མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སར་དྲ་ཐོག་ཏུ་བོད་པའི་རིག་གཞུང་འཆད་ཁྲིད་ཀྱི་ལས་ཁུངས་ཐོག་མ་བཙུཊ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བཞུཊ་སྒར་ངྷ་རམ་ས་ལར་ཧྥ་རན་སིའི་ཡུལ་མི་ཞིག་གིས་༼ནང་བསྟན་སྲི་ཞུ་ཁང་༽ཞེས་པའི་ལས་ཁུངས་ཤིག་གསར་འཛུགས་བྱས་ཏེ། ལས་ཁུངས་དེའི་དགེ་རྒན་༨ ཀྱིས་རྒྱལ་ཁབ་ཁག་ ༡༥ ནས་ཡིན་པའི་སློབ་མ་ ༣༩ ཙམ་ལ། དྲ་ཐོག་ནས་བོད་ཆོལ་ཁ་གསུམ་གྱི་ཁ་སྐད་དང་སུམ་རྟགས། སྙན་ངག ནང་ཆོས་སོགས་སློབ་ཁྲིད་བྱེད་ཀྱིན་ཡོད་འདུག

ཧྥ་རན་སིའི་ལྷོ་ཕྱོགས་ཁུལ་གྱི་བོད་པའི་ཆོས་ཚོགས་ཤིག་ཏུ་སྐྱེས་ཤིང་། རྒྱ་གར་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་ཏུ་ནང་པའི་གཞུང་ཆེན་ཁག་དང་སྐར་རྩིས་རིག་པར་སློབ་གཉེར་ཡུན་རིང་གནང་སྟེ། སྦིར་དཔལ་སྤུངས་ཤེས་རབ་གླིང་དུ་སྐར་རྩིས་དགེ་རྒན་གྱི་ཕྱག་ལས་གནང་མྱོང་ཡོད་པའི་ཧྥ་རན་སིའི་ཡུལ་མི་སྐུ་ཞབས་ངག་དབང་འཕྲིན་ལས་ལགས་ཀྱིས། ཉེ་ཆར་བཞུགས་སྒར་ངྷ་རམ་ས་ལའི་པདྨ་ཐང་མགྲོན་ཁང་གི་ཉེ་འདབས་སུ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་བཅས་ཀྱི་ཆེད་༼ནང་བསྟན་སྲི་ཞུ་ཁང་༽ཞེས་པའི་ལས་ཁུངས་ཤིག་གསར་འཛུགས་གནང་ཡོད་ཅིང་། ལས་ཁུངས་དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་བོད་ཀྱི་རིག་གཞུང་ལ་དོ་སྣང་ཡོད་མཁན་དང་། བོད་རིཊ་གཞོན་སྐྱེས་བོད་སྐད་བོད་ཡིག་མི་ཤེས་མཁན་དག་ལ། དྲ་རྒྱ་བརྒྱུད་བོད་སྐད་བོད་ཡིག་ཁོ་ནའི་ཐོག་སློབ་ཁྲིད་བྱེད་པའི་ལས་ཁུངས་ཤིག་ཡིན་འདུག

ངྷ་ས་མེག་གྷན་དུ་གསར་འཛུགས་བྱས་པའི་ནང་བསྟན་སྲི་ཞུ་ཁང་དེའི་འགན་འཛིན་ངག་དབང་འཕྲིན་ལས་ལགས་ཀྱིས་ངོ་སྤྲོད་གནང་དོན་ལྟར་ན། ནང་བསྟན་སྲི་ཞུ་ཁང་ཞེས་པའི་ལས་ཁུངས་དེ་ནི་ཧྥ་རན་སིར་གནས་བཞུགས་བླ་མ་མཁྱེན་བརྩེ་རིན་པོ་མཆོག་གིས་ཧིན་སྒོར་འབུམ་གཉིས་ཀྱི་རོགས་དངུལ་གནང་བ་ལྟར། ༢༠༡༡ ལོའི་ཕྱི་ཟླ་ ༤ པའི་ནང་ ཁ་པར་འབྲེལ་མཐུད་ལྟེ་གནས་ (CALL CENTER) ལ་དཔེ་བལྟས་ཏེ་བཞུགས་སྒར་ངྷ་སར་ཚོད་ལྟའི་ངོ་བོའི་ཐོག་བཙུགས་པ་ཞིག་ཡིན་ཞིང་། ལོ་དེའི་ཕྱི་ཟླ་ ༡༠ པའི་ནང་ལས་ཁུངས་དེ་རྒྱ་གར་དབུས་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཏེ་དངོས་སུ་གསར་འཛུགས་གནང་ཡོད་པ་རེད། ད་ཆར་ལས་ཁུངས་འདིར་ཁྱོན་གཏན་འཇགས་ལས་བྱེད་ ༨ དང་། ཨ་རི་དང་ཡུ་རོབ། མཱ་ལེ་ཤི་ཡཱ་དང་སང་གྷི་ཕོར། ཐའེ་ཝན་གཙོས་འཛམ་གླིང་རྒྱལ་ཁབ་ ༡༥ ཙམ་གྱི་ནང་། ཕྱི་རྒྱལ་སློབ་མ་ ༣༥ དང་བོད་རིཊ་རང་ལོ་ ༡༠ ཡས་མས་ཅན་གྱི་སློབ་མ་ ༤ བཅས་ཡོད་འདུག

ལས་ཁུངས་དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཡིག་ནང་ཡོད་པའི་ནང་པའི་རིག་གཞུང་རྣམས་ཡུན་གནས་དར་སྤེལ་གཏོང་ཆེད་དང་། ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་ཀྱི་བླ་མ་དགེ་བཤེས་རྣམ་པའི་སྐད་སྒྱུར་ཚོས་ཁ་སྐད་མི་ཤེས་པའི་དཀའ་ངལ་སེལ་ཐབས། དེ་བཞིན་ཕྱི་རྒྱལ་གནས་སྡོད་བོད་རིགས་གཞོན་སྐྱེས་ཚོར་བོད་སྐད་བོད་ཡིག་སློབ་སྦྱོང་གི་མཐུན་རྐྱེན་སྤྲོད་ཆེད་དུ་ཡིན་འདུག དེའི་ཐད་ངག་དབང་འཕྲིན་ལས་ལགས་ཀྱིས།  “ ང་ཚོའི་ཕུགས་ཀྱི་དམིགས་ཡུལ་དེ་ནང་པའི་བསྟན་པ་ཡུན་རིང་གནང་རྒྱུ་དེ་རེད། ད་ཆར་ནང་ཆོས་ཀྱི་བརྟེན་ས་གཙོ་བོ་བོད་པའི་སྐད་དང་ཡི་གེ་ཆགས་ཡོད། བོད་པའི་ཡིག་སྐད་ཡག་པོ་ཤེས་དགོས་ན།ཐོག་མར་བོད་པའི་ཁ་སྐད་ཡག་པོ་ཤེས་དགོས། བོད་པའི་ཁ་སྐད་རྒྱུན་འཛིན་བྱེད་དགོས་ན། ཁ་སྐད་རྒྱག་མཁན་མི་མང་པོ་དགོས་པ་རེད། མི་ག་ཚོད་ཀྱིས་མང་ན་བོད་ཀྱི་ནང་བསྟན་ཡུན་རིང་གནས་ཐུབ་ཀྱི་རེད།” ཅེས་བརྗོད་བྱུང་།

ནང་བསྟན་སྲི་ཞུ་ལས་ཁུངས་འདིས་གཏན་འབེབས་བྱས་པའི་དྲ་ཐོག་གི་ཁྲིད་གཞིའི་རྣམ་གྲངས་ནི། ཁ་སྐད་དང་ཡི་གེ་སྦྱོར་ཀློག སུམ་བཅུ་པ། རྟགས་འཇུག སྙན་ངག་གི་རྨང་གཞིའི་ཤེས་བྱ། རྒྱུན་སྤྱོད་ཐ་སྙད། བོད་ཡིག་ཚགས་ཤོག་དང་བོད་ཡིག་དྲ་རྒྱ་ཁག་གི་ཚིག་འགྲོས། བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན། གློག་བརྙན་གཟིགས་འབུལ། ༸གོང་ས་མཆོག་གི་བཀའ་སློབ། ནང་ཆོས་ངོ་སྤྲོད། ཨམ་སྐད་དང་ཁམས་སྐད་ཀྱི་སྦྱོར་ཀློག བོད་ཡིག་གི་རི་མོ་བཅས་བོད་སྐད་བོད་ཡིག་སློབ་ཁྲིད་བྱེད་བཞིན་ཡོད་འདུག

ངག་དབང་འཕྲིན་ལས་ལགས་ཀྱིས་བརྗོད་ན། ལས་ཁུངས་འདིས་དྲ་ཐོག་གི་སློབ་མ་ཚོར་ཉིན་ལྟར་མི་རེར་ཆུ་ཚོད་ ༡ ཙམ་རིང་སློབ་མའི་གནས་ཚད་དང་བསྟུན་ཏེ་བོད་ཡིག་སློབ་ཁྲིད་བྱེད་ཀྱིན་ཡོད་ལ། ཡུ་རོབ་ཏུ་གནས་སྡོད་བྱེད་མཁན་སློབ་མ་ཚོས་ཆུ་ཚོད་རེར་སློབ་ཡོན་ཡུ་སྒོར་ ༢།༥ རེ་སྤྲོད་དགོས་པ་དང་། བྱང་ཨ་རི་དང་དེ་མིན་ས་གནས་གཞན་ནང་ཆུ་ཚོད་རེར་ཨ་སྒོར་ ༣ རེ་སྤྲོད་དགོས་ཀྱི་ཡོད། ཕྱི་རྒྱལ་དུ་སྡོད་མཁན་བོད་པ་ཚོར་རིན་མེད་ཐོག་སོ་སོའི་དགོས་མཁོ་དང་འཚམ་པའི་སློབ་ཁྲིད་བྱེད་ཀྱི་ཡོད་འདུག་ལ། ད་ཆར་ལས་ཁུངས་འདིས་དྲ་ཐོག་གི་སློབ་མ་ཚོའི་སློབ་ཡོན་བསྡུ་རུབ་གནང་སྟེ། དགེ་རྒན་ཚོར་ཟླ་རེར་ཟླ་ཕོགས་ཧིན་སྒོར་ ༡༠༠༠༠ རེ་སྤྲོད་ཀྱི་ཡོད་ལ། ལས་ཁུངས་ཀྱི་དགེ་རྒན་མང་ཆེ་བ་སཱ་ར་མཐོ་སློིབ་དང་ངྷ་སར་གནས་སྡོད་གཞོན་སྐྱེས་ཁག་ཡིན་འདུག

ངག་དབང་འཕྲིན་ལས་ལགས་སུ་ལས་གཞིའི་དེའི་ཐོག་དམིགས་བསལ་དཀའ་ངལ་འཕྲད་ཡོད་མེད་དྲིས་པར། “ ད་ལྟའི་དཀའ་ངལ་གཙོ་བོ་དཔལ་འབྱོར་གྱི་དཀའ་ངལ་དང་། སློབ་ཁྲིད་བྱེད་སྟངས་མ་ཤེས་པ། ཀློག་དེབ་ཚད་ལྡན་མེད་པ། དགེ་རྒན་རྣམ་པའི་ཚིག་གྲུབ་འགྲོ་སྟངས། བྱ་ཚིག་བེད་སྤྱོད་གཏོང་ཕྱོགས་བཅས་རེད། མ་འོངས་པར་ལས་གཞི་རྒྱ་ཆེ་རུ་གཏོང་ཆེད་སྦྱིན་བདག་འཚོལ་བཞིན་ཡོད་ཀྱང་། སྤྱི་ཚོགས་སྟེང་ལས་གཞིར་དོ་སྣང་དང་གདེང་འཇོག་མ་ཐོབ་ན། ལས་ཁུངས་འདི་ཡུན་གནས་ཐུབ་ཀྱི་ཁག་པོ་རེད། ” ཅེས་བརྗོད་བྱུང་།

གསར་འགོད་པས་ནང་བསྟན་སྲི་ཞུ་ཁང་གི་ཁ་སྐད་དགེ་རྒན་བསྟན་འཛིན་རྣམ་དག་ལགས་སུ་སློབ་ཁྲིད་ཀྱི་གནས་སྟངས་དྲིས་སྐབས། “ འདས་པའི་ཟླ་གཅིག་ནང་དྲ་རྒྱའི་སྐུད་ལམ་དེ་ཙམ་ཡག་པོ་མེད་སྟབས། སློབ་ཕྲུག་ཚོར་འདོད་པ་ཁེངས་པའི་སློབ་ཁྲིད་བྱེད་ཐུབ་མ་སོང་། སློབ་ཁྲིད་སྐབས་སིང་གྷ་ཕོར་དང་མཱ་ལེ་ཤི་ཡཱའི་སློབ་ཕྲུག་ཚོར་སྒྲ་གདངས་ཀྱི་དཀའ་ངལ་མི་འདུག་ཀྱང་། ནུབ་ཕྱོགས་པ་ཚོར་བོད་སྐད་ཀྱི་སྒྲ་གདངས་ཏག་ཏག་མ་ཡོང་བའི་དཀལ་ངལ་འཕྲད་ཀྱི་འདུག དཀའ་ངལ་ཆེ་ཤོས་སློབ་མའི་ཤེས་ཚད་དང་མཐུན་པའི་ཀློག་དེབ་མེད་པ་དེ་རེད། སློབ་མ་ཚོར་བོད་ཡིག་སྦྱང་འདོད་ཆེན་པོ་ཡོད་པ་དེས་སློབ་ཁྲིད་ལ་ཉོབ་སྣང་ཡོང་གི་མི་འདུག ” ཅེས་བརྗོད་སོང་། 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. མི་རྒོད། says:
    ལོ་ 14 སྔོན།

    ནམ་མཁའ་བསྟན་འཛིན་ལགས་ཐུགས་རྗེ་ཆེ། བསམ་ཚུལ་ཧ་ཅང་ཡག་པོའདུག། ་བོད་ཡིག་མ་ཕྱི་རྩ་བར་བཞག་ནས་རིག་གསར་བཟོ་སྐྲུན་བྱས་ན་ལེགས་པོ་རེད་དྲན་གྱི་འདུག། དེ་མིན་ཁུངས་བསྡུར་ས་མེད་པ་གང་དྲན་གསར་བཟོ་བྱས་ན་གང་ཞིག་ཡོང་མིན་བཤད་ཚོད་དཀའ་བོད་བཙན་འོག་ཏུ་གནས་མཁན་ཚོས་ཚིག་གསར་དེ་ཚོ་ཧ་ཅང་ལེགས་པོ་འདུག། དེ་ཁུངས་བརྡ་གསར་རྙིང་གཞུང་ནང་གཞི་འཛིན་པ་ཧ་ཅང་གསར་པོ་འདུག། དེ་ལྟར་ལགས་སོ།

    Reply
  2. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    དྲ་ལམ་ནས་སློབ་ཁྲིད་བྱེད་ན་དྲ་རྒྱའི་ཁ་བྱང་མི་འདུག་གམ ན་ནིང་ད་ལོ་ཕྱི་རྒྱལ་གྱི་བོད་ཕྲུག་ཚོའི་ནང་བོད་ཡིག་སྦྱངས་འདོད་ཡོད་མཁན་མང་པོ་འདུག འོན་ཀྱང་དཀའ་ངལ་གཅིག་ཤེས་རིག་ནས་དཔར་སྐྲུན་བྱས་བའི་སློབ་དེབ་ཚང་མ་དབུ་མེད་རྐྱང་ཡིན་ཙང་བྱིས་པ་ཚོས་སློབ་དེབ་སྟེང་ནས་གང་འཚམ་ཀློག་ཤེས་ཀྱང་རང་ངོས་ནས་དྲ་རྒྱ་དང་དཔེ་དེབ་གཞན་ཀློག་སྐབས་དབུ་ཅན་ཡིན་སྟབས་དཀའ་ངལ་འཕར་མ་ཞིག་ཕྲད་གྱིན་འདུག གཞན་ཤེས་རིག་གི་སློབ་དེབ་ནང་སྒྲ་དང་ཅ་ལག་གི་མིང་སོགས་ཚིག་མཛོད་གང་དུ་ཡང་མེད་པའི་ཚིག་དེ་འདྲ་གསར་བཟོའི་ཚུལ་དུ་མང་པོ་བཀོད་འདུག ད་དུང་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལ་ཁྱད་པར་གང་ཡང་མེད་པར། དཔེར་ན་ལྷམ་གྱིས་ཐྲིག་ཐྲིག་ཟེར་གྱིན་འདུག་ཟེར་བ་ལྟ་བུ།
    སྤྱིར་རང་ལྟ་མཆོག་འཛིན་གྱི་བསམ་བློ་མིན་ན་བྱིས་པའི་སློབ་དེབ་དབུ་ཅན་ཡིན་ན་བྱིས་པ་རང་ངོས་ནས་དཔེ་དེབ་གཞན་ཀློག་པར་ཕན་ཐོགས་ཆེན་པོ་འདུག འོན་ཀྱང་འདི་སྐུ་ངོ་སུ་ཞིག་གི་བཀའ་དབང་ཡིན་མིན་མི་ཤེས། རྐང་བཙུགས་ནས་བོད་ཡིག་གོམ་པ་དང་པོ་སྦྱངས་མཁན་ཚོར་ཡར་རྒྱས་མི་ཡོང་ཆེད་བཟོས་བ་ལྟ་བུ་ཞིག་འདུག ཁྱོད་ཚོས་མཐོང་མེད་ན་ཐེངས་གཅིག་གཟིགས་རོགས་གནང་།

    Reply
  3. མི་རྒོད། says:
    ལོ་ 14 སྔོན།

    དུས་རབས་དང་མཐུན་པའི་ཀླད་ཁམས་རིག་པའི་དམག་ཟེར་ན་འདི་རེད་ད། མིག་དཔེ་བཟང་སར་བལྟ་ན་འདི་ན་འདུག་བོད་རིགས་ཚོ་གོ་ཐོས་བྱུང་བ་ཧ་ཅང་དགའ་ལ་བཀྲིན་བླ་མེད་དུ་ཆེ་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese