མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་དྲིལ་བསྒྲཊ་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་གྲོང་བརྒྱད་པའི་དང་བླངས་བོད་མི་བཅུ་དྲུག་གིས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་དང་བླངས་བོད་མི་ ༡༦ གིས། བོད་ནང་རང་ལུས་མེར་བསྲེགས་ཀྱི་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་མཁན་རྒྱལ་གཅེས་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། མོན་གྷོ་ས་གནས་ནས་མགོ་འཛུགས་ཀྱིས་ཀ་ཎ་ཊ་ཀ་མངའ་སྡེ་དང་གྷོ་བ་གྲོང་ཁྱེར་བཅས་ས་གནས་ཁག་ ༡༦ ནང་སྦག་སྦག་སྐོར་སྐྱོད་བྱེད་བཞིན་ཡོད་ལ། དེ་རིང་སྦག་སྦག་སྐོར་སྐྱོད་པ་ཚོ་མེ་སོར་གྲོང་ཁྱེར་དུ་འབྱོར་ཡོད་འདུག

ཐེངས་འདིའི་སྦག་སྦག་སྐོར་བསྐྱོད་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ནི། བོད་ནང་ ༢༠༠༩ ལོ་ནས་ད་བར་བོད་ཕྱི་ནང་གཉིས་སུ་བོད་མི་སྐྱ་སེར་ ༣༥ ཡིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་སྐུ་སྲོག་ཤོར་ཡོད་པ་ལྟར། རྒྱ་གར་ཡུལ་མི་ཚོར་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རེ་འདུན་དང་ཁ་ཆེམས། རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་ངོ་སྤྲོད་དང་། བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་དོན་དྲིལ་བསྒྲགས་བྱ་ཆེད་གོ་སྒྲིག་གནང་བ་ཞིག་ཡིན་པ་མ་ཟད།  ལས་འགུལ་འདི་བརྒྱུད་དེ་ཁོང་ཚོས་རྒྱ་གཞུང་ལ་དོན་ཚན་དྲུག་ཅན་གྱི་དགོས་འདུན་ཞིག་ཀྱང་བཏོན་ཡོད་འདུག

དགོས་འདུན་དེ་དག་ལས་དང་པོ་ནི། བོད་ནང་རྒྱ་གཞུང་གིས་གདུག་རྩུབ་བཙན་གནོན་བྱེད་བཞིན་པའི་རྐྱེན་གྱིས། བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པར་ང་ཚོས་རྒྱ་གཞུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། གཉིས། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་རིགས་མྱུར་དུ་མཚམས་འཇོག་བྱ་དགོས།  གསུམ། འཛམ་གླིང་རྒྱལ་སྤྱིའི་ངོས་ནས་ཕྱོགས་སུ་མ་ལྷུང་བའི་ཚོགས་པ་ཞིག་བོད་ནང་ལ་བཏང་ སྟེ་བོད་ནང་འགྲོ་བ་མིའི་ཐོབ་ཡོད་མེད་ཀྱི་དངོས་ཡོད་གནས་ཚུལ་གསལ་འདོན་བྱ་དགོས། བཞི།  ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ ཡོངས་འཕྲལ་དུ་ཀློད་གྲོལ་གཏོང་དགོས། ལྔ། འཛམ་གླིང་དབུ་ཁྲིད་ཚོས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་འགན་འཁུར་བའི་ ཐོག་ནས་རྒྱ་ནག་མགོ་ཁྲིད་ཚོར། བོད་མིའི་མངོན་འདོད་དང་འཚམ་པའི་བཀའ་མོལ་དང་ཚེ་སྲོག་སྐྱོབ་དགོས་པའི་བཀའ་ མོལ་གནང་དགོས།  དྲུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ་བོད་ནང་གི་དམག་མི་ཕྱིར་འཐེན་དང་།  བོད་མིའི་གཞི་རིམ་ཐོབ་ཐང་དང་ཆོས་དད་རང་དབང་མྱུར་དུ་སྤྲོད་དགོས་། ཞེས་བཀོད་འདུག  

ཐེངས་འདིའི་དང་བླངས་ལས་འགུལ་བ་དག་ནི་མོན་གྷོ་གཞིས་གྲོང་བརྒྱད་པའི་རང་ལོ་ ༣༡ ནས་ ༥༠ བར་ཡིན་པའི་བོད་མི་ཁོ་ན་ཡིན་ཞིང་། ཁོང་ཚོ་ནི་བློ་བཟང་དཔལ་ལྡན་དང་མགུ་གྲགས། དགྲ་ལྷ་ཚེ་རིང་(ཀ)། འཇམ་དབྱངས་རྡོ་རྗེ། ཟླ་བ་རྒྱ་མཚོ། དགྲ་ལྷ་ཚེ་རིང་(ཁ)། བསྟན་འཛིན་བློ་གྲོས། བསྟན་འཛིན་དགྲ་ཆེན། བསྟན་འཛིན་གསུང་རབ། བསྟན་འཛིན་བློ་བཟང་། སྐལ་བཟང་རྡོ་རྗེ། བློ་བཟང་ཐུབ་སྟོབས། ཚེི་རིང་ཕུན་ཚོགས། ཚེ་རིང་རྡོ་རྗེ། ངག་དབང་རྡོ་རྗེ། ཚེ་བརྟན་དངོས་གྲུབ་བཅས་ཡིན་ལ། ཉིན་གྲངས་ ༡༠ ལྷག་གི་ཁོང་ཚོ་མོན་གྷོ་དང་བྷང་གྷ་བྷོར། བྷང་ལོར། མེན་ཊེ་ཡཱ། མེ་སོར། ཧོན་སུར། བྷེལ་ཀོབ། མེ་ཊེ་ཀེ་རེ། མན་ལོར། ཨོ་ཊེ་བྷེ། ཀར་ཝར། གྷོ་བ། བྷེལ་ཀེམ། ངྷེར་བ་ཊི། ཧོ་བྷེ་ལེ་བཅས་ས་གནས་ཁག་ ༡༦ ནང་སྦག་སྦག་སྐོར་སྐྱོད་དང་མཉམ་དུ་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་རེ་འདུན་དང་ཁ་ཆེམས་སོགས་ཀ་ཎ་ཊ་ཀ་དང་དབྱི་ཡིག ཧིན་རྡུ་སྐད་ཡིག་བཅས་ཀྱི་ཐོག་འགྲེམས་སྤེལ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༣ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༦ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥

མཆན། 9

  1. མི་རྒོད། says:
    ལོ་ 14 སྔོན།

    ལས་འགུལ་བ་རྣམས་ནས་ཞལ་འདེབས་མ་བཞེས་པ་དེ་ཧ་ཅང་རིན་ཐང་ཆེ་ལ་ཐུགས་རྗེ་ལན་མང་དུ་ཆེ་ཞུ་རྒྱུ་དང་། མིག་དཔེར་འོས་པའི་བྱ་བཟང་གཅིག་ཀྱང་རེད་ཤག། ཡིན་ཡང་ཞལ་འདེབས་དམིཊ་དོན་ལྟར་སྒྲུབ་ན་ཧ་ཅང་ཡག་པོ་རེད་གང་ལ་ཟེར་ན་ཉིས་སྟོང་བརྒྱད་ལོ་ལ་ལབ་གླེང་མང་པོ་ཞིག་བྱུང་བ་རེད། དེ་བདེན་དང་། རྒྱ་ལྟོ་ཟ་མིས་བོད་ཚང་ནང་དཀྲུག་ཡིན་དཔྱད་པས་གྲོལ་དགོས་ལེ་རེད། སྤྱིར་བོད་ཚང་གི་བལྟ་སྤྱོད་གཉིས་ལྡན་ལ་འཛམ་གླིང་ཡོངས་ནས་བསྔགས་བརྗོད་ཡོད་མུས་རེད། ཡིན་ཡང་བྱ་བ་གང་འདྲ་ཞིག་ཀྱང་བརྒྱ་ཆ་བརྒྱ་ནས་བརྒྱ་སྒྲུབ་ཐུབ་རྒྱུ་དཀའ་བའི་ཆོས་ཉིད་རེད། དེར་བརྟེན་ང་ཚོ་བོད་ཚང་མི་རིགས་ཀྱིས་ལས་དོན་སྒྲུབ་སྐབས་ངེས་པར་དུ་བསམ་བློའི་ནང་འདི་བཞག་དགོས་པ་རེད། ད་བར་ལས་དོན་བསྒྲུབས་ཟིན་པ་ལ་ཀླད་དཔྱད་བྱས་ནས་བློ་གཟུར་གནས་ཀྱིས་བླང་དོར་བརྒྱབ་རྟེན་མི་མང་ནས་གནང་དགོས་ཤིང་། ད་ལྟ་སྒྲུབ་བཞིན་པ་དང་། མ འོང་སྒྲུབ་རྒྱུ་ལའང་དེ་གནང་གལ་ཆེན་པོ་འདུག་ཞེས་མི་རྒོད་རྨོང་པའི་རྨོང་གཏམ་ཐལ་ལོ་།
    ༄་། བདེན་པ་ཉིད་རྒྱལ་གྱུར་ཅིག།། བོད་རྒྱལ་གྱུར་ཅིག།།

    Reply
  2. ཤག་སྒང་པ། says:
    ལོ་ 14 སྔོན།

    ལས་འགུལ་བ་འདི་དག་ཁ་སང་ཕྱི་དྲོ་བྷེལ་ཀོབ་ཏུ་འབྱོར་ནས་མི་མང་གིས་ཁོང་རྣམས་ལ་དགའ་བསུའི་སྣེ་ལེན་བྱས་སོང་། ཐུགས་རྗེ་ཆེའི་མགུལ་དར་བསྒྲོནད་སོང་།

    ཞལ་འདེབས་ཀྱང་འབུལ་བརྩི་ཡོང་པ་འདྲ། འོན་ཀྱང་ལས་འགུལ་འདི་དག་གིས་ང་ཚོས་ཞལ་འདེབས་མི་བླང་ཟེར་སོང་བས་འདི་ནི་ཆེས་རིན་ཐང་དང་མིག་ལྟོ་ཧ་ཅང་ལེགས་པོ་ཞིག་ཡིན་པར་སེམས།

    གལ་ཆེ་ཤོས་ནི། འགྲུལ་སྐྱོད་སྐབས་ས་གནས་མི་མང་གིས་དོ་སྣང་ཆེན་པོ་བྱ་ངེས་ཡིན་པས་སྨྲ་སྒོ་བཟང་བའི་འབྲེལ་ལམ་སྤུས་དག་གནང་དགོས་པ་ནི་ཁྱེད་རྣམས་ཀྱི་ལས་འགན་ཆེ་ཤོས་དེ་ཡིན་པས་ཡིད་གཟབ་གནང་རོགས་གནང་།

    དགོས་འདུན་ཧ་ཅང་མང་པས་ཕྱིས་སུ་ལས་འགུལ་ཅི་འདྲ་ཞིག་སྤེལ་ཀྱང་དགོས་འདུན་ཧ་ཅང་ཉུང་དགོས་པ་ལས་མང་ན་མི་དགའ་བས་དེ་ཡང་ཐུགས་སུ་འབོར་རོགས་གནང་།

    འཕྲུལ་རྟར་བཅིབས་ནས་ཕེབས་རྒྱུ་ནི་དེ་ཙམ་གྱི་ལས་སླ་བའི་བྱ་བ་ཞིག་མིན་པས་བཅག་པོ་དང་ལྷོད་པོ་བག་ཡོད་གནང་གལ།

    ཐུགས་རྗེ་ཆེ།

    Reply
  3. thapkegyatso says:
    ལོ་ 14 སྔོན།

    སྤུར་རྒྱལ་སྙིང་སྟོབས་གསོན་པོ་གཞིས་ཆགས་སུ་མེད་སྐད།།
    འཕྲུལ་རྟ་བཅིབས་པ་གཞོན་སྐྱེས་བཅུ་དྲུག་གིས་སེལ་སོང་།།
    སེང་དར་མཁའ་རུ་སྒྲེང་བཞིན་དྲང་བདེན་གྱི་འབོད་ཚིག།
    དོན་ཚན་དྲུག་གིས་གཞིས་བྱེས་མྱུར་འཛོམ་ལ་སྦྲེལ་ཅིག།

    Reply
  4. མི་རྒོད། says:
    ལོ་ 14 སྔོན།

    ལས་དོན་ལ་བཀྲིན་བླ་མེད་དུ་ཆེ།།།།

    Reply
  5. མི་རྒོད། says:
    ལོ་ 14 སྔོན།

    ེཤེལ་དཀར་བློ་བཟང་བཙོན་དུ་ལྷུང་ལྟར་ཡལ།།
    དེ་རིང་མཇལ་བ་དྲི་མ་ལྷང་ལྷང་རེད།།
    དྲྭ་སྤྱོད་ཕོང་མཁན་ཤེལ་དཀར་པ་པ་།།
    དྲི་མ་འཁྲུ་ན་ཡང་ཡང་འདི་རུ་བལྟ།།།། ཧ་ཧ་ཧ་།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    བྱ་གཞག་མཐའ་དག་བགེགས་མེད་ལྷུན་གྲུབ་ཡོང་བའི་རེ་སྨོན་དང། འབྱུང་འགྱུར་ཡང་ང་ཚོ་ཚང་མས་འཇོན་ཚོད་དཔག་ཚོད་ཀྱིས་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་རྒྱུར། ད་ལྟ་ནས་གྲ་སྒྲིག་ཨང་གསར་བྱེད་དགོས།།

    Reply
  7. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    གནམ་ལོ་འདི་ལ་གཞིས་བྱེས་ལྷན་དུ་འཛོམས། །
    གངས་ཅན་མགོན་པོ་གངས་རི་ཞིང་དུ་ཕེབས། །
    བདེ་སྐྱིད་ཉི་མ་བོད་འབངས་ཡོངས་ལ་ཤར། །
    ཆོས་སྲིད་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །

    Reply
  8. དོན་འགྲུབ་ says:
    ལོ་ 14 སྔོན།

    མོན་གྷོ་འདོད་རྒུ་གླིང་གི་གྲོང་སྡེ་བརྒྱད་པའི་གཞོན་སྐྱེས་ ༡༦ ནས་མ་བསྐུལ་དྭངས་བླངས་ཀྱིས་ཀར་ཎ་ཌ་ཀ་མངའ་སྡེའི་གྲོང་འཁྱེར་ཆེ་ཁག་ ༡༦ ཙམ་གྱི་ནང་སྦག་སྦག་སྐོར་བསྐྱོད་ཀྱི་བརྒྱུད་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་གནང་བཞིན་པ་མངགས་བརྗོད་དང་རྒྱབ་བསྐྱོར་ཞུ་གི་ཡོད། རང་གི་ནུས་པ་དང་འཇོན་ཐང་ལ་དཔག་པའི་ཚོགས་སྒེར་སུ་རུང་ནས་འདི་ལྟར་ལས་འགུལ་ཆེ་འབྲིང་ཆུང་གསུམ་གང་འོས་སྤེལ་དགོས་རྒྱུ་ནི་ཐོག་ཏུ་བབ་པའི་ལས་འགན་རེད་པས་ཚང་མས་དགོངས་བཞེས་གནང་སྐྱོང་ཞུ། བོད་རྒྱལ་ལོ།

    Reply
  9. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ཁྱེད་རྣམ་པ་ཐུགས་རྗེ་ཆེ་ལམ་ལ་བར་ཆད་མེད་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese