མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒེར་གཉེར་སློབ་གྲྭ་ཞིག་སྒོ་བརྒྱབ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཁམས་དཀར་མཛེས་རྫོང་རོང་པ་ཚ་གྲོང་རྡལ་གྱི་སྒེར་གཉེར་སློབ་གྲྭ་ཞིག་སྒོ་བརྒྱབས་ཡོད་པ་མ་ཟད། སློབ་གྲྭའི་འགན་འཛིན་དང་དགེ་རྒན་གཅིག་འཛིན་བཟུང་བྱས་འདུག

རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་གི་གྲྭ་འགྱུར་མེད་དབང་རྒྱལ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་གཞུང་གིས་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་རོང་པ་ཚ་གྲོང་རྡལ་དུ་ཡོད་པའི་ ༼མཁའ་འབྲོག་བྱམས་བརྩེ་རོགས་བརྟེན་སློབ་གྲྭ ༽ ཞེས་པའི་སྒེར་གཉེར་སློབ་གྲྭ་ཞིག་བཙན་གྱིས་སྒོ་རྒྱག་ཏུ་བཅུག་ཡོད་པ་མ་ཟད། རང་ལོ་ ༥༡ ཡིན་པའི་སློབ་གྲྭ་དེའི་འགན་འཛིན་དང་དགེ་རྒན་གཅིག་ལྕོགས་སྙན་གྲགས་ལགས་དང་། རང་ལོ་ ༣༦ ཡིན་པའི་དགེ་རྒན་ཡ་མ་ཚེ་རིང་ལགས་གཉིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཐེངས་འདིར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་དགེ་རྒན་ཡ་མ་ཚེ་རིང་ལགས་ནི། ༡༩༩༢ ལོར་རྒྱ་གར་ལ་ཡོང་སྟེ་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ལོ་ ༥རིང་སློབ་གཉེར་གནང་རྗེས། སུ་ཇཱ་བོད་ཁྱིམ་དུ་འཛུལ་ཏེ་སྐད་ཡིག་འཛིན་གྲྭའི་གནང་སློབ་སྦྱོང་བྱས་ཡོད་འདུག་ལ། ༢༠༠༢ ལོ་ཡས་མས་སུ་ཕྱིར་བོད་ནང་ལོག་ཏེ་དང་བླངས་ཐོག་ ༼མཁའ་འབྲོག་བྱམས་བརྩེ་རོགས་བརྟེན་སློབ་གྲྭ ༽ སློབ་གྲྭའི་དབྱིན་ཡིག་དགེ་རྒན་གྱི་འགན་བཞེས་ཡོད་པ་མ་ཟད། ཕྱི་རྒྱལ་གྱི་གྲོགས་པོ་དང་འབྲེལ་བ་བྱས་ཏེ་སློབ་གྲྭའི་འཛིན་ཁང་དང་ཉལ་ཁང་། ལས་ཤག སློབ་ཕྲུག་ཚོར་ཟས་གོས་དང་སློབ་སྦྱོང་ཡོ་བྱད་སོགས་ཀྱི་མཐུན་རྐྱེན་བསྐྲུན་ཐབས་བྱས་ཏེ་སློབ་གྲྭ་རྒྱ་བསྐྱེད་བཏང་ཡོད་འདུག

 

ཉེ་ཆར་ཁོང་གཉིས་འཛིན་བཟུང་བྱས་རྗེས་ནང་མི་རྣམས་དཀར་མཛེས་རྫོང་གི་བཙོན་ཞིག་ཏུ་བཅར་ཏེ་བརྩད་གཅོད་བྱས་སྐབས་ཉེན་རྟོག་པས་ཆབ་སྲིད་ནག་ཉེས་ཡོད་ཚུལ་བཤད་ཡོད་པ་ལས། གང་དུ་བཀག་ཉར་བྱས་ཡོད་མེད་དང་འཛིན་བཟུང་བྱེད་དགོས་དོན་ཅི་ཡིན་གསལ་བཤད་བྱས་མེད་ཀྱང་། ས་གནས་བོད་མི་ཚོས་ཉེ་ཆར་ས་གནས་ཉེན་རྟོག་པས་ཁོང་གཉིས་ཀྱི་ནང་མིར་འདྲི་གཅོད་དང་། ས་གནས་མི་མང་ལ་སློབ་གྲྭ་སྒོ་རྒྱག་དགོས་པ། མ་འོངས་པར་ལོ་བདུན་ཡན་གྱི་ཕྲུ་གུ་སློབ་གྲྭ་གཏོང་དགོས་བྱུང་ཚེ་ཤང་གི་སློབ་གྲྭར་གཏོང་དགོས་པའི་བཀའ་རྒྱ་རིམ་པ་བཏང་བ་སོགས་ལས། འགན་འཛིན་སྙན་གྲགས་ལགས་དང་དགེ་རྒན་ཡ་མ་ཚེ་རིང་གཉིས་འཛིན་བཟུང་བྱེད་དོན་གཙོ་བོ། ཁོང་གཉིས་ཀྱིས་ད་བར་ས་གནས་སློབ་མ་ཚོར་བོད་སྐད་དང་བོད་ཡིག་སློབ་ཁྲིད་བྱས་ཏེ། བོད་མི་རིགས་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ཐད་ཕྱག་ལས་གནང་ཡོད་བའི་དབང་གིས་འཛིན་བཟུང་བྱས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

 

མཁའ་འབྲོག་བྱམས་བརྩེ་རོགས་བརྟེན་སློབ་གྲྭ་ནི། ༡༩༨༩ ལོར་དཀར་མཛེས་རྫོང་ས་གནས་སྲིད་གཞུང་གི་ཆོག་མཆན་འོག་གསར་འཛུགས་གནང་བའི་སྒེར་གཉེར་སློབ་གྲྭ་ཞིག་ཡིན་པ་དང་། ད་བར་ས་གནས་སློབ་མ་ཚོར་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག ཕ་སྐད་གཙང་མ་བཅས་གཙོར་བཟུང་གིས་སློབ་ཁྲིད་བྱས་ཡོད་འདུག་ལ། ཉེ་ཆར་སློབ་མ་ ༣༠ དང་དགེ་རྒན་ ༧ བཅས་དགེ་སློབ་ ༤༠ ཙམ་ཡོད་འདུག

 
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༢༠ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 3

  1. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ད་ཡིན་ན་ང་རང་ཚོ་ལ་དངོས་གནས་འདུག་བཅུགས་ས་མ་རེད།རྒྱ་འདྲེ་ཁོ་ཚང་ ང་ཚོ་ལ་གྱོང་ཁ་ཆེན་པོ་ཧ་ལས་པ་རེད་། འགྱོགས་མྱུར་དུ་དགེ་ལ་ཁོང་རྣམས་པ་གཉིས་ཀྱིས་བསམ་དོན་མྱུར་འགྲུབ་ཡོང་བའི་སྨོན་འདུན་ཞུ། །

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཨ་ཁ། ང་ཚོར་གྱོང་རྒུད་ཆེན་པོ་བཏང་བ་རེད། བདེན་པ་ཉིད་རྒྱལ་འགྱུར་ཅིག །

    Reply
  3. སྦྲ་གསར་དཀར་ལོ། says:
    ལོ་ 14 སྔོན།

    གང་མགྱོགས་ངང་སླར་ཡང་སློབ་གྲྭ་སྔར་བཞིན་ཡོང་བའི་སྨོན་འདུན་ཡོད།-

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese