མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོཊ་ཆེན་རྨི་ལམ་དགུ་སྒྲིལ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༥༢སྟེང་གི་རྩོམ་སྒྲིག་པའི་གཏམ།

འདས་པའི་ལོ་བཅུ་གྲངས་ཤིག་གི་རིང་བོད་རྒྱ་འབྲེལ་མོལ་གྱི་གོས་རྐྱང་འོག དམར་པོ་རྒྱ་དང་ཆོས་ལྡན་བོད་གཉིས་ཀྱིས་རེ་བའི་ལག་པ་གཏོང་རེ་དང་འགལ་ཟླའི་ཁ་མཆུ་བདར་རེ་བྱས་ཏེ། ད་ལྟའི་བར་རྒྱལ་སྤྱིའི་མཐོང་ལམ་ནས་འགྲུལ་བཞུད་ཐེངས་དགུ་ལ་བྱས་མཐར།  བོད་ཀྱི་གཞོན་སྐྱེས་ཚོ་དམར་པོ་མེ་ལ་འབར་དགོས་བྱུང་སོང་ལ། རྒྱ་ཡི་དཔོན་ཆེན་ཚོ་དམར་པོའི་ཁྲིམས་ཁར་ལྷུང་མགོ་ཚུགས་ཡོད། ད་ལྟའི་དུས་སྐབས་འདི་ནི་བོད་རྒྱ་མི་རིགས་གང་ལ་མཚོན་ནའང་།  ནམ་རིང་ན་རྨི་ལམ་མང་ཞེས་པའི་དཔེ་ལྟར། ཁ་མིག་རྣ་གསུམ་སངས་དུས་དང་གློ་སྙིང་མཆིན་གསུམ་གདུ་དུས་ཤིག་ཆགས་ཡོད་ལ།  ས་སྒང་འདིའི་ཆབ་སྲིད་པ་དག་གིས་ཀྱང་ཚ་ཁུ་དང་གཡེར་མ་ལག་ལ་བཟུང་སྟེ། རྨི་ལམ་དང་འཆར་གཞི་སེམས་ལ་སྙལ་ནས། མ་འོངས་པར་སེམས་ལྷོད་ལྷོད་ངང་གཉིད་ཡུར་ཆོག་པའི་དགོང་ཐུག་ཞིམ་པོ་ཞིག་འཐུང་འདོད་ཀྱི་འགྲམ་ཆུ་ལྡང་བཞིན་པའི་དུས་ཤིག་ཏན་ཏན་ཡིན་ངེས།

    པེ་ཅིན་དང་དྷ་ས་གཉིས་ཀྱི་ས་ཐག་དང་སེམས་ཐག་ཧ་ཅང་རིང་ནའང་།  སྟོན་མཇུག་གི་དུས་ཚིགས་འདིའི་པང་ཁ་ལ་ཚོགས་ཆེན་གཉིས་ཀྱི་མགོ་བོ་མཉམ་སྙེས་ཡོད་པ་འདིས།  རྒྱབ་ལྗོངས་མི་འདྲ་བའི་སྤྱི་ཚོགས་གཉིས་ཀྱི་འགྱུར་ལྡོག་གི་དཀྱོགས་མཚམས་ན།  འབར་གས་བྱེད་བཞིན་པའི་མི་རབས་གསར་པའི་སྟོབས་ཤུགས་གཉིས་གདུང་ཐུག་རྒྱག་བཞིན་པ་མངོན་ཡོད།  པེ་ཅིན་ལ་མཚོན་ན་ཚོགས་ཆེན་གྱི་སྐབས་འདི་དག་ནི་ནང་ཁུལ་ཁྱོ་ཤི་ང་གསོན་གྱི་འབར་གས་ཆེན་པོ་ཞིག་གི་འོག  ཁྱིམ་རྒྱུད་ཁེ་ཕན་དང་སྐབས་འཚོལ་གོ་གནས་ཀྱི་མཚོ་གཏིང་ལ་ནུབ་ཀྱིན་པའི་ཏང་གི་གྲུ་གཟིངས་ཆེན་པོ་དེའི་འཐབ་ཕྱོགས་གཅིག་གི་ལྷུ་ལག་འཐོར་མིན་གྱི་འགག་རྩ་ཞིག་ལ་སླེབས་ཡོད་སྟབས།  འདི་ནི་རང་དབང་འཐབ་རྩོད་བྱེད་མཁན་བོད་དང་ཡུ་གུར། སོག་པོ་གསུམ་ལ་མཚོན་ན་དུས་རླུང་གིས་དེད་པའི་གོ་སྐབས་ཤིག་ཡིན་པར་མ་ཟད།  ཁྲག་དྲི་ཐུལ་སྲིད་པའི་ཉེན་འཇིགས་ཀྱི་དུས་སྐབས་ཤིག་ཀྱང་ཆགས་སྲིད། 

            དེར་བརྟེན། མེ་ལྕེ་ཡི་ཚ་རླབས་དང་འགྲོགས་ཤིང་།  མི་རབས་གསར་རྙིང་གི་དཀྱོགས་མཚམས་ནས་འཚོགས་ཀྱིན་པའི་དྷ་སའི་ཚོགས་ཆེན་འདི་ལའང་།  གཞིས་ལུས་མི་མང་གིས་ཀྱང་རྣ་བ་ཅོར་ཅོར་དང་མིག་ཟུང་རིག་རིག་གིས་གྱེར་ཡོད་པ་ནི་བརྗོད་མ་དགོས་ལ།  ཕྱོགས་ལྷུང་གིས་མིག་ཟུང་མ་སྒྲིབ་པའི་འཛམ་གླིང་གི་ཚོགས་སྡེ་དག་གིས་ཀྱང་ཁ་ལྟ་མིག་ལྟ་བྱེད་བཞིན་ཡོད་ངེས།  དེར་བརྟེན།  ཐེངས་འདིའི་ཚོགས་ཆེན་སྟེང་རྒད་པོ་རྒོད་མོ་འགའི་མགོ་བོ་རུབ་རུབ་དང་། གཞོན་སྐྱེས་མགོ་སྟོང་འགས་ཁ་ལྕེ་རླུང་ལ་བདར་རྗེས།  སོ་སོའི་རྐུབ་ཤ་དཀྲུག་དཀྲུག་བྱེད་བཞིན་བཀྲ་ཤིས་ལོ་ལེགས་ཀྱི་ཁ་གཡང་དང་ཞལ་ངོ་འཛུམ་འཛུམ་གྱི་གྱེས་ཕྱག་ཁྲོད་ཡལ་མི་འཇུག་པར།  མེ་ལ་འབར་མཁན་དང་། ཆུ་ལ་མཆོངས་མཁན། མཚོན་ལ་ཞ་མཁན་དག་གི་རྣམ་ཤེས་ཚོས་ཚོར་ཐུབ་པ་ཞིག་དང་།  དཀའ་སྡུག་དང་གཉའ་གནོན་འོག་ཡོད་པའི་གཞིས་ལུས་མི་མང་གི་སེམས་ནང་གི་འདོད་དོན་དང་བསམ་འཆར་ངོ་མ་གཞི་ལ་བཞག་པའི་ཐོག་ནས།  དེ་སྔོན་གྱི་ཆུ་ལོག་ལྟ་བུའི་ཚོགས་ཆེན་གྱི་འཁྲབ་སྟོན་ཙམ་མ་ཡིན་པར།  ཚོགས་འདུ་ཚོགས་པའི་ཤུལ་དང་རྐང་པ་སྤོས་སའི་ལམ་ཡོད་པ་ཞིག་གནང་རྒྱུ་གནད་ཀྱི་དོན་པོ་ཡིན།

འབྲེལ་ཡོད་གསར་འགྱུར།

པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

ཆུ་ཚོད་ ༣ སྔོན་ལ།
ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese