མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲུང་ཆིན་གྲོང་ཁྱེར་ལ་ཟིང་ཆ་ལངས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དགོང་མོ་པའོ་ཞིས་ལའེ་ལ་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་མ་བྱས་པའི་སྔོན་ལ། ཁྲུང་ཆིན་གྲོང་ཁྱེར་ནང་མི་མང་འདུ་འཛོམས་གྱི་གཞི་རྒྱ་ཆེ་བའི་ངོ་རྒོལ་ཞིག་བྱུང་འདུག

ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་དགོང་མོ་རྒྱ་ནག་དབུས་གཞུང་གིས་དེ་སྔའི་ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་པའོ་ཞིས་ལའེ་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་ལྟར། ཉིན་དེའི་ཉིན་རྒྱབ་ཙམ་ལ་རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་ཝན་ཁྲིན་ས་ཁུལ་གྱི་སློབ་ཕྲུག་དང་མི་མང་ཉིས་ཁྲི་ལྷག་གིས་ལག་ཏུ་ ༼ཝན་ཁྲིན་ས་ཁུལ་ང་ལ་ཕྱིར་སྤྲོད༽ ༼ང་ཚོས་ཟ་མ་བཟའ་དགོས་ཀྱི་འདུག༽ ཞེས་པའི་འཕྲེད་དར་འཕྱར་ཏེ། ཁྲོམ་གཞུང་དུ་གཞི་རྒྱ་ཆེ་བའི་འདུ་འཛོམས་གོམ་བགྲོད་ཀྱི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད། སྐབས་དེར་ས་གནས་གཞུང་གིས་དྲག་ཆས་ཉེན་རྟོག་དམག་མི་སྟོང་ཕྲག་འགའ་ཆེད་གཏོང་གིས། མང་ཚོགས་ཁྲོད་མིག་སྦྲིད་དུག་རླངས་འགལ་རྫས་སོགས་གཏོར་ཏེ་མི་མང་འདུ་འཛོམས་ཁ་འཐོར་དུ་གཏོང་ཐབས་བྱས་ཡོད་ཀྱང་། མང་ཚོགས་ཀྱི་ངོ་རྒོལ་འགོག་མ་ཐུབ་པར་མཚན་ཡོལ་བར་ངོ་རྒོལ་འདུ་འཛོམས་མུ་མཐུད་བྱུང་ཡོད་འདུག 

ཕྱི་ཚེས་ ༡༡ ཉིན་རྒྱ་ནག་དབུས་གཞུང་མཐོ་རིམ་དཔོན་རིགས་ཀྱིས་དྲག་གནོན་དགོས་པའི་བཀའ་རྒྱ་བཏང་བ་ལྟར། དྲག་ཆས་ཉེན་རྟོག་དམག་མིས་མང་ཚོགས་ཐོག་དྲག་གནོན་བྱས་ཏེ། བཙན་ཤུགས་ཀྱིས་མི་ཚོགས་ཁྲོམ་གཞུང་ནས་ཕྱིར་འདེད་ཀྱིས་ངོ་རྒོལ་ཞི་འཇགས་སུ་བཏང་ཡོད་ཀྱང་། དྲག་གནོན་ཁྲོད་མི་མང་པོར་རྨས་སྐྱོན་ཕོག་ཡོད་འདུག 

གྲོང་ཁྱེར་ཡུལ་མི་ཞིག་གིས་གསར་ལམ་ཁག་ཏུ། ངོ་རྒོལ་ཡར་ལངས་དེའི་བྱུང་རྐྱེན་གཙོ་བོ་ནི། དེ་སྔོན་ཁྲུང་ཆིན་གྲོང་ཁྱེར་ས་གནས་སྲིད་གཞུང་གིས་ཝན་ཁྲིན་ས་ཁུལ་དང་ཆིས་ཅང་རྫོང་གཉིས་ཟླ་སྒྲིལ་བཏང་སྟེ། ཝན་ཁྲིན་ས་ཁུལ་གྱི་ཡུལ་མིའི་ས་ཆའི་བདག་དབང་བཙན་འཕྲོག་བྱས་པར་བརྟེན་ནས། ས་གནས་མང་ཚོགས་ལ་རྒས་གསོའི་ཕོགས་དང་འཕྲོད་བསྟེན་ཁག་ལེན་མ་དངུལ་བཅས་མ་རག་པར་མི་མང་གི་འཚོ་བར་དཀའ་ངལ་བྱུང་བའི་རྐྱེན་གྱིས་ཡིན་སྐོར་བརྗོད་འདུག 

ཡིན་ནའང་། རྒྱ་ནག་གནད་དོན་ཉམས་ཞིབ་པ་ལིས་ཏཱ་ལགས་ཀྱིས་ངོ་རྒོལ་དེའི་རྒྱབ་ལོག་ཏུ་གནད་དོན་གཞན་ཞིག་ཡོད་པར་ངོས་འཛིན་དང་། ཉེ་ཆར་ཧུའུ་ཝུན་མཉམ་འབྲེལ་ཐོག་པའོ་ཞིས་ལའེ་ཡི་གོ་གནས་ཕྱིར་བསྡུའི་གནད་འགག་གི་སྐབས་འདིར།  འབྲེལ་ཡོད་ཡིག་ཆ་ཁག་རྫོང་རིམ་པའི་བར་དུ་བརྒྱུད་སྒྲོག་བྱས་ཏེ། རྒྱ་ནག་རྒྱལ་ཡོངས་གོང་འོག་ཚང་མ་འུར་འུར་ཟང་ཟིང་གི་གནས་སྟངས་ཆགས་བཞིན་ཡོད་ལ།  དེ་དང་བསྟུན་ནས་པའོ་ཞིས་ལའེ་ཡི་དབང་ཤུགས་བསྟི་གནས་ཁྲུང་ཆིན་གྲོང་ཁྱེར་དུ་ངོ་རྒོལ་ཡར་ལངས་བྱུང་བ་དེ་ནི། ཧུའུ་ཝུན་གཉིས་ལ་ཁ་གཏད་གཅོག་ཐབས་ཤིག་ཡིན་སྲིད་ལ། དུས་སྐབས་འདི་དང་བསྟུན་ནས་ཚད་བརྒལ་གྱི་དམག་ཤུགས་བེད་སྤྱོད་དང་། དོན་རྐྱེན་གྱི་རྒྱབ་ལོག་ཏུ་སྟོབས་ཤུགས་གང་རུང་ཞིག་གིས་ངོ་ལོག་བྱེད་བཞིན་ཡོད་སྲིད་པའི་དོགས་སློང་གནང་ཡོད་པ་རེད།

དེ་རིང་ཕྱི་ཚེས་ ༡༡ ཉིན། རྒྱ་ནག་གཞུང་འབྲེལ་མི་དམངས་དྲ་བའི་མིང་ཐོག་ནས་པའོ་ཞིས་ལའེ་ལ་ཞིབ་བཤེར་སྐོར་གྱི་དཔྱད་གཏམ་ཞིག་སྤེལ་ཏེ། གཏིང་ཟབ་པོའི་སྒོ་ནས་རྒྱ་ནག་དབུས་དམར་གཞུང་གི་ཐག་གཅོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་ཤེས་ཟབ་མོ་ལྡན་པའི་ཐོག་ནས། རང་འགུལ་གྱིས་སྲིད་འཛིན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་དྲུང་ཆེ་ཡིན་པའི་རྒྱ་ནག་དམར་གཞུང་དང་ལངས་ཕྱོགས་གཅིག་འཛིན་དགོས་པ་དང་། བསམ་བློའི་འདུ་ཤེས་དང་ལག་ལེན་གཅིག་གྱུར་ཐོག་དབུས་གཞུང་གི་ལམ་ཕྱོགས་སུ་བསྐྱོད་དེ།  བློ་རིག་དང་སྙིང་སྟོབས་ཡོད་ཚད་བཅོས་སྒྱུར་གྱི་ཕྱོགས་སུ་གཏད་དགོས་སྐོར་བརྗོད་འདུག 

ས་གནས་གྲོང་ཁྱེར་ཡུལ་མི་ཞིག་གིས་ཀྱང་གསར་ལམ་ཁག་ཏུ།  “གཞི་རིམ་གྲོང་ཁྱེར་མི་མང་རྣམས་འདི་ལྟར་དུས་གཅིག་ཏུ་གློ་བུར་མཉམ་འཛོམས་ཀྱིས་ངོ་རྒོལ་ཡར་ལངས་འབྱུང་རྒྱུ་ཁག་པོ་རེད། གཅིག་བྱས་ན་འདིའི་རྒྱབ་ལོག་ཏུ་སྟོབས་ཤུགས་གང་རུང་ཞིག་གིས་བརྒྱུད་སྐུལ་བྱེད་ཀྱིན་ཡོད་སྲིད་པ་རེད” ཅེས་བརྗོད་འདུག

ཕྱི་ཚེས་ ༩ ཉིན་རྒྱ་ནག་མི་མང་ཚོགས་ཁང་ཆེན་མོའི་ནང་ཧུའུ་ཅིན་ཐའོ་དང་། ཅཱ་ཆིན་ལིན། ཞིས་ཅིན་ཕེན། ལི་ཁི་ཆཱང་བཅས་ཀྱིས་མཉམ་དུ་འཛམ་གླིང་ཕྱི་སྡོད་རྒྱ་རིགས་མཛའ་འབྲེལ་ཚོགས་འདུའི་འཐུས་ཚབ་རྣམས་ལ་ཐུག་འཕྲད་སྣེ་ལེན་བྱས་ཡོད་ཀྱང་།  སྐབས་དེར་ཅཱང་གི་ཕྱོགས་གཏོགས་ཝུ་པང་ཀོ་དང་། ཧི་གོ་ཆང་། ཀྲུག་ཡུང་ཁཱང་། ལིས་ཁྲང་ཁྲོན་བཅས་གཅིག་ཀྱང་བཅར་མེད་པར་མ་ཟད། ཉེ་ཆར་རྒྱ་ནག་བཅིངས་འགྲོལ་ཚགས་པར་སྟེང་སྤྱི་ཁྱབ་དྲུང་ཆེ་ནི་རྒྱ་གཞུང་དམར་ཤོག་སྲིད་གཞུང་གི་གོ་གནས་མཐོ་ཤོས་དེ་ཡིན་ཡང་། ཆེས་མཐོའི་དབང་འཛིན་སྡེ་ཁག་མིན་ཚུལ་གྱི་དཔྱད་གཏམ་ཅིག་སྤེལ་ཏེ། ཧུའུ་ཅིན་ཐའོ་ལ་ཡོད་ཚད་སྟངས་འཛིན་གྱི་དབང་ཚད་མེད་པའི་སྐོར་གླེང་སློང་བྱས་ཡོད་པ་རེད། 

གཞན་ཡང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་དབུས་གཞུང་གིས་པའོ་ཞིས་ལའེ་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་མ་ཐག  ཁྲུང་ཆིན་གྲོང་ཁྱེར་ནང་མི་མང་གིས་ཤོག་སྦག་རྒྱག་པ་དང་།  ཟས་སྟོན་བཤམས་ཏེ་མཉམ་འཛོམས་སྤྲོ་སྐྱིད་གཏོང་བ་སོགས་ཀྱི་གནས་ཚུལ་ཡང་བྱུང་ཡོད་འདུག

 

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༠ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 19

  1. རྡོ་རྗེ། says:
    ལོ་ 14 སྔོན།

    དྲང་བདེན་གྱི་ལམ་བུ་ནི་ནམ་ཡང་གསལ་ངེས་ལ།ཁྲེལ་མེད་ཀྱིཧམས་སེམས་ལ་ནམ་ཡང་མཐའ་མེད།ད་ནི་ང་ཚོ་རང་ཡུལ་ལ་ལོག་པའི་བདེ་སྐྱིད་ཉི་མ་བསུ་བའི་ཞོགས་པའི་སྐྱ་རེངས་ཤར་བྱུང་།

    Reply
  2. ཁྲོ་ཕྲུག། says:
    ལོ་ 14 སྔོན།

    གནོད་དོན་འདིའི་རང་དབང་དགོས་པ་གསལ་པོ་རེད་ དེ་ན་ང་ཚོ་བོད་པ་གཙོས་གྲངས་ཉུང་མི་རིགས་རྣམས་ཀྱི་གོ་སྐབས་ཞིག་དང་། མུ་མཐུན་ནས་རྒྱ་ནང་ཞི་བའི་མི་མང་རྣསམ་ཀྱི་འབོད་སྒྲ་གནས་པ་ཤོག།

    Reply
  3. རོ་ལངས། says:
    ལོ་ 14 སྔོན།

    ད་ནི་མི་རིགས་ལྔ་བཅུ་ང་དྲུག་གཉའ་གནོན་དང་བཤུ་གཞོག་འོག་ནས་སྡེབ་ལངས་བྱེད་པའི་དུས་ལ་བབ་ལེ་རེད།

    ལངས་ཤོག་ ལངས་ཤོག

    གཅེས་པའི་སྲོག་ལ་བབ་ཀྱང་རང་དབང་མ་ཐོབ་བར་སྡོད་ཐབས་མེད་པ་རེད།
    གོ་ཨེ་སོང་། སྤུན་ཟླ་མི་རིགས་ཚོ།

    Reply
  4. བསོད་ནམས། says:
    ལོ་ 14 སྔོན།

    ཡ་ད་ཡིན་ན། བོད་པ་ཚོར་དམངས་སེམས་འགུག་པའི་གོ་སྐབས་བཟང་བོ་ཞིག་ཤར་གྱིན་མི་འདུག་གམ། འདི་ལྟར་རྒྱ་མི་ཚོས་ས་གནས་གང་ས་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་ན། ང་ཚོས་ཀྱང་ཚུར་ཕྱོགས་ནས་རྒྱང་ལྟ་བྱེད་ནས་མི་འདུག འུ་ཚོའི་མི་མང་གི་དམིགས་ཡུལ་དང་དགོས་འདུག་གཅིག་པས། ཕན་ཚུན་གཅིག་རྒྱབ་གཅིག་གིས་གནོན་དགོས་པའི་བརྡ་ཞིག་བསྟན་ཏེ། འགུལ་རྒྱུ་ན་དམར་གཞུང་སྲིད་དབང་སྒེར་གཅོད་རང་ལུགས་མགོ་རྟིང་སློག་རྒྱུར་མཐུན་རྐྱེན་བཟང་བོ་ཞིག་ཏུ་འགྱུར་བར་ཐེ་ཚོམ་མེད་དོ།། 
         ལྷག་པར་དེང་སང་གསར་ལམ་ཁག་ཏུ་སྨར་ཁམས་ཕྱོགས་སུ་ནགས་ཚལ་མེ་ལ་ཤོར་ནས་ཉིན་མང་བོ་ཕྱིན་ན་ཡང་། སྲིད་གཞུང་གིས་མ་གོ་མ་ཐོས་པས་ཚུལ་གྱིས་བཞུགས་ཡོད་རབ་འདུག་པས།  གཞིས་ལུས་བོད་མིའི་མགྲིན་ཚབ་ཀྱི་མགོ་བྱེད་ཚོས་དམར་བོའི་གཞུང་ལ་གནས་ལུགས་འགྲོ་མིན་མ་བལྟས་པར་ཁོང་ཚོའི་ཚབ་ཏུ་ཐེངས་འདིའི་རིན་ཐང་བྲལ་བའི་ནགས་ཚལ་ལ་མེ་སྐྱོན་འབྱུང་བཞིན་པའི་མཚོན། ཡུལ་ཕྱོགས་གང་ལ་འབྱུང་བཞིའི་གནོད་འཚེ་བྱུང་ཡང་མཁོ་ངེས་ཀྱིས་རོགས་སྐྱོར་བྱེད་ཀྱིན་མེད་པར་བློ་ཕམས་ཡོད་པའི་བརྡ་ལན་རེ་མ་བསྟན་ན་ཧ་ཅང་བློ་ཕམས་རེད། མི་དམངས་ལ་ཤ་ཚ་དང་བརྩེ་བ་མེད་སའི་ཁོ་ཚོ་ནང་བཞིན་སེམས་ཚོར་མེད་པའི་ཚུལ་གྱིས་མི་སྨྲ་བའི་རྟུལ་ཞུགས་བཟུང་བསྡད་ན་མི་འགྲིག་གི། 

    Reply
  5. sangkye says:
    ལོ་ 14 སྔོན།

    ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ་། རྒྱ་ནག་ཚངས་ལ་རླུང་རྟ་དར་སོང་ཀིའི་ལྷ་རྒྱལ་ལོ།

    Reply
  6. ཀུན་དགའ། says:
    ལོ་ 14 སྔོན།

    ཨོ་་་་་་་ད་ཡིན་ན་ཡག་པོ་བྱུང་། ང་ཚོར་མཚོན་ན་འདི་ནིབཀྲིས་པའི་ལྟས་ཤིག་རེད།

    Reply
  7. རྒྱང་མིག says:
    ལོ་ 14 སྔོན།

    རྒྱ་ནག་དམར་པོའི་སྲིད་གཞུང་འགོ་སྟིང་སློག་ནས་ཀྲུང་གོ་རྒྱལ་ཁབ་ཁ་འཐོར་དུ་འགྲོ་བའི་སྨོན་ལམ་འདེབས། བོད་རྒྱལ་ལོ།།

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དམར་པོའི་གདུག་རྩུབ་ཀླད་རྩ་གཏོར། །
    མ་འོའི་རོ་རུལ་ཕྱི་རོལ་རྟོལད། །
    ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །
    མི་མང་ངར་སྒྲས་བདེན་པ་རྒྱལ། །

    Reply
  9. ལུང་རྟོགས། says:
    ལོ་ 14 སྔོན།

    ད་ཡིན་ན་རྒྱ་ནག་ལ་ཨ་རབ་ཀྱི་དཔྱིད་ཀ་དེ་ཤར་གྲབ་མེད་འགྲོ།

    Reply
  10. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    དྲང་བདེན་འཐབ་རྩོད་ནམ་ཡང་བྱེད་དགོས་ཤིང་། །བོད་ཀྱི་བདེན་དོན་ནམ་ཡང་རྩོད་ལོས་དགོས། །དམར་གཞུང་ནོར་འཁྲུལ་ཐོད་པར་མཛུབ་བཙུགས་དགོས། །འོན་ཏང་རྒྱ་ནག་མི་མང་སྡུག་མི་རུང་། །ནམ་ཡང་མི་ཡི་རིགས་སུ་གྱུར་པ་ཀུན། །བདེ་སྡུག་གཅིག་ལ་སྦྲེལ་ཤེས་དགོས་སོ། །

    Reply
  11. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ད་རྒྱ་ནག་མི་དམངས་གཉིད་སད་བཞིན་འདུག དམར་ཤོག་བསྟན་པ་ཉམས་པའི་སྔ་ལྟས་རེད། ཡུན་རིང་མ་འགོར་བར་ཉིན་མ་གཅིག་རྒྱ་ནག་མི་དམངས་ཀྱིས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱ་ངེས་རེད། སྐབས་དེའི་དུས་དམར་ཤོག་གྱི་དཔོན་རྒན་ཚོས་ཅི་བྱ་གཏོལ་བྲལ་དུ་འགྱུར་རྒྱུ་ལས་མེད། ད་དམར་ཤོག་དཔོན་རིགས་ཚོས་རྒྱ་སྤྱིའི་ཉེས་ཅན་གྲལ་ལ་མ་འཇོག་གོང་རྒྱ་ནག་གི་ཆབ་སྲིད་གུ་ཡང་གཏོང་ཏེ་དམངས་གཙོ་ལམ་དུ་གློ་བུར་དུ་ཤར་སྐྱོད་མ་ཐུབ་ནའང་ག་ལེར་སྲིད་ཇུས་ལ་འགྱུར་བ་གཏོང་ན་རང་བདེ་གཞན་སྐྱེད་རེད།

    Reply
  12. ཅང་མེད། says:
    ལོ་ 14 སྔོན།

    ཀི་ཧེ་ཧེ་རྒྱ་ནག་ཚང་། ཀི་དེ་རང་དབང་མེད་པས་ཤོར་སོང་།

    Reply
  13. ཕྱུགས་རྫི says:
    ལོ་ 14 སྔོན།

    ད་རྒྱ་གཞུང་ལ་མགོ་སྟེང་ལོག་པའི་དུས་ལ་བབ་པ་ལོས་ཡིན་་་་སྤྱི་གཞུང་ངན་ཞིག་མགོ་སྟེང་ལོག་པ་ལ་རྒྱུ་རྐྱེན་གཉིས་ངེས་པར་ཚང་དགོས་སྙམ་་་ཕྱི་ཡི་རྒྱུ་རྐྱེན་ནི་ས་སྔ་མོ་ནས་མངོན་ཡང་ནང་གི་རྒྱུ་རྐྱེན་ནི་འདི་ནས་ཇེ་མངོན་ཏུ་གྱུར་ཡོང་གི་འདུ་་་་རང་དབང་ནི་ཚང་མ་ལ་དགོས་ངེས་ཡིན་པས་སྐབས་འདི་དང་བསྟབ་བསྟུན་ནས་རང་དབང་ལ་དགའ་ངེས་ཀྱིས་རྒྱ་རིགས་གྲོགས་པོ་རྣམས་པས་གོ་སྐབས་མ་ཤོར་བ་གྱིས།

    Reply
  14. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    དམངས་རྩོད་ཏང་རྩོད་ཀྱི་གཞི་རྒྱ་ཆེ་བའི་ཁྲོམསྐོར་ལ་འགྱུར་ཐུབ་པ་བྱེད་དགོས་པར་གང་ས་ཅི་ཐད་ནས་འབད་དགོས་སོ། རེམ་རེམ། གོ་སྐབས་རེད་དོ།།

    Reply
  15. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    དགྲ་བོ་རང་གཤེད་རང་ལ་ཕོབ།
    །རྒྱ་དམར་མགོ་ལ་རྒྱ་མི་རྒྱོབས།
    །རྒྱ་ཡུལ་རྡུལ་ཕྲན་བཞིན་དུ་རློགས།
    །མིང་དང་རྗེས་ཤུལ་མེད་པར་མཛོད།

    Reply
  16. ཁམས་པ། says:
    ལོ་ 14 སྔོན།

    ད་གང་ལྟར་ཡང་ཡག་གི་ཡོད། ད་བར་དམག་གི་ནུས་པ་ལ་བརྟེན་ནས་སྲིད་དབང་བཟུང་བ་རེད། ཉིན་གཅིག་དམག་གིས་ངོ་ལོག་བརྒྱབ་ན་ཨུ་རུ་སི་ནང་བཞིན་ཁ་འཐོར་དུ་འགྲོ་རྒྱུ་རེད། ད་མ་འཆི་ན་རིག་རྒྱུ་མང་པོ་ཡོད་ད།

    Reply
  17. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    གནད་དོན་ཡག་ཉེས་གང་བྱུང་ཡང་བོད་དང་ཞིན་ཅང་སོགས་ལ་མཚོན་ན་གོ་སྐབས་ཤིག་དང་ལྟད་མོ་ཞིག་རེད།
    ལོངས་ཤོག་ལོངས་ཤོག་རྒྱ་ནག་མི་དམངས་མུ་མཐུད་ནས་ལོངས་ཤོག།

    Reply
  18. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་གཞུང་དྲག་རྩུབ་ཐལ་བར་རློགས།
    ཀི་ཀི་ བསྭོ་བསྭོ་ ལྷ་རྒྱལ་ལོ།

    Reply
  19. མི་རྒོད། says:
    ལོ་ 14 སྔོན།

    ད་རྒྱ་དམར་ལས་འབྲས་འཁོར་དུས་རེད། མགོན་དཀོན་མཆོག་བདེན་ཤས་འབྱེད་དུས་རེད། ད་དཀར་ཚེ་དཀར་བ་ཡག་ལེ་རེད། ད་ནག་ཚེ་ནག་པ་ཡག་ལེ་རེད། ལྷ་ཡིད་དམ་རིག་པ་འགྲིམས་དུས་རེད། བོད་མི་རིགས་སྲོག་རིན་ལེན་དུས་རེད། ངས་སྤུན་ཟླ་མནར་གཅོད་གྲོལ་དུས་རེད། ལས་རྒྱུ་འབྲས་མྱུར་དུ་འཁོར་བ་ཤོག། དར་དམར་པོ་ཐལ་ལར་འགྱུར་བ་ཤོག། རྒྱ་མི་རིགས་བདེན་དོན་སྒྲུབ་པ་ཤོག། བོད་བདེན་པ་མྱུར་ཏུ་རྒྱལ་བར་ཤོག་།།།།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese