ཟླ་འདིའི་ཕྱི་ཚེས་ ༡༣ ནས་ ༢༨ ཉིན་བར་༸གོང་ས་མཆོག་གིས་ཨ་རི་དང་ཁེ་ཎ་ཌའི་ས་ཁུལ་འདྲ་མིན་ནང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་ཕྲུག་དང་ས་གནས་མང་ཚོགས་ཁྲི་ཚོ་བརྒལ་བར་བཀའ་སློབ་བསྩལ་རྒྱུ་ཡིན་འདུག
ཨ་རིའི་ཧཱ་ཝ་ཡི་ (Hawaii) སྤྱི་ཚོགས་ཐེབས་རྩ་ཁང་གིས་ཇི་ལྟར་གདན་ཞུས་གནང་བ་ལྟར། ཁ་སང་ཕྱི་ཚེས་ ༡༢ ཉིན་༸གོང་ས་མཆོག་བཞུགས་སྒར་ངྷ་ས་ནས་སེར་སྐྱ་མང་ཚོགས་ཀྱིས་ཕེབས་སྐྱེལ་ཁྲོད་ཨ་རིའི་ཧོ་ནོ་ལོ་ལོ་ (Honolulu) ས་གནས་སུ་འབྱོར་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༡༣ ནས་ ༢༨ ཉིན་བར་༸གོང་ས་མཆོག་གིས་ཨ་རི་དང་ཁེ་ཎ་ཌའི་གྲོང་ཁྱེར་སེན་ཌེ་གྷོ་ (San Diego) དང་། ལོ་སི་ཨན་ཇིལ་སི་ (Los Angeles) ། ཆི་ཁཱ་གྷོ་ (Chicago)། དེ་བཞིན་ཁེ་ཎ་ཌའི་གྲོང་ཁྱེར་ཨོ་ཊ་ཝ་ (Ottawa) བཅས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་དང་། ས་གནས་མང་ཚོགས་ཁྲི་ཚོ་བརྒལ་བར། ནང་ཆོས་ངོ་སྤྲོད་དང་ཆོས་ལུགས་མཐུན་སྒྲིལ། བཟང་སྤྱོད་ཡར་རྒྱས་བཅས་ཀྱི་ཐོག་བཀའ་སློབ་བསྩལ་རྒྱུ་ཡིན་པ་མ་ཟད། ཁོང་གི་ཆིབས་བསྒྱུར་སྐབས་ཕྱི་ནང་གསར་འགོད་པ་ཚོར་མཇལ་འཕྲད་དང་། རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་བཅས་ལ་མཉམ་ཞུགས་གནང་རྒྱུ་ཡིན་འདུག་ལ། ཆིབས་བསྒྱུར་སྐབས་ཨ་རིའི་ཆི་ཁ་གྷོའི་ལཱོ་ཡོ་ལཱ་གཙུག་ལག་སློབ་ཆེན་དང་ཧཱ་ཝ་ཡེའི་འགྲེམས་སྟོན་ཁང་གཉིས་ཀྱིས། ༸གོང་ས་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཤིག་ཀྱང་འབུལ་འཆར་ཡོད་འདུག ཐེངས་འདིའི་༸ གོང་ས་མཆོག་བཀའ་སློབ་གལ་ཆེའི་རིགས་དྲ་ལམ་ནས་ཐད་གཏོང་གནང་རྒྱུ་ཡིན་འདུག
གསར་འགོད་པ། དཔལ་ལྡན།
གོང་ས་སྐྱབས་མགོན་ཆེན་པོའི་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་མཐའ་དག་བདག་གི་རྒྱུད་ལ་འཕོས་ནས་བསྟན་པ་དང་སེམས་ཅན་གྱི་དོན་བྱེད་ནུས་པར་ཤོག་ཅིག་།
གདོོད་མ་ཉིད་ནས་གདོང་དམར་བོད་འབངས་ཐུགས་རྗེའི་ཡལ་བར་མི་འདོར་ཞིང་། །གོ་ལའི་དབུས་ནས་ཞི་བདེའི་ང་རོ་རབ་ཏུ་བསྒྲགས་པས་ཀླ་ཀློའི་ཚོགས། །དྲགས་ཏུ་྄ཁྲོས་ཀྱང་བྱམས་བརྩེའི་སྤྱན་གྱིས་ཡང་ཡང་གཟིགས་པར་མཛད་པ་ཡི། །རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་ཁྱེད་ལ་མི་ཕྱེད་དད་པས་གུས། །
འགྲོ་བ་ཡོངས་ཀྱི་དཔུང་གཉེན། །
འཛམ་གླིང་ཡོངས་ཀྱི་དེད་དཔོན། །
ནང་པ་ཡོངས་ཀྱི་བླ་མ། །
བོད་མི་ཡོངས་ཀྱི་མགོན་སྐྱབས། །
ང་ཡི་རྩ་བའི་བླ་མ། །
བསྟན་འཛིན་རྒྱ་མཚོ་ཁྱེད་ཉིད། །
༸སྐུ་ཚེ་ཡུན་དུ་བརྟན་ན། །
འཛམ་གླིང་ཞི་བདེ་སྨོས་ཅི། །
རབ་འབྱམས་རྒྱལ་བའི་སྙིང་རྗེ་མ་ལུས་པ།།
རབ་དཀར་མཚན་དཔེའི་མིག་གི་བདུད་རྩིར་སྨིན།།
གངས་ཅན་ལྷ་གཅིག་ཕྱག་ན་པདྨོ་ཡི།།
དགྱེས་བརྩེ་ཟད་པ་མེད་པས་རྟག་ཏུ་སྐྱོང་།།
སྙིགས་དུས་བསྟན་པའི་བདག་པོ་སྟོན་པ་ཁྱེད།།
མདོ་སྡེ་བསྐལ་བ་བཟང་པོའི་ལུང་གིས་བསྔགས།།
ཁྱད་འཕགས་གངས་ཅན་ལྗོངས་སུ་བྱོན་པ་ན།།
ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པ་ཤོག།།།
རྗེ་བཙུན་འཇམ་དཔལ་ངག་གི་དབང་པོའི་སྐུ།།
སྙིང་རྗེའི་གཏེར་ཆེན་བློ་གྲོས་བཟང་པོའི་གསུང་།།
ཡེ་ཤེས་མཐུ་སྟོབས་གསང་བའི་བདག་པོའི་ཐུགས།།
རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོའི་སྡེ།།
ཡོངས་རྫོགས་བསྟན་པའི་བདག་པོར་ཞབས་བརྟན་གསོལ།།
སྐྱབས་རྗེ་དམ་པ་འཁྲུལ་ཤིག་རིན་པོ་ཆེའི་གསུང་ཡིན།
༧ གོངས་ས་མཆོག་གི་ཐུགས་བཞེད་གེགས་མེད་འགྲུབ་པའི་སྨོན་ལམ་ཡང་ཡང་འདེབས།