མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཡིག་ཟབ་སྦྱོང་།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་བོད་ཀྱི་ནང་ཆོས་དང་སྐད་ཡིགརྒྱལ་རབས་སྐོར་གྱི་ཟབ་སྦྱོང་ཞིག་མགོ་འཛུགས་གནང་ཡོད།

བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོགདེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་ངྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། དུས་ཡུན་ཟླ་གཉིས་ཙམ་གྱི་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཟབ་སྦྱོང་ཞིག་མགོ་འཛུགས་གནང་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་དུ་བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གཙོས་པའི་སེ་རའི་དགེ་བཤེས་བརྩོན་འགྲུས་ལགས་དང་རྩོམ་པ་པོ་འཇུ་བསྟན་སྐྱོང་བཅས་ཕེབས་ཡོད་འདུག

མཛད་སྒོའི་ཐོག་མར་ཉམས་ཞིབ་པ་ནཱ་ག་སངས་རྒྱས་བསྟན་དར་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་དང་ཕན་ཡོན་སྐོར་ངོ་སྤྲོད་གནང་རྗེས། ཟབ་སྦྱོང་ནང་ཞུགས་མཁན་སློབ་མ་ཚོས་སོ་སོའི་ལོ་རྒྱུས་ཐུང་ངུ་རེ་ངོ་སྤྲོད་གནང་སོང་།

ཐེངས་འདིའི་ཟབ་སྦྱོང་སྐབས་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞུབ་པ་ནཱ་ག་སངས་རྒྱས་བསྟན་དར་ལགས་ཀྱིས། ཁྲིད་གཞི་ངེས་མེད་ཀྱི་ཐོག་ནས་བོད་ཀྱི་སྐད་ཡིག་སྐོར་ཟབ་ཁྲིད་གནང་རྒྱུ་དང་། རྩོམ་པ་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་བོད་ཀྱི་རྒྱལ་རབས། གདན་ས་སེ་ར་དགོན་པའི་དགེ་བཤེས་བརྩོན་འགྲུས་ལགས་ཀྱིས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་བཅས་ཟབ་ཁྲིད་གནང་རྒྱུ་ཡིན་འདུག

ད་ཐེངས་ཀྱི་ཟབ་སྦྱོང་འདིའི་ནང་འཛིན་རིམ་བརྒྱད་པ་ཡན་གྱི་སློབ་མ་དང་ཆོས་ལུགས་རིས་མེད་ཀྱི་དགེ་འདུན་པ་བཅས་ཁྱོན་སློབ་མ་ ༣༠ ཙམ་མཉམ་ཞུགས་བྱས་ཡོད་པ་དང་། ཟབ་སྦྱོང་སྐབས་ཀྱི་འགྲོ་གྲོན་ཆ་ཚང་དཔེ་མཛོད་ཁང་རང་ངོས་ནས་ནར་གཏོང་གནང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

མཆན། 6

  1. ཡུལ་གྱར་གྱི་མཚེར་ས says:
    ལོ་ 11 སྔོན།

    དུས་བབ་ཚང་གིས་དག་ཆ་ལ་དོ་སྣང་གནང་རོགས། ཉམས་ཞིབ་ལ་ཉམས་ཞུབ་ཅེས་དྲིས་འདུག

    Reply
  2. རིག་འཛིན། says:
    ལོ་ 11 སྔོན།

    ཡིད་རངས་ཞུ།

    Reply
  3. རྟ་བོར་བ། says:
    ལོ་ 11 སྔོན།

    ཡག་པོ་འདུག་ཡིན་ཡང་རྗེས་ནས་འདི་འདྲའི་བགྲོ་གླེང་རེ་དང་ལས་འགུལ་རེ་སྤེལ་ན་ཀ་དར་སྒང་གསུམ་ཕྱོགས་སུ་གོ་བསྒྲིག་རེ་བྱེད་ཐུབ་ན་ཧ་ཅང་ཡག་པོ་ཡོད་པས་དེ་ལུགས་དགོངས་འཇགས་མཚལ།

    Reply
  4. མི་རྒོད། says:
    ལོ་ 11 སྔོན།

    གངས་སྐྱིད་དཔེ་མཛོད་གསེར་གྱི་རི་བོ་ཡིན།།
    གངས་ཅན་བློ་གྲོས་རྒྱས་སའི་སྒྲོན་མེ་ཡིན།།
    གངས་ཆུ་གཞོན་ནུའི་གསེར་ངོ་བཅད་ཤེས་ཚེ།།
    གངས་སྲོལ་རྒྱུན་འཛིན་དར་བ་གདོན་མི་ཟ།།
    བཀྲིན་ཆེ།།

    Reply
  5. སྙིང་མིག says:
    ལོ་ 11 སྔོན།

    ཐེངས་འདིར་ཟབ་སྦྱོང་ཕེབས་མཁན་ཕལ་མོ་ཆེ་ཞིག་ལ་བོད་ཀྱི་ཆོས་རིག་སོགས་གནའ་དེང་རིག་གནས་ལ་གོམས་འདྲིས་ཆེ་བ་ཤ་སྟག་ཡིན་འདུག་ཅིང་། གོ་སྒྲིག་འཛིན་སྐྱོང་ཡང་བཤུལ་ཐོགས་མེད་པར་གོ་རིམ་མ་ནོར་བའི་སྡེ་ཚན་ཞིག་ཏུ་སོང་གཤིས། ངེས་གཏན་གྱི་བློ་གྲོས་སྒོ་འཕར་དབྱེ་ཞིང་མི་གཞིའི་བསམ་བློའི་སྙིང་སྟོབས་ལ་མཐོར་འདེགས་ཐུབ་པའི་ཡིད་ཆེས་ཡོད། གྲགས་ཆེན་གྱི་སློབ་དགེ་དེ་དག་ཀྱང་མཐོ་སློབ་གཞན་དང་གཞན་གྱི་དགེ་རྒན་དག་ལས་ཆེས་རྣམ་དཔྱོད་ཕྱུག་ཅིང་དྲང་བདེན་ཁོད་སྙོམས་པ་ཞིག་ལ་ངོས་འཛིན་ན་ཆོག་གོ
    བོད་ཀྱི་སྐད་ཡིག་ལ་རིག་གཅིག་རྐང་འཛིན་བྱེད་སའི་སྡིང་ཆ་ཞིག་མེད་པ་འདི་ནི་ཆེས་བློ་འཚབ་བྱེད་དགོས་པ་ཞིག་དང་། ཆེས་ཉན་ཁའི་འགག་འཕྲང་རིང་མོ་ཞིག་རེད། སྔོན་ཆད་ཡིན་ན་ས་རཱ་མཐོ་སློབ་ལ་གཞན་གང་གིས་བསྒྲུན་དུ་མི་ནུས་པའི་ནུས་སྟོབས་ཤིག་རྒྱས་མོད། འོན་ཀྱང་ལོ་རྗེས་མ་ནས་དབྱིན་ཡིག་དང་། རྒྱ་ཡིག་གི་སླད་ཅིག་བསྲེས་ཡོད་སྐད་ཐོས་པ་དག་ནི་རང་མི་རིགས་ཀྱི་རིག་གཞུང་ལ་ཡིད་ཆེས་མེད་པ་དང། བྱམས་བརྩེ་མེད་པ། ལྷག་བསམ་མེད་པ་གསལ་བར་མཚོན་ཡོད་དོ། དབྱིན་ཇེའི་སྐད་ཡིག་སོགས་ནི་དེང་སང་གང་ནས་བསླབ་ཀྱང་རིན་མེད་ཀྱི་གོ་སྐབས་ཐོབ་ཡོད་པ་དངོས་ཡོད་ཡིན་ན་དེ་དག་གི་དྲི་མས་བསླད་པ་ནི་རང་མགོ་བཅད་ནས་གཞན་མགོ་འཛུགས་པ་དང་ཨ་ན་མ་ན་རེད། གཞན་གྱི་སྐད་ཡིག་ལ་རིག་གཅིག་རྐང་འཛིན་བྱེད་ས་ཡོད་ཀྱང་བོད་ཀྱི་སྐད་ཡིག་ལ་དེ་མེད་པ་དང་། ཡོད་པ་དག་དབྱི་བར་བྱེད་བཞིན་ཡོད་པ་ནི་ངན་རྟགས་ཤིག་ཡིན་པ་ཤེས་པར་བྱོས།

    Reply
  6. བཙན་བྱོལ་བ་ says:
    ལོ་ 11 སྔོན།

    བོད་སྐད་ཡིག་རྒྱུན་འཛིན་གྱི་ལས་འགུལ་འདི་ལྟར་བུ་སྤེལ་བ་ལ་བསྔགས་བརྗོད་ལན་མང་ཡོད། གོ་སྒྲིག་པ་དང་མཉམ་ཞུགས་པ་ཡོངས་ལ་མཚམས་འདྲི་ཡོད། ད་དུང་མུ་མཐུད་རྒྱུན་སྐྱོང་བྱེད་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist