མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༡༦ ལ་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཁམས་བྲག་མགོ་ས་ཁུལ་གྱི་བོད་མི་ ༡༦ ལ་རྒྱ་གཞུང་གིས་ཉེས་ཆད་ཁྲིམས་ཐག་བཅད་ཡོད་པ་དང་། དེའི་ཁྲོད་བོད་གཅིག་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་ཁམས་བྲག་མགོ་རྫོང་དུ་བོད་མིས་ཞི་བའི་ངོ་རྒོལ་བྱས་སྐབས། རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་རྒྱལ་གཅེས་དཔའ་བོ་ཡོན་ཏན་གཙོས་བོད་མི་མང་པོ་དམར་གསོད་དང་། ཞི་རྒོལ་བ་མང་པོ་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཁམས་བྲག་མགོ་རྫོང་དུ་བོད་མི་ ༡༦ ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེའི་ཁྲོད་བོད་མི་གཅིག་ལ་ཚེ་བཙོན་དང་གཞན་རྣམས་ལ་ལོ་ ༡ ནས་ ༡༣ བར་གྱི་ཁྲིམས་ཐག་བཅད་འདུག 

རྒྱ་གར་ལྷོ་ཕྱོགས་སུ་གནས་སྡོད་བསོད་ནམས་ཚེ་རིང་ལགས་ཀྱིས་གསར་ལམ་ཏུ་བརྗོད་པ་ལྟར་ན། ཁམས་བྲག་མགོ་རྫོང་དུ་བོད་མི་ ༡༦ ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་ཁྲོད་ནས། བོད་མི་ ༡༠ མིང་དང་ཁྲིམས་ཆད་གནས་སྟངས་ཤེས་རྟོགས་བྱུང་ཡོད་པ་དང་། དེ་དག་ནི་རང་ལོ་ ༣༠ ཡིན་པའི་བསོད་ནམས་ལྷུན་འགྲུབ་ལ་ཚེ་བཙོན་དང་། རང་ལོ་ ༣༠ ཡིན་པའི་དབང་ཆེན་ཚེ་རིང་ལ་བཙོན་འཇུག་ཁྲིམས་ཆད་ལོ་ ༩ ། རང་ལོ་ ༢༥ ཉིན་པའི་ཆོས་རྣམ་ལ་ལོ་ ༣ ། རང་ལོ་ ༥༠ ཡིན་པའི་ཨ་འཛེ་བཟོད་པ་ལ་ལོ་ ༣ ། རང་ལོ་ ༣༠ ཡིན་པའི་ལྕགས་བྷེ་ལ་ལོ་ ༡༢ ། རང་ལོ་ ༢༠ ཡིན་པའི་ཀུན་ཐོག་ལ་ལོ་ ༡༣ ། རང་ལོ་ ༣༠ ཡིན་པའི་ཀུན་གྲུབ་ལ་ལོ་ ༡༡། རང་ལོ་ ༣༠ ཡིན་པའི་ཕུར་བུ་ཚེ་རིང་ལ་ལོ་ ༢ ། རང་ལོ་ ༢༠ ཡིན་པའི་དབང་ཚེ་ལ་ལོ་ ༡ དང་ཟླ་བ་ ༩ ། རང་ལོ་ ༣༠ ཡིན་པའི་སྙན་གྲགས་ལ་ལོ་ ༡ དང་ཟླ་བ་ ༨ བཅས་ཀྱི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཉེ་སྔོན་རྒྱ་གཞུང་གིས་གཞན་པའི་བོད་མི་ ༧ ལའང་ལོ་ ༥ ནས་ ༡༣ བར་གྱི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་པ་དང་། དེའི་ཁྲོད་བོད་མི་བསོད་ནམས་དར་རྒྱས་ལ་ལོ་ ༡༠ ་དང་པདྨ་འོད་ཟེར་ལ་ལོ་ ༥ ཁྲིམས་ཆད་བཅད་འདུག གཞན་ཡང་། ཉེ་སྔོན་རྒྱ་གཞུང་གིས་ངོ་ལོག་ཟིང་ཆ་སློང་མཁན་གྱི་ཉེས་མིང་འོག བྲག་མགོ་དགོན་པའི་གྲྭ་བཀྲ་ཤིས་དར་རྒྱས་དང་རྣམ་རྒྱལ། མིང་ཤེས་རྟོག་བྱུང་མེད་པའི་གྲྭ་པ་གཞན་གཅིག་བཅས་མི་གསུམ་འཇུ་བཟུང་བྱས་ཡོད་པ་དང་། གྲྭ་བཀྲ་ཤིས་དར་རྒྱས་ད་ལྟ་སྨར་ཁམས་རྫོང་གི་བཙོན་ཁང་ནང་བཀག་ཉར་བྱས་ཡོད་འདུག དེ་བཞིན། བྲག་མགོ་དགོན་པའི་གྲྭ་བ་ ༣༠ དགོན་པ་ནས་ཕྱིར་ཕུད་བཏང་ཡོད་པ་མ་ཟད། རང་ལོ་ ༡༤ སོན་མེད་པའི་གྲྭ་པ་གཅིག་ཀྱང་དགོན་པའི་ནང་ཉར་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

མཆན། 2

  1. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    བོད་འདི་རྒྱ་དམར་གྱི་གདུག་རྩུབ་འོག་ནས་དུས་ནམ་ཞིག་ནས་ཐར་སྲིད་ཀྱི་རེད། དཀོན་མཆོག་མཁྱེན། དཔའ་བོའམ་བསྟན་སྲུང་རྣམས་ལ་དཀོན་མཆོག་གིས་གཟིགས་སུ་གསོལ། ཁྱེད་དཔའ་བོ་བཅུ་དྲུག་གཙོས་པའི་དེར་ཡོད་དཔའ་བོ་རྣམས་ལ་སྙིང་ནས་གུས་བརྩི་ཞུའོ།། རྗེས་སུ་ཡི་རང་ཞུའོ།། ཐུགས་རྗེ་ཆེ་ཞུའོ།། བཙན་བྱོལ་ཚོ་དེང་སང་གོ་རྒྱུ་མེད་བར་གྱུར་སོང་ངོ་།། ཁྱེད་རྣམས་གཙོས་པའི་ཆབ་སྲིད་བཙོན་མ་ཡོངས་རྫོགས་བཙོན་དུ་མནར་གཅོད་ལས་གྲོལ་བའི་སྨོན་ལམ་ཡང་ཡང་འདེབས་སོ།།

    Reply
  2. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ད་ཡིན་ན་ང་ཚོའི་སྤུན་ཟླ་ཚོའི་ཐོག་ཏུ་མི་ཡོང་དགུ་ཡོང་ཡོང་གི་འདུག་པས་ཞུ་འབོད་དང་ལས་འགུལ་སྤེལ་ཐབས་གསར་པ་རེ་བྱས་ན་ཅུང་ཙམ་ཕན་ཐོགས་མེད་འགྲོ་་་་་དངོས་གནས་སེམས་སྐྱོ་བ་ཞིག་རེད་་་ཉེས་པ་ཡོད་མེད་ལ་མ་ལྟོས་པར་གང་བྱུང་ཁྲིམས་ཆད་བཅད་པ་ལ་རྒྱལ་སྤྱིའི་སྒང་ནས་བལྟ་ཚུལ་རེ་མེད་པ་རེད་དམ་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese