མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་གནས་སྟངས་རིག་གནས་གསར་བརྗེ་ལྟ་བུར་འགྱུར་བཞིན་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་གིས་ཨ་རིའི་ཧཱ་ཝའི་སློབ་ཆེན་ནང་ཞི་བདེ་སྤེལ་ཐབས་སྐོར་བཀའ་སློབ་བསྩལ་ཡོད་པ་ཟད། ཁུལ་དེའི་གསར་འགོད་ལྷན་ཚོགས་ཐོག་རྒྱ་གཞུང་གིས་བོད་ནང་མེར་བསྲེཊ་གཏོང་བའི་རྒྱུ་རྐྱེན་ལ་ཞིབ་འཇུག་དགོས་སྐོར་གསུངས་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༣ ནས་ ༡༦ ཉིན་བར་༸གོང་ས་མཆོག་གིས་ཨ་རིའི་མངའ་སྡེ་ཧཱ་ཝའི་ནང་མཛད་འཕྲིན་བསྐྱངས་ཡོད་པ་ལྟར། ཕྱི་ཚེས་ ༡༥ ཉིན་༸གོང་ས་མཆོག་གིས་ཨ་རིའི་ཧཱ་ཝའི་གྲོང་ཁྱེར་གྱི་ཤར་ནུབ་བསྟི་གནས་ཁང་དུ།༼དེང་དུས་སྤྱི་ཚོགས་ནང་གདོད་མའི་རྣམ་དཔྱོད་༽ཅེས་པའི་བརྗོད་གཞིའི་སྟེང་བཀའ་སློབ་བསྩལ་ཡོད་ཅིང་། སྐབས་དེར་༸གོང་ས་མཆོག་གིས་ཧཱ་ཝའི་མི་དམངས་ཀྱི་འཛུམ་མདངས་ཀྱིས་ཁོང་གི་ཡིད་དབང་འཕྲོག་ཡོད་ཚུལ་དང་། གྲོང་ཁྱེར་ནང་སྡོད་མཁན་རྣམས་ལས་བྲེལ་གྱི་དབང་གིས་འཕྲུལ་ཆས་ལྟ་བུར་གྱུར་ཡོད་སྟབས། མིའི་སྤྱི་ཚོགས་ཀྱི་འདུ་ཤེས་དེ་ཙམ་བསླེབ་ཐུབ་ཀྱི་མེད་ཀྱང་། ཧཱ་ཝའི་མི་དམངས་ཀྱིས་རང་གི་རིག་གཞུང་གཅེས་སྐྱོང་གནང་ཐུབ་པ་དེ་གཟི་བརྗིད་ཆེན་པོ་ཞིག་ཡིན་སྐོར་གསུངས་ཡོད་ལ། གཏམ་བཤད་མ་གནང་གོང་༸གོང་ས་མཆོག་གིས་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ (National Public Radio) གྱི་བཅར་འདྲི་དང་ལེན་གནང་སྟེ། བོད་ཀྱི་གནད་དོན་དང་སློབ་ཕྲུག་གི་མཐུན་ལམ་སྐོར་བཀའ་ལན་བསྩལ་འདུག   

ཉིན་རྒྱབ་༸གོང་ས་མཆོག་ལ་གསོལ་སྟོན་བཤམས་སྐབས་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པའམ་ཧཱ་ཝའི་སྲིད་སྐྱོང་སྐུ་ཞབས་ནེལ༌བྷར་ཀོམ་བྷི་ (Neil Abercrombie) ལགས་ཀྱིས། ཧཱ་ཝའི་མངའ་སྡེའི་ངོས་ནས་ཕྱི་ཟླ་ ༤ པའི་ཚེས་༡༥ཉིན་གྱི་ཉིན་མོ་འདི། ༸ཏཱ་ལའི་བླ་མ་མཆོག་གི་ཉིན་མོར་སྲུང་བརྩི་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག་ལ། ༸གོང་ས་མཆོག་གིས་ཀྱང་སྲིད་སྐྱོང་ནེལ་བྷར་ཀོམ་བྷི་ལགས་ཚུད་པའི་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས། ད་བར་བོད་དོན་ཐོག་འགྱུར་མེད་ཀྱི་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་འབྲེལ། བོད་ནང་གི་གནས་སྟངས་དང་ཁོར་ཡུག་གཏོར་བཤིག་ཐོག་ཐུགས་འཚབ་ཆེན་པོ་ཡོད་སྐོར་གསུངས་ཡོད། དེའི་རྗེས་༸གོང་ས་མཆོག་གིས་སི་ཊན་ཤཱ་རིབ་ཚོགས་ཁང་དུ་ཨ་ལོ་ཧའི་ནུས་པ་བརྒྱུད་ཞི་བདེ་གོང་མཐོར་གཏོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་ཡོད་འདུག  

ཧཱ་ཝའི་ཤེས་ཡོན་སྡེ་ཚན་འགན་འཛིན་ལྕམ་མཱ་ཊ་ཡོ་ཤི་ (Ms.Kathryn Matayoshi) ལགས་གཙོས་གནད་ཡོད་མི་སྣ་ཁག་ཅིག་གི་ཕེབས་བསུའི་འོག ཕྱི་ཚེས་ ༡༦ཉིན་གྱི་སྔ་དྲོར་༸གོང་ས་མཆོག་ཀེ་ལའོ་མཐོ་འབྲིང་སློབ་གྲྭའི་ཚོགས་ཁང་ནང་ (Kailua High School) ཆིབས་བསྒྱུར་བསྐྱངས་སྐབས། སློབ་གྲྭའི་སློབ་ཕྲུག་ཚོས་ཧཱ་ཝའི་སྲོལ་རྒྱུན་གྱི་གཞས་སྣ་གཟིགས་འབུལ་ཞུས་ཡོད་ལ། ཚོགས་ཐོག་ཏུ་ལྕམ་མཱ་ཊ་ཡོ་ཤི་ལགས་ཀྱིས་སློབ་གྲྭ་དེའི་སློབ་ཚན་ནང་༸གོང་ས་མཆོག་གི་མཛད་རྣམ་དང་། བོད་ཀྱི་ནང་ཆོས། བོད་ཀྱི་གནས་བབ་བཅས་ཀྱི་སློབ་ཚན་ཟུར་ཁྲིད་གནང་བཞིན་ཡོད་སྐོར་སྙན་སྒྲོན་ཞུས་རྗེས། ༸གོང་ས་མཆོག་གིས་ཁུལ་དེའི་འཛིན་སྐྱོང་ལས་བྱེད་ཚོར་ཡི་རངས་བསྔགས་བརྗོད་གནང་སྟེ། སློབ་ཕྲུག་ཚོར་འཚེ་བ་མེད་པ་དང་ཞི་བདེ་གོང་མཐོར་གཏོང་ཐབས། ནང་ཆོས་ནས་གསུངས་པའི་ཐོས་བསམ་སྒོམ་གསུམ་བཅས་ཀྱི་ཐོག་བཀའ་སློབ་བསྩལ་འདུག་ལ། བཀའ་སློབ་གྲུབ་རྗེས་སློབ་གྲྭ་དེས་༸གོང་ས་མཆོག་ལ་ཧཱ་ཝའི་སྲོལ་རྒྱུན་གྱི་ (Paddle Of canoe) ཞེས་པའི་ཕྱག་རྟགས་ཤིག་ཀྱང་འབུལ་ལམ་ཞུས་ཡོད། དེ་ནས་༸གོང་ས་མཆོག་ཀུ་ལའོ་སྐྱེད་མོས་ཚལ་དུ་ཕེབས་ཏེ། ཧཱ་ཝའི་རིག་གཞུང་གོ་རྟོགས་སྤེལ་ཆེད་འཛམ་གླིང་དུ་སྐོར་སྐྱོད་གནང་རྒྱུའི་གྲུ་གཟིངས་གསར་པ་ཞིག་ལ་རབ་གནང་མཛད་ཡོད།  

ཕྱི་ཚེས་ ༡༦ཉིན་རྒྱབ་༸གོང་ས་མཆོག་གིས་ཨ་རིའི་ཧཱ་ཝའི་གཙུག་ལག་སློབ་གྲྭའི་ (University Of Hawaii) ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ ༩༠༠༠ བརྒལ་བར། ༼ཨ་ལོ་ཧའི་ནུས་པའི་ཐོག་ཞི་བདེ་གོང་མཐོར་གཏོང་ཐབས་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་སྐབས། འདས་པའི་ལོ་ ༥༠ རིང་བོད་ལ་སྡུག་པོ་བྱུང་ཡང་།ཕྱོགས་གཞན་ཞིག་ནས་བོད་ཁྱོན་ཡོངས་ལ་ཆིག་སྒྲིལ་གྱི་ནུས་པ་གསར་པ་ཞིག་བསྐྲུན་ཐུབ་ཡོད་སྐོར་དང་། རྒྱ་གཞུང་གིས་སྡུག་སྦྱོང་བཏང་བ་དེས་བོད་མི་རྣམས་མི་ཡུལ་དུ་གྱར་ཏེ་མིག་ཕྱེས་ཐུབ་ཡོད་པ། བཙན་བྱོལ་ནང་ཤེས་ཡོན་ཐོག་འབད་བརྩོན་དང་དངོས་ཡོད་ཐོག་བསམ་བློ་གཏོང་རྒྱུའི་གོ་སྐབས་མང་པོ་བྱུང་ཡོད་སྐོར་སོགས་གསུངས་ཏེ། “ དེང་སྐབས་བོད་རང་སྐྱོང་ལྗོངས་དང་རྒྱ་གཞུང་གིས་ཆ་བགོས་བྱས་པའི་ཡུ་ནན་དང་།སི་ཁྲོན། མཚོ་སྔོན།ཀན་སུའུ་ཞིང་ཆེན་བཅས་ཀྱི་ནང་། བོད་མི་ཚོ་སྔར་ལས་ཆིག་སྒྲིལ་ཡོང་བཞིན་པ་དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད།ཆིག་སྒྲིལ་གྱི་ནུས་པ་དེ་རྒྱ་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་རེད་ ” ཅེས་གསུངས་འདུག

ཨ་རིའི་ཧཱ་ཝའི་མངའ་སྡེ་མཛད་འཕྲིན་ཁག་གྲུབ་ཏེ། ཕྱི་ཚེས་ ༡༦ ཉིན་༸གོང་ས་མཆོག་གིས་ཁུལ་དེའི་གསར་འགོད་ལྷན་ཚོགས་ཤིག་གིི་ཐོག བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་གནས་སྟངས་ཐད་གསར་འགོད་པ་ཚོར་བཀའ་ལན་བསྩལ་ཡོད་འདུག། ཐོག་མར་༸གོང་ས་མཆོག་གིས་འདས་པའི་ལོ་ ༥༣ རིང་རྒྱ་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པའི་ལོ་རྒྱུས་སྤྱི་དང་། བྱེ་བྲག་ ༡༩༨༩ ལོ་ནས་ད་བར་དབང་བསྒྱུར་བྱས་པའི་གནས་སྟངས་ངོ་སྤྲོད་གནང་སྟེ། “ རང་ལུས་མེར་བསྲེཊ་གཏོང་བ་ནི་ཧ་ཅང་ཡིད་སྐྱོ་དགོས་པའི་གནས་སྟངས་ཤིག་ཡིན་སྟབས། རྒྱ་གཞུང་གིས་བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་བའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད་ཞིབ་འཇུག་བྱ་རྒྱུའི་དུས་ལ་བབས་ཡོད།  བོད་ནང་བོད་མི་ཚོས་ ༡༩༨༩ལོར་རྒྱ་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་སྟབས། ༡༩༨༩ལོ་ནས་བོད་ནང་བོད་མི་ཚོའི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད། ༡༩༩༠གོ་གྲངས་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྱིས་བོད་ཀྱི་མཐོ་སློབ་ཁག་གི་ནང་བོད་སྐད་ཡིག་སློབ་ཁྲིད་བྱ་རྒྱུར་བཀག་འགོག་བྱས་པ་རེད། ལྷག་པར་དུ་༢༠༠༨ ལོར་བོད་ཀྱི་གནས་སྟངས་དེ་སྔར་ལས་ཛ་དྲག་ཏུ་ཕྱིན་ཏེ།བོད་མི་བརྒྱ་གྲངས་མང་པོ་འདས་གྲོངས་དང་གར་སོང་ཆ་མེད་གྱུར་བ་དང་། དགོན་སྡེ་ཁག་དང༌བཙུན་དགོན།ནང་ཆོས་སློབ་གཉེར་གནང་ཡུལ་ཁག་ཏུ་ཆབ་སྲིད་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་བ་རེད། ནང་ཆོས་སློབ་གཉེར་བྱེད་ན་བོད་སྐད་ཡིག་ཐོག་གོ་དོན་ཡག་པོ་རྟོགས་རྒྱུ་ལས་རྒྱ་ཡིག་ཆགས་མེད་ཀྱང་། རྒྱ་གཞུང་གི་བསམ་བློའི་ནང༌བོད་མིའི་སྐད་དང་རིག་གཞུང་ཐོག་དམ་དྲག་ཁོ་ན་བྱ་རྒྱུ་ལས་དྲན་གྱི་མེད། ད་ཆར་བོད་ནང་གི་གནས་སྟངས་དེ་རིག་གནས་གསར་བརྗེ་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད། བོད་ནང་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་དེ་ཐོག་མར་༢༠༠༩ ལོར་བྱུང་ཡོད་པ་དང་། མང་ཆེ་བ་ད་ལོའི་ཕྱི་ཟླ་གསུམ་པའི་ནང་བྱུང་ཡོད་སྟབས། རྒྱ་གཞུང་གིས་ཆབ་སྲིད་བསྒྱུར་བཅོས་གཏོང་རྒྱུའི་དུས་ལ་བབ་ཡོད། དབང་ཆ་ནི་དྲག་པོའི་མེ་མདས་འཇིགས་སྐུལ་འོག་ཡུན་རིང་གནས་ཐུབ་པ་ཞིག་མ་རེད། ཉེ་ལམ་རྒྱ་ནག་དམར་ཤོག་མཁྲེགས་འཛིན་པ་པཱོ་ཞིས་ལེ་གོ་གནས་ནས་མར་ཕབ་པ་དེས་རྒྱ་ནག་མགོ་ཁྲིད་ནང་བཅོས་བསྒྱུར་གྱི་བསམ་བློ་ཡོད་པ་བསྟན་ཡོད ” ཅེས་གསུངས་འདུག

ཕྱི་ཚེས་ ༡༧ ཉིན་ནས་༸གོང་ས་མཆོག་གིས་མུ་མཐུད་དུ་ཨ་རིའི་ཁཱ་ལི་ཧྥོར་ནི་ཡཱ་མངའ་སྡེའི་སེན་ཌེ་གྷོ་ནང་མཛད་འཕྲིན་སྐྱོང་བཞིན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༤ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༤ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༨ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 6

  1. མི་རྒོད། says:
    ལོ་ 14 སྔོན།

    དུས་བབ་ཚང་མཆན་འགོད་རྒྱུ་ལ་ཉོབ་སྣང་བྱས་ཚེ་ང་ཚོ་ཁ་བརྡ་དྲྭ་བའི་ནང་མཆན་བཏབ་ན་འགྲིག་གི་རེད་ད་ལྟ་དུས་བབ་ནང་ཚང་མར་དཀའ་ངལ་འདི་འཕྲད་བཞིན་པ་རེད། བོད་ནང་ཛ་དྲག་ཡོད་པ་བརྟེན་ང་ཚོ་ཕྱོཊ་གང་ན་ཡོད་པའི་རྩམ་བཟན་རྣམས་འདིར་སྙིང་གཏམ་བརྗེ་རེས་བྱེད་པ་དང་། ད་བར་དུད་བབ་ཞེས་ང་ཚོས་དགའ་པོ་བྱེད་ས་ཞིག་ཡིན་བོད་ཚང་ལ་བསྟོད་བསྔགས་མི་འཕྲོད་པའི་ནད་རྙིང་ཡོད་ཡོད་པ་རེད།།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་་ བོད་མི་བརྒྱ་གྲངས་མང་པོ་འདས་གྲོངས་དང་གར་སོང་ཆ་མེད་གྱུར་བ་དང་། དགོན་སྡེ་ཁག་དང༌བཙུན་དགོན།ནང་ཆོས་སློབ་གཉེར་གནང་ཡུལ་ཁག་ཏུ་ཆབ་སྲིད་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་བ་རེད། ནང་ཆོས་སློབ་གཉེར་བྱེད་ན་བོད་སྐད་ཡིག་ཐོག་གོ་དོན་ཡག་པོ་རྟོགས་རྒྱུ་ལས་རྒྱ་ཡིག་ཆགས་མེད་ཀྱང་། རྒྱ་གཞུང་གི་བསམ་བློའི་ནང༌བོད་མིའི་སྐད་དང་རིག་གཞུང་ཐོག་དམ་དྲག་ཁོ་ན་བྱ་རྒྱུ་ལས་དྲན་གྱི་མེད། ད་ཆར་བོད་ནང་གི་གནས་སྟངས་དེ་རིག་གནས་གསར་བརྗེ་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད། ་་་་་

    Reply
  3. སེང་ཕྲུག says:
    ལོ་ 14 སྔོན།

    རྩོམ་སྒྲིག་པ་གཙོ་བོ་དོན་གྲུབ་བཀྲ་ཤིས་གུང་སེང་རེད། རྩོམ་སྒྲིག་ལས་རོགས་ཚེ་རིང་རྒྱལ་ཀྱིས་མ་ཇོན་པ་རེད། སྔོན་མ་ཆུ་ཚོད་སྐར་མ་སུམ་ཅུ་ལས་མ་མང་བར་མཆན་ཏག་ཏག་དྲ་ངོས་སུ་སླེབས་ཀྱི་ཡོད་ཀྱང་། དེང་སྐབས་མཆན་སླེབས་རྒྱུར་དུས་ཚོད་ཞེ་དྲག་འགོར་གྱི་འདུག མཚམས་རེར་མཚན་གང་བོར་ལྷག་འགྲོ་བཞིན་འདུག

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    མཆན་ལ་ཞིབ་བཤེར་གང་མགྱོགས་གནང་སྟེ་དུས་ཐོག་ཏུ་འདོན་སྤེལ་བྱེད་ཐུབ་ན་ཡག་པོ་འདུག དུས་ཡུན་རིང་དྲགས་ན་བསམ་ཚུལ་བརྗོད་རྒྱུར་ཉོབ་སྣང་ཡོང་གི་འདུག་པས། འབྲེལ་ཡོད་ལས་བྱེད་པ་རྣམས་ཀྱིས་ཐུགས་བསམ་བཞེས་རོགས།།

    Reply
  5. གནས་ཚང་། says:
    ལོ་ 14 སྔོན།

    དྲང་པོར་ཞུས་ན། བོད་ནང་དུ་རིག་གནས་གསར་བརྗེ་ཡི་བྱེད་ཐབས་སྤྱད་ཀྱིན་པར་མ་ཟད། རྒྱ་གཞུང་ནང་ཁུལ་ལའང་རིག་གསར་ལ་ཁ་གཡར་ནས་ཕན་ཚུན་བར་རིག་གསར་བྱེད་ཐབས་སྤྱད་ནས་མེད་པ་གཏོང་ཐབས་བྱེད་ཀྱིན་པས། སྐབས་འདིར་རྒྱ་ནག་དཔོན་ཕྱོགས་ལས་སྐད་ཆ་བཤད་པ་ལས་རྒྱ་ནག་མང་ཚོགས་ཀྱི་དཀའ་སྡུག་བགྲང་ཐུབ་ན་ཡག་ཤོས་ཆེ་སྙམ། འདི་ན་པཱ་ལེ་བ་ཞིག་གི་བསམ་ཚུལ་ཡིན།

    Reply
  6. རྡོ་གཅོད། says:
    ལོ་ 14 སྔོན།

    དུས་བབ་ཚང་གིས་མཆན་དུས་ཐོག་ཏུ་འགོད་ཀྱི་མི་འདུག ཆུ་ཚོད་གཉིས་གསུམ་རེ་དང་ལྔ་དྲུག་རེ་འགོར་གྱི་འདུག དུས་བབ་ཚང་གི་ལས་ལ་རྒྱུད་ལུགས་ཆགས་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese