱ་གཞུང་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་ཐོག་ཁོ་ཚོའི་དྲ་རྒྱའི་འགན་ལེན་པ་འབོད་འགུགས་ཀྱིས་གླེང་མོལ་བྱས་ཏེ། ཝུ་ཡུག་ཌི་ཞཱང་དྲ་རྒྱས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་རྒྱབ་འགལ་དང་། རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣར་མ་རུངས་ཁོག་བཅུག་གི་གནོད་འཚེ་བཟོས་པ།  སྐབས་བརྒྱད་པའི་ཚོགས་ཆེན་དང་འབྲེལ་བའི་ཧམ་བཤད་སྣ་ཚོགས་ཁྱབ་སྤེལ་བྱས་ཡོད་པར་བརྗོད་དེ།  གོང་གསལ་སྡེ་ཁག་གསུམ་གྱིས་མཉམ་འབྲེལ་ལག་བསྟར་བྱས་དོན་ལྟར།  ༢༠༡༢ ཟླ་ ༤ ཚེས་ ༦ ཆུ་ཚོད་ ༡༢ ནས་བཟུང་སྟེ་འབྱུང་འགྱུར་ཟླ་གཅིག་རིང་དྲ་རྒྱ་སྒོ་རྒྱག་དགོས་པའི་བཀའ་བཏང་སྟེ། དུས་ཡུན་དེའི་རིང་དྲ་རྒྱར་ཞིབ་བཤེར་དག་ཐེར་བྱས་རྗེས། ལྟ་རྟོག་ནན་མོ་བརྒྱུད་བསྐྱར་དུ་སྒོ་ཕྱེ་ཆོག་པ་བརྗོད་ཡོད་པ་དང་། སྐབས་དེར་ཁོ་ཚོའི་དྲ་རྒྱའི་འགན་ལེན་པས་བཅའ་ཁྲིམས་དང་རྒྱབ་འགལ་གྱི་བརྗོད་གཞི་ཁག་མིང་འདོན་གནང་རྒྱུའི་རེ་སྐུལ་བྱས་པར། བརྗོད་གཞི་བྱེ་བྲག་པ་གང་ཡང་འདོན་རྒྱུ་མེད་པར་གྱུར་ཡོད་ཀྱང་།  མཇུག་མཐར་བཙན་དབང་གི་སྒོ་ནས་གླེང་མོལ་གྱི་མཚམས་འཇོག་བྱེད་བཅུག་པའི་སྐོར་བཀོད་འདུག 

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་དམར་ཤོག་དྲུང་ཆེ་པའོ་ཞིས་ལའེ་ཡི་གོ་གནས་ཕབ་རྗེས། རྒྱ་ནག་ནང་འདས་པའི་ལོ་ ༢༠ ནང་ཆེས་ཉེན་ཚབ་ཆེ་བའི་ཆབ་སྲིད་རྙོག་ཟིང་བྱུང་ཡོད་པ་རེད། དེ་སྔོན་པའོ་ཞིས་ལའེ་ཡིས་དམར་ཤོག་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་སྐབས་སུ། ཝུ་ཡུག་ཌི་ཞཱང་སོགས་དམར་ཤོག་གཡོན་ལྷུང་པའི་དྲ་རྒྱ་དག་གིས་རྒྱབ་སྐྱོར་རོགས་འདེགས་བྱས་ཡོད་པ་རེད། ཕྱི་ཟླ་ ༣ པའི་ནང་པའོ་ཞིས་ལའེ་ལས་གནས་ནས་ཕབ་མ་ཐག ཝུ་ཡུག་ཌི་ཞཱང་དྲ་རྒྱ་ཡང་ཉིན་འགའི་རིང་སྒོ་འབྱེད་མི་ཐུབ་པ་ཆགས་ཡོད་པ་དང་།  རྗེས་སུ་ཁྲུང་ཆིན་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་བསུབ་རྗེས་བསྐྱར་དུ་སྒོ་ཕྱེ་ཡོད་པ་རེད།

ཉེ་བའི་ཟླ་འགའི་ནང་དམར་ཤོག་དཔོན་རིགས་ནང་ཁུལ་གྱི་རང་དབང་ཤོག་ཁག་གིས། རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་བྱེད་དགོས་པའི་ཐད་སྔར་ལས་ལྷག་པར་ཤུགས་སྣོན་རྒྱག་བཞིན་པ་དེར།  ཝུ་ཡུག་ཌི་ཞཱང་གཙོས་དམར་ཤོག་མཁྲེགས་འཛིན་པའི་དྲ་རྒྱ་དག་གིས་ཆེད་དུ་ཁ་གཏད་ངོ་རྒོལ་གྱི་གླེང་གཞི་སྐྲུན་ཡོད་པ་རེད། ཨུ་ཡུག་ཌི་ཞཱང་དྲ་རྒྱའི་སྤྱི་ཁྱབ་པ་ཧྥན་ཅིན་ཀཱང་གིས་གསར་ལམ་ཁག་ཏུ།  “ཁོ་པས་བསམ་ན། འདི་ནི་གནས་འཕྲིན་དྲ་རྒྱར་བཀག་སྡོམ་ནན་མོ་བྱེད་བཞིན་པ་དང་། ཝུ་ཡུག་ཌི་ཞཱང་དྲ་རྒྱ་ནི་དམར་ཤོག་པའི་དྲ་རྒྱ་ཡིན་པའི་ངོ་བོའི་ཐོག་ནས་རེད།” ཅེས་བརྗོད་འདུག  

ཝུ་ཡུག་ཌི་ཞཱང་དྲ་རྒྱ་ནི་རྒྱ་ནག་དམར་ཤོག་གཡོན་ལྷུང་པའི་ཆབ་སྲིད་ལྟ་བ་དང་མའོ་ཡི་བསམ་བློ་ལངས་ཕྱོགས་བཟུང་སྟེ། རྒྱ་ནག་གི་ཆབ་སྲིད་དཔལ་འབྱོར་ཐད་གླེང་ཕྱོགས་སྤེལ་མཁན་གྱི་དྲ་རྒྱ་ཞིག་ཡིན་ལ། ༢༠༠༣ ལོར་པེ་ཅིན་ཝུ་ཡུག་ཌི་ཞཱང་རིག་གནས་བརྒྱུད་སྒྲོག་ལས་ཁུངས་ཀྱི་སྟངས་འཛིན་འོག   ཧྥན་ཡུན་ཀཱང་དང་ཁྲའོ་ཏིག་ཆཱང་སོགས་ཀྱིས་གསར་འཛུགས་བྱས་ཡོད་པ་རེད།  

ཝུ་ཡུག་ཌི་ཞཱང་དྲ་རྒྱས་རྒྱ་ནང་གི་གནས་འཕྲིན་དྲ་རྒྱ་ཆེ་ཤོས་ཞིན་ལིང་ཝེ་པའོ་ཐོག་ཟིན་བྲིས་ཤིག་བཟོས་ཏེ། ཁོ་ཚོའི་དྲ་རྒྱར་དོ་སྣང་ཅན་ཚོས་དེར་ལྟ་དགོས་པའི་འབོད་སྐུལ་བྱས་འདུག

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༡༤ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༡༧ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ༢༧༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༨ གི་ཆུ་ཚོད་ ༧ སྐར་མ་ ༣༡

    ཆེས་གཟབ་དགོས། ཞིས་ཅི་ཕིན།
    ཆེས་ཡར་རྒྱས། རྒྱ་ནག་མི་རིགས།
    ཆེས་དྭངས་གཙང་། བོད་རིགས་ཆོལ་གསུམ།
    ཆེས་དགོས་ཡ། རྒྱ་བོད་མཐུན་སྒྲིལ། །

    Reply
  2. ལུང་རྟོགས། says:
    ལོ་ 14 སྔོན།

    ད་ཡིན་ན་དམར་ཤོག་གིས་དམར་ཤོག་བརླག་བཞིན་འདུག ད་དུང་ལྟད་མོ་ཡོད

    Reply
  3. ཀླུ་ བློ་བསམ། says:
    ལོ་ 14 སྔོན།

    ད་འདིའི་རིགས་གཅིག་རྗེས་གཉིས་མཐུད་རེད ཨ་གནམ་རྒན་མ། ཅིག་ལ་ཉི་མ་ཤར་གོ་ནི་མིན་ན་ནནནནནནནན

    Reply
  4. ཤིང་ལོ། says:
    ལོ་ 14 སྔོན།

    ༼རྡོ་ཡི་རྟ་ཡིས་རྟ་རྣམས་གསོད་བྱེད་ཅིང་།།གསེར་གྱི་ཤིང་རྟས་ཤིང་རྟ་འཇོམས་པར་བྱེད།།༽དམར་པོ་རྣམས་ཀྱིས་དམར་པོ་རླག་པར་བྱེད།།

    Reply
  5. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    དགོས་པའི་གཏམ་དེ་གོ་ནས་བྱུང་། །ང་ཚོ་སྐྱིད་འགོ་ཚུགས་ནས་བདའ། །གངས་ལྗོངས་དབུ་འཕངས་ཇི་མཐོ་རེད། །དམར་ཤོག་ལས་དབང་མར་འགྲིབ་རེད། །དུས་ད་རིང་དགའ་བའི་གླུ་ཆུང་ལེན། །དུས་ད་རིང་སྐྱིད་པའི་ཞབས་བྲོ་འཁྲབ། །ང་གངས་ཕྲུག་སེམས་པ་ཡར་སྐྱིད་རེད། །རྒྱ་དམར་པོའི་སེམས་པ་ཇི་སྡུག་རེད། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese