མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་གསར་འདེམས།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཟླ་བའི་ཉིན་གྱི་དགོང་དྲོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐབས་བཅུ་བའི་དབུས་རྒྱུན་ལས་གསར་འདེམས་བྱས་ཡོད་པ་མ་ཟད། གྲོས་ཆོད་ཁག་ཅིག་གཏན་འབེབས་བྱས་ཡོད་འདུག  

ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༦ བར་བོད་ཀྱི་བུ་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བ་ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་ཚོགས་ཏེ།  ཉིན་ ༦ རིང་རྒྱ་བལ་གཉིས་ཀྱི་ས་གནས་ཁག་ ༣༣ ཀྱི་འཐུས་མི་ ༡༣༠ ལྷག་མཉམ་ཞུཊ་ཀྱིས་ལྷན་ཚོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་གཙོས་པའི་གྲོས་གཞི་དོན་ཚན་ ༡༧ ལ་གྲོས་བསྡུར་གནང་ཡོད་པ་ལྟར། ཁ་སང་ཚོགས་འདུའི་ཉིན་མཐའ་མར་བུད་མེད་ལྷན་ཚོགས་ཀྱི་སྐབས་བཅུ་བའི་རྒྱུན་ལས་མི་ ༡༡ གསར་འདེམས་བྱུང་ཡོད་པ་མ་ཟད། གྲོས་ཆོད་ཁག་ཅིག་གཏན་འབེབས་བྱས་ཡོད་འདུག

ཐེངས་འདིར་འོས་འདེམས་བྱས་པའི་སྐབས་བཅུ་བའི་རྒྱུན་ལས་དག་ནི།  དབུས་རྒྱུན་ཚོགས་གཙོ་བདེ་སྐྱིད་གླིང་ནས་ཡོང་བ་བཀྲ་ཤིས་སྒྲོལ་མ་དང་ཚོགས་གཞོན་སྐབས་དགུ་པའི་ཚོགས་གཞོན་བསམ་བསྟན་ཆོས་སྒྲོན། དྲུང་ཆེ་དྷ་ས་ནས་ཡིན་པའི་ཉི་མ་ལྷ་མོ་བཅས་དང་། རྒྱུན་ལས་དྷ་ས་ནས་ཡིན་པའི་བསྟན་འཛིན་ཚེ་ལྷ།  ལྡི་ལི་ནས་ཡིན་པ་ཚེ་རིང་ཆོས་སྒྲོན། དྷ་ས་ནས་ཡིན་པའི་ཚེ་རིང་དབང་མོ། དྷ་ས་ནས་ཡིན་པའི་བསྟན་འཛིན་བདེ་སྐྱིད། བལ་ཡུལ་ནས་ཡིན་པ་ཚེ་རིང་སྒྲོལ་མ། དྷ་ས་ནས་ཡིན་པའི་པད་མ་ཆོས་སྒྲོན། ར་ཇི་སྤུར་ནས་ཡིན་པ་ཚེ་རིང་སྒྲོལ་མ། བསྟན་འཛིན་སྤི་ཊི་བཅས་ཡིན་འདུག ཐེངས་འདིའི་ཚོགས་འདུའི་ཐོག་༧གོང་ས་མཆོག་གི་ཉེན་སྲུང་དང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཕྱོགས། བོད་སྐད་ཡིག་སྲུང་སྐྱོབ།  བུད་མེད་དང་བཙུན་མའི་ནུས་ཤུགས་སྤེལ་ཐབས། སྤྱི་ཚོགས་ཞབས་ཞུའི་ལས་འགུལ་སྤེལ་ཕྱོགས་བཅས་དང་། མ་འོངས་པར་བུད་མེད་ལྷན་ཚོགས་ཀྱིས་དབུས་ས་གཉིས་ཀྱི་རྒྱུན་ལས་སུ་རུང་གིས་སྤྱི་དངུལ་ལྐོག་ཟ་བྱས་པའི་གནས་ཚུལ་བྱུང་པའི་བདེན་དཔང་ར་སྤྲོད་ཁུངས་འཕེལ་བྱུང་ཚེ། ཕྱིར་ཕུད་གཏོང་རྒྱུའི་དབང་ཚད་ཆ་ཚང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་ཡོད་པ་དང་། ལྷན་ཚོགས་ཀྱི་ལས་དོན་ལ་འཐུས་ཤོར་མི་འགྲོ་ཆེད་སྤྱི་འཐུས་ལས་ཐོག་རྣམས་དབུས་རྒྱུན་ནང་ཞུགས་མི་ཆོག་པ་སོགས་གྲོས་ཆོད་ཁག་གཏན་འབེབས་བྱས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 12

  1. རིག་འཛིན། says:
    ལོ་ 14 སྔོན།

    རྒྱུན་ལས་གསར་པ་ཚོར་འཚམས་འདྲི་ཞུ།
    ལས་དོན་ལམ་འགྲོ་ཡོང་བའི་རེ་སྨོན་ཞུ།

    Reply
  2. དྲང་སྲོང་། says:
    ལོ་ 14 སྔོན།

    བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་རྣམས་ལ་བཀྲ་ཤིས་སྨོན་འདུན་དང་སྦྲགས་ཚིག་གསུམ་ཞུ་རྒྱུར ཟམ་གདོང་རིན་པོ་ཆེས་ཚོགས་ཆེན་སྟེང་གསུངས་ཟིན་ལྟར། ད་ལྟའི་བོད་ཀྱི་དཀའ་ངལ་སེལ་བ་ལ་ཤེས་རབ་མའི་ཐབས་ཇུས་གསར་པ་རེ་འདོན་སྤེལ་ཡོང་བའི་རེ་བ་བྱས་པ་ཡིན། འོན་ཀྱང་། ཚོགས་ཆེན་གྱི་མཇུག་འབྲས་དང་མ་འོངས་པའི་ལས་དོན་བྱ་འཆར་ལ་བལྟས་ན། ཚོགས་གཙོ་སྒྲོལ་དཀར་ལྷ་མོས་མཐའ་མཇུག་ཁྱེད་ཚོར་བཞག་པའི་བསླབ་བྱ་གསར་པ་ཞིག་ལས་དེ་མིན་རྒྱུན་གཏན་ཞལ་ནས་གསོག་འཇོག་བགྱིས་པའི་ལས་རིམ་རྣམ་གཞག་ཙམ་དུ་ཟད། ཨིན་རུང་། ད་དུང་ཡིད་ཆེས་ཡོད་པས་ཁྱེད་རྣམས་ཀྱི་བྱ་བ་ལ་ལྟས་ནས་འདུག་གི་ཡིན། འབད་རྩོན་གནང་རོགས།

    Reply
  3. ཤིག། says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་ལགས་གི་གསུངས་པ་དེ་བདེན་པ་རེད།

    Reply
  4. རིག་འཛིན་དབང་ཕྱུག says:
    ལོ་ 14 སྔོན།

    བོད་ཀྱི་བེུད་ལྷན་ཚོགས་རྒྱུན་ལས་གསར་པ་རྣམ་ལ་བཀྲི་བདེ་ལེགས་དང་སྐབས་སྔོན་མ་གཉིས་ཀྱི་ཚོགས་གཙོ་གཉིས་ལ་སྤྱི་མཐུས་རྒྱུན་ལས་ནས་དགོངས་པ་ཞུ་དགོས་པའི་རེ་བ་ཞུ་བཞིན་ཡོད།

    Reply
  5. ནད་པ says:
    ལོ་ 14 སྔོན།

    ཆབ་བྲག་ལགས་ཀྱིས་གསུངས་པ་དེར་བསྔགས་བརྗོད་དང་ཡི་རང་ཞུ་བཞིན་ཡོད། འོན་ཀྱང་བཙན་བྱོལ་སྤྱི་ཚོགས་འདིར་མཚོན་ན་ལས་དོན་གཙང་སེལ་དང་། ཀུན་སྤྱོད་གཙང་སེལ། བསམ་བློ་གཙང་སེལ་བཅས་གཙང་སེལ་གསུམ་པོ་དེ་དག་དོན་དངོས་སུ་ལག་བསྟར་བྱེད་དགོས་པ་ལྟ་བུ་ཞིག་རེད།

    ཡིན་ནའང་མཐོ་རིམ་ནས་དམའ་རིམ་གྱི་བར་དུ་ཀུན་སྤྱོད་གཙང་སེལ་སུས་ཀྱང་བྱེད་ཐུབ་ཐབས་མེད་པ་ཞིག་ཆགས་ཡོད། གང་ཡིན་ཟེར་ན་བཙན་བྱོལ་སྤྱི་ཚོགས་འདིའི་ནང་བསམ་བློ་དང་། ཀུན་སྤྱོད། ལས་དོན་གསུམ་གྱི་ཐད་ལ་མཛད་རྗེས་རླབས་ཆེན་ཡོད་མཁན་ཁྲི་ཟུར་ཟམ་དོང་རིན་པོ་ཆེའི་དུས་ཡུན་ལོ་བཅུའི་ནང་ནང་དུ་གནད་དོན་འདི་དག་གཙང་སེལ་བྱེད་ཐུབ་མེད་པ་རེད།

    བོད་མིའི་བླ་ན་མེད་པའི་ཚེ་རབས་འདི་ཕྱི་གཏན་གྱི་སྐྱབས་གནས་དམ་༸ གོང་ས་ཡིད་བཞིན་ནོར་བུའི་བཀའ་དྲིན་འོག་ཟམ་དོང་བླ་མ་ལས་ལྷག་པའི་མི་ཞིག་བྱུང་མེད་ཀྱང་ཁོང་གི་སྐབས་སུ་གདན་དོན་འདི་དག་རང་གར་བཞག་དགོས་ཐུབ་ཡོད།

    ཕྱི་འབྱུང་ད་སུས་ཀྱང་གཙང་སེལ་བྱེད་ཐབས་མེད་པ་ལྟ་བུར་འགྱུར་ཡོད།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཚོགས་ཆེན་གྱི་གྲོས་ཆོད་ཁག་བོད་ཡིག་ཐོག་ཡོད་ན་འདིར་ཅིག་འཇོག་རོགས།
    ལས་དོན་གཙང་སེལ། ཀུན་སྤྱོད་གཙང་སེལ། བསམ་བློ་གཙང་སེལ། གཙང་སེལ་གསུམ་པོ་འདི་ང་ཚོའི་ཚོགས་སྡེ་དང་མི་སྒེར་རེ་རེའི་ངོས་ནས་གལ་ཆེན་པོ་ཞིག་རེད།

    Reply
  7. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    སྐྱབས་སུ་འཆི་་་ཁྱོད་ཚོའི་ནང་རྐུན་མ་དང་ལྐོག་མཁན་མེད་པའི་སྨོན་ལམ།

    Reply
  8. བདེ་རྒྱལ། says:
    ལོ་ 14 སྔོན།

    རང་གཞུང་ནང་སྲིད་ལས་ཁུངས་ལགས། རྡོར་གླིང་བདེ་དོན་ནས་ཉམ་ཐག་རོགས་དངུལ་གྱིས་སྐྱོབ་གསོ་བར་ཟས་བྱས་པའི་གནད་དོན་གསལ་བྱེད་མི་བྱ་དོན་གང་ཡིན།

    Reply
  9. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ད་བུད་མེད་ཚོགས་པ་ལ་རྗེ་བཙུན་སྒྲོལ་མ་ཕེབས་འདུག་ཟེར་ནའང་ཡིད་ཆེས་བོར་ཚར་བ་ཡིན།སྔོན་མའི་བུད་མེད་ཚོགས་གཙོས་བུ་མོ་ཚེ་རིང་གིས་གསར་འགྱུར་ཉམ་ཆུང་བུ་མོ་ཞིག་ཕྱི་རྒྱལ་ལ་འགྲོ་བའི་ཡིག་ཚད་འཕྲོད་ཀྱང་དེའི་ཚབ་ཏུ་མོ་རང་གི་བུ་མོ་བཏང་ནས་ཞབས་འདྲེན་བཞག།
    ད་ཐེངས་སྤྱི་འཐུས་སྒྲོལ་དཀར་ལྷ་མོས་གཞུང་དངུལ་སྒེར་ཟ་བྱས་ནས་ཞབས་འདྲེན་བཞག་ད་བུད་མེད་ཚོགས་གཙོ་ལ་རྗེ་བཙུན་སྒྲོལ་མ་དངོས་སུ་ཕེབས་འདུག་ཟེར་ནའང་ཡིད་ཆེས་བོར་སོང་།རྐུ་མ་མ་གཏོགས་མནའ་མི་ཟ།མནའ་ཟ་མ་གཏོགས་རྐུ་མི་བྱེད་་་་་་་་་་་རྐུ་མ་རྐུ་ཚར་དུས་མནའ་དང་སྐྱག་རྫུན་ཟེར་བ་དེ་ལ་གང་ཡང་མི་འཛེམ་པ་དེ་རྐུ་མའི་གཤིས་ཀ་རེད།

    Reply
  10. ནུབ་ཕྱོགས་ཕོ་ཉ། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ།
    ཨ་རིག་འགྱུར་མེད་ལགས། གནས་ཚུལ་འཁོ་སྤྲོད་གནང་བ།

    Reply
  11. ཨ་རིག་འགྱུར་མེད། says:
    ལོ་ 14 སྔོན།

    ནུབ་ཕྱོགས་ཉི་ཟླའི་མིང་ཅན་ལགས།

    བོད་ཀྱི་དུས་བབ་སྟེང་གི་གསར་འགྱུར་གྱི་དྲ་འབྲེལ་འདི་ན་ཡོད།
    https://tibettimes.net/wordpress/news.php?showfooter=1&id=5885

    ཁ་བརྡ་ཚང་གི་དྲ་འབྲེལ་ཡང་འདི་ན་ཡོད།
    http://www.khabdha.org/?p=28189

    གཞུག་ཕྱོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་གནང་རྗེས་སྐད་ཆ་བཤད་ན་བཟང་གི་སྙམ།

    Reply
  12. ནུབ་ཕྱོགས་ཕོ་ཉ། says:
    ལོ་ 14 སྔོན།

    གསར་འགོད་པ་ཞིག་ཡིན་ན་དྲང་བདེན་དང་འཇིག་ཞུམ་མེད་པ། གནས་ཚུལ་ཇི་མ་ཇི་བཞིན་དུས་ཐོག་ཏུ་འགོད་དགོས་པ་དེ་གསར་འགོད་པའི་ཁྲིམས་དང་འོས་འགན་རེད་སྙམ། བོད་ཀྱི་དུས་བབ་ལ་མཚོན་ནམ་རྒྱུན་དྲང་བདེན་ཞིག་ལ་ངོས་འཛིན་བྱེད་གི་ཡོད། དེ་རིང་སྒྲོལ་དཀར་ལྷ་མོའི་སྐོར་གོ་རིག་མཐོང་གསུམ་ཅི་ཡང་མེད་དུས་བོད་ཀྱི་དུས་བབ་ལ་བསྐྱང་པའི་ཡི་ཆེས་དེར་རང་བཞིན་གྱི་རླག་སོང་། ནམ་རྒྱུན་ཁ་བརྡ་ཚང་ནི་མི་མང་མཐོ་སྨད་ཚང་མའི་གནས་ཚུལ་ལ་ཁ་ཡ་གནང་མཁན་གྱི་གྲས་ཤིག་རེད་མོད་འོན་ཀྱང་དེ་རིང་ཁ་བརྡ་ཚང་ཡང་ཁུ་སིམ་སིམ་འདྲ་བཞུགས་སོང། ཁྱེད་ཅག་གསར་འགོད་པའི་འགན་འཁྱེར་གྱི་ཡོད་ན་གནས་ཚུལ་འདི་སྒྲོལ་དཀར་ལྷ་མོར་སྐྱོན་འདོགས་བྱེད་ཀྱི་མེད་ཀྱང་དངོས་ཡོད་གནས་ཚུལ་ཞིག་མགྱོགས་མྱུར་དྲྭ་ཐོག་ཏུ་འགོད་ཐབས་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese