མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོ་གཟར་རྣ་ལ་ཀི་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༥༡སྟེང་གི་རྩོམ་སྒྲིག་པའི་གཏམ།

དྷ་སར་རྒྱུགས་ཆེ་བའི་ཐ་སྙད་འགའ་ཡོད་པའི་ནང་ནས། སྐད་གྲགས་ཆེ་ཤོས་དེ་ ‘ཟ་ལེ་རྒྱ’ ཡིན་ལ།  སྙིང་འདར་ཚ་ཤོས་དེ་ ‘སྤྱང་པོ’ ཡིན།  མ་གཞི་ཟ་ལེ་རྒྱ་ནི་སྔོན་ཆད་གསར་འབྱོར་ཚོ་དང་འགྲོགས་ཏེ་དྷ་སར་སླེབས་པར་བཤད་ལ། ད་སྐབས་གསར་འབྱོར་བའི་གྲིབ་མ་དང་ལྷན་དུ་དྷ་ས་ནས་ཡལ་བཞིན་ཡོད་པས། དམིགས་བསལ་གླེང་དགོས་པའི་སྙིང་པོ་ཆེར་མི་འདུག་སྟབས། ཟ་ལེ་རྒྱ་ཡི་ནག་ཉེས་དང་གསར་འབྱོར་བ་ཚོའི་ཁ་སྟབས་གླེང་གི་མིན།

    དུས་རྒྱུན་དྷ་སའི་གཡས་གཡོན་གྱི་རྣམ་རིག་བཀྲ་བའི་བོད་པའི་བྱིས་པ་ཚོ་མཐོང་ཡོང་དུས།  མི་ལོ་ལྔ་བཅུར་གཞན་ཡུལ་དུ་གྱར་དགོས་བྱུང་ཡང་སོ་སོའི་ཤ་རུས་ཁྲག་རྒྱུན་དང་། ཁ་མིག་གདོང་ལྤགས་མ་བོར་བའི་དགའ་སྣང་ཞིག་སླེབས་ཡོང་གི་འདུག  དེ་ནི་མི་ཚོགས་བརྒྱ་འདུས་སྟོང་འདུས་དང་མི་རིགས་ཕར་འདྲེས་ཚུར་འདྲེས་ཀྱི་གཞན་ཡུལ་ལུང་པ་འདིར།  དུས་དེ་རིང་ལ་ཐུག་གི་བར་དུ་བཙན་བྱོལ་དུ་འཚར་ལོངས་བྱུང་པའི་མི་རབས་འདིས། སོ་སོའི་མི་རིགས་ལ་བཅངས་པའི་འདང་བརྩེ་དང་།  ཕྱིར་ཕ་ཡུལ་ལ་ལོག་འདོད་ཀྱི་འཁྲེང་ཞེན་དོར་མ་མྱོང་བའི་དན་རྟགས་ཉག་གཅིག་རེད།  ཉམས་དགའ་བའི་གནས་སྟངས་འདིའི་སྐུ་དྲིན་དང་ངོ་སོ་ཡོད་ཚད། གནའ་མི་བོད་ཀྱི་གཏམ་ལ། “རྟ་རྒྱུད་ཕོ་ལ་ལྟོས། མི་རྒྱུད་མ་ལ་ལྟོས།” ཞེས་པ་ལྟར། རི་མགོའི་གནས་ཚང་འདི་ནས་བོད་པའི་ཐབ་ཀ་འཁྱགས་མ་བཅུག་པའི་བཙན་བྱོལ་མ་ཡུམ་ཚོར་སྤྲོད་དགོས།

    ཡིན་ནའང་།  ཚོན་མདོག་གཅིག་གིས་ལྷ་བཞེངས་མི་ཐུབ་པས།  རྩི་གདན་དཀར་པའི་སྟེང་ལ་ཐིག་རྩ་ནག་པོ་རེ་ཅིས་ཀྱང་འཐེན་དགོས་པར་སེམས། དེ་ནི་མ་ཡུམ་ཚོའི་ངོ་སོ་བརྐུ་འདོད་ཀྱི་ཁྲམ་པའི་ལག་སྙོབ་མ་ཡིན་པར། དྲོད་ཁོལ་འཁྱིལ་བའི་བོད་པའི་ཐབ་ཀ་དེ་མ་ཡུམ་ཚོའི་ལག་ནས་འཁྱག་ལ་འབྱར་མི་ཡོང་བའི་ཆེད་དང་།  ཉེ་ཆར་མ་ཡུམ་ཚོའི་ཚོགས་ཆེན་ཐེངས་བཅུ་པའང་དྷ་སར་འཚོགས་འཆར་ཡོད་སྐད། མགོ་གཟར་རྣ་ལ་ཀི་ཡི་ཚུལ་དུ་བྱིས་པ་ཚོ་སེམས་ཀྱིས་འཚོས་པའི་མིག་ཆུ་རྡོག་གཅིག་ཡིན་ལ། ‘སྤྱང་པོ’ ཞེས་པའི་ནང་གི་སློབ་གསོའི་ཐ་སྙད་དེའི་སྐུད་ཐག་ལ་བརྒྱུས་ཤིང་། སྤྱི་ཚོགས་ཧྲུལ་པོའི་གཏིང་རིམ་ན་ས་རྩིད་བཞིན་ཁུ་སིམ་མེར་རྐང་ལག་བརྐྱང་སྟེ་སླེབས་ཀྱིན་པའི་མི་གཤིས་ཀྱི་གས་ཁ་ཟབ་མོ་དག་གླེང་འདོད་པ་ཡིན།

            ཆུང་བ་ཁྱིམ་ཚང་ནས་ཆེ་བ་སྤྱི་ཚོགས་བར། འགྲོ་བ་མིའི་མི་གཤིས་འཚར་ལོངས་ཀྱི་གོམ་ཁ་དང་པོ་དེ་མ་ཡུམ་ཚོའི་པང་ཁ་ནས་ཆས་དགོས་པར་བརྟེན།  བོད་པའི་བུད་མེད་ཀྱི་ལྷན་ཚོགས་ཀྱིས་ཀྱང་ཆབ་སྲིད་ཀྱི་འཐབ་རྩོད་ཁོ་ན་ཞིག་དང་།  ཐོབ་ཐང་གི་གླེང་མོལ་རྐྱང་རྐྱང་ལ་དབུ་མི་འཁོར་པར། འུ་ཅག་བཙན་བྱོལ་བའི་བྱིས་པ་ཚོའི་བོད་པའི་ཁ་ལྕེ་ལྐུག་བཞིན་པ་དང་།  བྱིས་པ་ཚོའི་བོད་ཀྱི་མི་གཤིས་འབོར་གྱིན་པའི་མི་རིགས་འདིའི་རྐང་དང་རུས་པ་ལྟ་བུའི་གཏིང་རིམ་གྱི་གནད་དོན་དག   སེམས་ཐོག་ལ་བླངས་ཏེ་ལག་ཐོག་ལ་བསྟར་ཐབས་སུ་ཁ་མིག་ཕྱོགས་དགོས་ལ།  བོད་པའི་མི་ཁྱིམ་རེར་བརྩེ་སེམས་དང་ལྷག་བསམ་འཁྱིལ་བའི་མཁའ་དབུགས་ཤིག་རྔུབ་ཐུབ་རྒྱུར་མནོ་བསམ་བཏང་སྟེ།  གཉུག་མར་གནས་པའི་བོད་པའི་བུད་མེད་ཀྱི་རང་གཤིས་དྲང་མོ་དེ་བླ་འགུགས་གནང་རོགས། 

འབྲེལ་ཡོད་གསར་འགྱུར།

པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

ཆུ་ཚོད་ ༣ སྔོན་ལ།
ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese