མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྷོ་ཛི་ཛིའི་ཚེ་སྲོག་གཅིག་དང་བོད་མིའི་ཚེ་སྲོག་སུམ་ཅུ་ལྷག

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྟུལ་ཕོད་ཀྱིས།

མོ་ཧ་མ་ཊི་བྷོ་ཛི་ཛིས་ཚེ་སྲོག་གཅིག་གིས་ཨ་རབ་ཀྱི་དཔྱིད་ཀའི་གསར་བརྗེ་སློང་ཐུབ་སོང་ཡང་། བོད་མིའི་ཚེ་སྲོག་སུམ་ཅུ་ལྷག་གིས་ཀྱང་ “གངས་ལྷ་མེ་ཏོག་གི་གསར་བརྗེ” སློང་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ།

དང་པོ། རིག་གནས་སེམས་ཁམས་མ་གཅིག་པ།

ཨ་རབ་མི་མང་དང་བོད་མི་རིགས་གཉིས་ཀྱི་རིག་གནས་སེམས་ཁམས་ལ་ཁྱད་ཆེན་པོ་ཤོར་སོང་བས་ཡིན་ཏེ། ཨ་རབ་མི་མང་ལ་ནུབ་ཕྱོགས་རིག་གནས་ཀྱི་དཔལ་ཡོན་ཏེ། དམངས་གཙོ་དང་རང་དབང་། ཐོབ་ཐང་དང་འདྲ་མཉམ་སོགས་ཀྱིས་ཤུགས་རྐྱེན་ཚད་ངེས་ཅན་ཐེབས་ཡོད་པས། ཕྱིའི་རྒྱུ་རྐྱེན་ཕྲན་ཚེགས་གཅིག་གིས་ཀྱང་ནང་བསམ་བློའི་དཔལ་ཡོན་དེ་དག་མེ་རི་བཞིན་འཕྱུར་ཆོག་ཆོག ས་ཡོམ་བཞིན་འགུལ་ཆོག་ཆོག་གི་རྒྱུ་ས་བོན་སྔོན་ནས་བཏབ་ཅིང་རྐྱེན་ཆུ་ལུད་སོགས་འཛོམས་སོང་བས། རྒྱུ་འབྲས་ཆོས་ཉིད་ཀྱི་མཇུག་འབྲས་རླབས་ཆེན་ཞིག་ཐོན་སོང་བ་ཅི་ལ་མིན། བོད་མི་ཚོ་ལ་ཐར་བ་སྒྲུབ་བྱེད་ཀྱི་རིག་གནས་སེམས་ཁམས་ཡོད་པ་ལས། རང་དབང་དང་ཐོབ་ཐང་རྩོད་པའི་དམངས་གཙོའི་དཔལ་ཡོན་ལ་གོ་རྟོགས་དམན་པ་དང་འབྲེལ་འདྲིས་མེད་པ[མང་ཆེ་བ]ཡིན། རྒྱུ་མཚན་དེར་བརྟེན། དཔྱོད་ཤེས་མཁན་པོས “ཧོན་ལོག་ཁ་སྔ་དང་བྱ་རྒན་གྲག་སྔ་ཡི་ཚུལ་གྱིས་ཕྱི་ཆབ་སྲིད་དང་སྤྱི་དམངས་ཀྱི་ཆ་ཡི་རང་དབང་ལ་བརྩོན་པ་བསྐྱུར་བཞག་སྟེ། ནང་བསམ་བློ་དང་འདུ་ཤེས་ཀྱི་ཆ་ཡི་རང་དབང་བཤད་དེ་མི་རྣམས་སུན་པོ་བཟོས་སོང” པ་མིན་ནམ།

གཉིས་པ། གྲོང་ཁྱེར་ཅན་ཡིན་མིན་གྱི་ཁྱད་པར།

དེང་རབ་ཅན་ལ། དཔལ་འབྱོར་འཕེལ་རྒྱས་དང་སློབ་གསོའི་གོ་རྟོགས་སོགས་མང་དག་ཅིག མི་མང་གྲོང་ཁྱེར་དུ་འདུས་སྡོད་བྱེད་པ་ནི་ཆེས་གལ་ཆེན་དུ་གྱུར་བ་དེ་ལྟར་ན། ཨ་རབ་མི་མང་ལ་འདིའི་ཆ་ནས་ཀྱང་བོད་མི་དང་མི་འདྲ་བའི་ཡོངས་གྲགས་ལ་ལས་འགུལ་སློང་ཐུབ་པའི་ཆ་རྐྱེན་ཞིག་ཚང་སོང་བའི་རྒྱུ་མཚན་ཅི་ལ་མིན། བོད་མི་རྣམས་ནི་རང་བྱུང་གི་མི་བུ་དང་གདོད་མའི་སྤྱི་ཚོགས་ཀྱི་ངོ་བོར་གནས་ཡོད་པས། [ཞིང་འབྲོག་མང་ཆེ་བ]དམངས་གཙོའི་དཔལ་ཡོན་རྩོད་པའི་ལས་འགུལ་ལ་དཔའ་བོའི་ངར་ཡོད་ཀྱང་། མང་པོའི་དཔུང་མེད་པའི་རྒྱུ་མཚན་གྱིས། སྒེར་གཅོད་སྲིད་གཞུང་འཇིགས་སྐྲག་གིས་འདར་སིག་རྒྱག་མ་ཐུབ་པ་དང། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡ་ལན་བྱེད་པའི་ཟང་ཆ་སློང་མ་ཐུབ་པས། བོད་མི་ཚོར་སྒེར་གཅོད་སྲིད་གཞུང་གཏོར་ཏེ་དམངས་གཙོའི་དཔལ་ཡོན་རྩོད་པའི་ལས་འགུལ་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་མ་ཚང་བ་ཅི་འདྲའི་ཕངས་པ་ལ།

གསུམ་པ། འཆར་གཞི་སྒྲིག་འཛུགས་དང་ལས་འགུལ་སྐུལ་སློང་གི་བརྒྱུད་ལམ་ཁག་མ་འདྲ་བ།

  བོད་མི་ཚོར་སྒེར་གཅོད་སྲིད་གཞུང་གིས་ནམ་གཞར་དུ་བདེན་དོན་གང་ཡང་མི་མཐོང་བའི་མིག་ཡོལ་འགེབས་རྐྱང་དང་། དྲང་གཏམ་ཅི་ཡང་མི་ཚོར་བའི་རྣ་བ་འགེབས་རྐྱང་བྱས་ནས་མི་དམངས་ལྐུག་པ་བཟོ་བའི་གདུག་རྩུབ་སྲིད་ཇུས་མུན་རུབ་པ་ལྟ་བུ་བྱས་ཡོད་པས། བོད་ནང་གི “སྒེར་གཅོད་སྲིད་གཞུང་གི་ལག་རོགས་སུ་གྱུར” བའི་རླུང་བརྙན་འཕྲིན་དང་དྲ་རྒྱའི་བརྒྱུད་ལམ་ཁག་གིས་བོད་མིའི་མེར་སྲེག་ལས་འགུལ་ལ། འཆར་གཞི་དང་སྒྲིག་འཛུགས་བཟོས་ནས་ཡོངས་གྲགས་ཀྱི་སྐུལ་སློང་མི་བྱེད་པ་ཨ་ཅང་ཅང་། ཐ་ན་བཙན་བྱོལ་གྱི་མི་ནུས་ཤུགས་ཅན་དང་གཞུང་གིས་འཆར་གཞི་དང་སྒྲིག་འཛུགས་བཟོས་ནས་སྐུལ་སློང་མི་བྱེད་དོན་ཅི། ཁོ་ཚོ་བོད་མིའི་ཚབ་མཚོན་གྱི་མི་སྣ་དང་འདོད་མོས་ཡོད་པའི་གཞུང་ཡིན་པར་ནམ་རྒྱུན་སྒྲོག་གི་ཡོད་པ་མིན་ནམ། གནད་འགག་དེ་འདྲ་དང་དུས་སྐབས་འདི་འདྲར་སླེབས་དུས་ཀྱང། ཁྱེད་ཅག་གིས་བོད་ནང་གི་ལས་འགུལ་ལ་རྒྱལ་སྤྱིས་ཡ་ལན་བྱེད་པའི་སྟོབས་ཤུགས་སྐྲུན་མ་ཐུབ་ན། བོད་མིའི་ཚབ་མཚོན་གྱི་མི་སྣ་དང་གཞུང་ཡིན་པར་སྒྲོག་པའི་དགོས་པ་དང་རྒྱུ་མཚན་ཅི་ཡོད། རྒྱ་མིས་ཡུལ་གྱར་བའི་སྐུལ་སློང་ཡིིན་ཞེས་བཤད་དུས་འུ་ཚོས་མིན་ཞེས་དག་འདོན་དགོས་དོན་ཅི་ཡང་མེད་དེ། ངེས་པ་དོན་གྱི་འུ་ཚོ་བོད་མིའི་ཚབ་མཚོན་དང་གཞུང་ཡིན་པའི་ཕྱིར། འུ་ཚོ་ལ་ལས་འགུལ་སྐུལ་སློང་གི་སྐད་ཆ་དེ་བཤད་པའི་ཐོབ་ཐང་དང་། འཆར་གཞི་སྒྲིག་འཛུགས་བཟོ་བའི་ལས་ཀ་དེ་སྒྲུབ་པའི་འོས་འགན་གཉིས་ཀ་ཡོད་པའི་ཕྱིར། སྐབས་དོན། འཆར་གཞི་སྒྲིག་འཛུགས་དང་ལས་འགུལ་སྐུལ་སློང་གི་བརྒྱུད་ལམ་ཁག་མ་འདྲ་པས། ཨ་རབ་ཀྱིས་གསར་བརྗེ་སློང་ཐུབ་པ་དང་། བོད་མིའི་མ་ཐུབ་པའི་རྒྱུ་མཚན་བཤད་རྒྱུ་ཡིན་ཡང་། འཕྲོས་བཤད་ཀྱིས་བསྒྲིབས་སོང་བས། མཚམས་བཞག་ཀྱང་རུང་སྟེ། འཕྲོས་བཤད་ཀྱིས་ཟུར་བལྟས་ལེབ་མཐོང་བྱེད་ཆོག་པའི་ཕྱིར།   གོང་བཤད་ཀྱི་ཨ་རབ་དཔྱིད་ཀའི་གསར་བརྗེ་དང་ “གངས་ལྷ་མེ་ཏོག་གི” གསར་བརྗེ་གཉིས་ལ་རིག་གནས་སེམས་ཁམས་མི་འདྲ་བ་སོགས་ཀྱི་རང་བློར་བབ་པའི་ཁྱད་པར་གསུམ་བཤད་པ་ཙམ་ཡིན་པས། ཕྲི་སྣོན་བྱ་རྒྱུ་ནི་ཀློག་མཁན་དག་གི་བགོ་སྐལ་ལ་བཞག་པ་ཡིན།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༤ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༤ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༨ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 4

  1. རོ་བདག says:
    ལོ་ 14 སྔོན།

    འོ་རེད་ཡང་ཨ་ཁུ་ཞིག་ཡིན་ས་རེད། གནོད་ན་ར་ཐབས་ཤེས་ཡོད་ནི་མ་རེད། ངས་དུས་ལྟར་དུ་ཚོགས་བཞིན་པ་མ་ཤེས། མ་རིགས། མ་མཐོང་།

    Reply
  2. མི་རྒོད། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ་དཔྱད་རྩོམ་འདི་འདྲ་སྤེལ་ན་རང་གི་རིག་གནས་དང་། མང་གཙོའི་ཁ་ཕྱོཊ་སོགས་ལ་ཕན་པ་སྐྲུན་ངེས་རེད།།

    Reply
  3. ཞི་ལུ། says:
    ལོ་ 14 སྔོན།

    སྨོན་ལམ་ཉིན་ལྟར་ཚོགས་བཞིན་པ་རེད། རོ་བདག་ལགས།

    Reply
  4. རོ་བདག says:
    ལོ་ 14 སྔོན།

    དངོས་ནས་གནས་ལུགས་ཟབ་མོ་ཞིག་དང་རྒྱུན་མཚན་ཡང་དག་ཞིག་གི་རྒྱབ་ལྗོངས་མངོན་འདུག ངས་ཀྱང་འདི་ནས་ཁ་སྣོན་གྱི་ཚུལ་དུ་གདན་ས་གྲྭ་ཚང་ཁག་ལ་འབོད་བསྐུལ་ཞུ་རྒྱུ་ཞིག་ལ་རྒྱལ་གཅེས་པ་དེ་དག་ལ་ཅིས་ཕྱིར་སྨོ་ལམ་ཞིག་ཀྱང་ཚོགས་མ་དགོས་པ་ཡིན། ངག་ནས་ནམ་རྒྱུན་སེམས་ཅན་ཐམས་ཅད་ཟེར་བའི་སེམས་ཅན་དེ་དག་ད་གང་ལ་འགྲོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese