མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔའ་བོའི་དྲན་རྟེན་རྡོ་རིང་བཞེང་མིན་ཐོག་གྲོས་སྡུར་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་གཞོན་ལྷན་གྱིས་དཔའ་པོ་ཐུབ་བསྟན་དངོས་གྲུབ་མཆོག་ལ་མྱ་ངན་རྗེས་དྲན་མཚོན་ཆེད། ཞོགས་པར་ལྷ་རྒྱལ་རིར་བསང་གསོལ་སྨོན་ལམ་དང་། དགོང་མོར་ངྷ་ས་མེག་གྷན་དུ་མར་མེ་ཁྲོམ་སྐོར་གནང་འདུག

ཁ་སང་ཕྱི་ཚེས་ ༢༩ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་སྐུ་གཤེགས་ཏེ། ལོ་ངོ་ ༡༤ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཡོད་པ་ལྟར། ཞོགས་པའི་ཆུ་ཚོད་༧ པའི་སྟེང་ངྷ་སའི་ལྷ་རྒྱལ་རིའི་མཆོད་རྟེན་མདུན་ཐང་དུ། བཀའ་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་གིས་གཙོས་གཞོན་ནུའི་དབུས་རྒྱུན་ཟུར་པ་དང་། ཚོགས་པ་ཁག་གི་སྐུ་ཚབ། སེར་སྐྱ་མང་ཚོགས་བཅས་འདུ་འཛོམས་ཐོག་བསང་གསོལ་སྨོན་ལམ་གསུངས་ཡོད་པ་དང་། དགོང་མོའི་ཆུ་ཚོད་ ༦།༣༠ སྟེང་ངྷ་ས་མེག་གྷན་ཁྲོམ་གཞུང་དུ་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་སྣེ་ཁྲིད་འོག ངྷ་སའི་སེར་སྐྱ་མི་མང་དང་ཕྱི་རྒྱལ་བ་བཅས་ཁྱོན་མི་ ༣༠༠ ཙམ་གྱིས་མར་མེ་ཁྲོམ་སྐོར་ཞིག་གནང་སོང་ལ། མཇུག་སྡོམ་མཛད་སྒོའི་སྟེང་གཞོན་ནུའི་ཚོགས་གཙོ་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་སྤེལ་ཡོད།

མཇུག་སྡོམ་མཛད་སྒོའི་ཐོག་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། རྒྱལ་གཅེས་དཔའ་བོའི་ཉིན་མོ་འདི་ནི། ༡༩༩༨ ལོར་གཞོན་ལྷན་གྱི་གོ་སྒྲིག་ལྟར་རྒྱལ་ས་ལྡི་ལིར་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གནང་སྐབས། དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་ལོ་དེའི་ཕྱི་ཟླ་ ༤ ཚེས་ ༢༣ ཉིན་བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་བསྲེགས་བཏང་སྟེ། ཕྱི་ཚེས་ ༢༩ ཉིན་འདས་གྲོངས་སུ་ཕྱིན་རྗེས་གཞོན་ལྷན་གྱིས་ཉིན་མོ་དེ་བོད་ཀྱི་དཔའ་བོའི་ཉིན་མོར་གཏན་ཁེལ་བྱུང་ཡོད་པ་ངོ་སྤྲོད་དང་། དེ་བཞིན། ༢༠༠༩ ལོ་ནས་བཟུང་སྟེ་ད་ལྟའི་བར་བོད་རྔ་པ་དང་རྟའུ། དཀར་མཛེས། ཆབ་མདོ། ཁྲི་འདུ། ཐེམ་ཆེན། དར་ལག རྨ་ཆུ། རེབ་གོང་། མགོ་ལོག་བཅས་སུ་རྒྱལ་གཅེས་དཔའ་བོ་ ༣༥ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་ཁྲོད། མི་ ༢༦ འདས་གྲོངས་དང་གཞན་མི་ ༩ གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། གཞོན་ལྷན་གྱིས་རྒྱལ་གཅེས་དཔའ་བོ་དེ་དག་ལ་གུས་འདུད་ཞུ་རྒྱུ་དང་། ད་ལོའི་རྒྱ་ནག་ལོ་གསར་དུས་ཆེན་སྐབས། རྒྱ་ནག་དྲག་ཆས་ཉེན་རྟོག་པས་བོད་མི་ཞི་རྒོལ་བའི་ཁྲོད་གང་བྱུང་མེ་མདའ་བརྒྱབ་སྟེ། བྲག་མགོ་རྫོང་དུ་མི་ ༤ དང་གསེར་རྟ་རྫོང་དུ་མི་ ༢། ཛམ་ཐང་རྫོང་དུ་མི་ ༡། མགོ་ལོག་པདྨ་རྫོང་དུ་མི་ ༡ བཅས་དམར་གསོད་བཏང་བར་རྗེས་དྲན་དང་། རྒྱ་གཞུང་གི་བྱ་སྤྱོད་དེའི་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག  

བོད་ཀྱི་དཔའ་བོའི་ཉིན་མོར་གཞོན་ལྷན་གྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་སྔོན་མའི་ནང་མདོ་སྨད་རྨ་ལྷོ་དང་མཚོ་ལྷོ་ཁུལ་དུ་བོད་རིཊ་སློབ་ཕྲུག་ཚོས། བོད་མི་རིགས་ལ་སྐད་ཡིག་རང་དབང་དགོས་ཞེས་རྒྱ་གཞུང་ལ་ངོ་རྒོལ་བྱས་སྐབས། རྒྱ་ནག་དམག་མིས་གང་བྱུང་འཛིན་བཟུང་དང་། སློབ་གྲྭ་སྒོ་བརྒྱབ་སྟེ་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་སྟབས། གཞོན་ལྷན་གྱིས་བོད་ཀྱི་སོན་རྩ་རྣམས་ལ་ཡི་རངས་བསྔགས་བརྗོད་དང་། བཙན་བྱོལ་བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དགོས་པར་ནན་སྐུལ། དེ་བཞིན། གཞོན་ལྷན་གྱིས་མང་ཚོགས་ལ་ད་ལོའི་ལོ་གསར་མི་གཏོང་རྒྱུར་ཡོངས་ཁྱབ་འབོད་སྐུལ་ཞུས་པ་ལྟར། བོད་རིགས་མང་ཚོགས་ཀྱིས་ལོ་གསར་གྱི་དགའ་སྟོན་ལ་མ་རོལ་པ་དང་། བོད་རྒྱལ་ཁབ་འཛུགས་བསྐྲུན་གྱི་མ་དངུལ་བསྡུ་རུབ་ནང་མཉམ་ཞུགས་གནང་བའི་ཐད་ཐུགས་རྗེ་ཆེ་ཞུས་འདུག  

གསལ་བསྒྲགས་དེའི་ནང་། “ ད་ལོའི་ལོ་གསར་ཚེས་ ༡ ཉིན་གཞོན་ལྷན་གྱི་སྣེ་ཁྲིད་འོག ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དུ། ཤིང་བཟའ་རིན་པོ་ཆེ་དང་རྡོ་རྗེ་རྒྱལ་པོ། ཡེ་ཤེས་བསྟན་འཛིན་གསུམ་གྱིས་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྐབས། རྒྱལ་ཚོགས་སྐུ་ཚབ་ཐེངས་གཉིས་ཆེད་ཕེབས་ཀྱིས་དགོས་འདུན་ཁག་ལ་ཁས་ལེན་གནང་ཡོད་སྟབས། ལས་འགུལ་ནང་ཞུགས་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་ཚོགས་སྤྱི་ཁྱབ་དྲུང་ཆེ་གཙོས་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་དང་། དྲང་བདེན་དང་རང་དབང་གཙིགས་ཆེར་འཛིན་པའི་རྒྱལ་སྤྱིའི་དབུ་ཁྲིད་ཚོས། བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེད་དང་། ཁ་ཡོད་ལག་ཡོད་ཐོག་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ནན་མོ་ཞུ་རྒྱུ་ཡིན ” ཞེས་འཁོད་འདུག 

གསར་འགོད་པས་ཚོགས་གཙོ་ལགས་སུ་གཞོན་ལྷན་གྱིས་དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་ལ་དྲན་རྟེན་རྡོ་རིང་བཞེངས་ཡོད་པ་ལྟར། མ་འོངས་པར་བོད་ནང་མེར་བསྲེགས་གཏོང་མཁན་ཚོར་དྲན་རྟེན་རྡོ་རིང་བཞེང་འཆར་ཡོད་མེད་དྲིས་པར། “བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་མང་དག་ཅིག་བྱུང་ཡོད་ལ། མ་འོངས་པའི་གནས་སྟངས་གང་འདྲ་ཆགས་མིན་ཞུ་ཁག་པོ་རེད། གཞོན་ནུ་ལྷན་ཚོགས་ཀྱིས་དཔའ་བོ་དཔའ་མོ་དེ་ཚོའི་ཆེད་དྲན་རྟེན་རྡོ་རིང་བཞེང་དགོས་ན་འདྲ། དེ་མ་ཡིན་པའི་ཕྱག་ལས་གང་འདྲ་ཞིག་གནང་དགོས་རུང་། རིམ་པས་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་ ” ཞེས་བརྗོད་སོང་། 

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་རྒྱལ་དར་མེར་བསྲེགས་གཏོང་གི་ཡོད་པའི་ཆ་ནས། ད་ཆར་ཚེ་བརྟན་རྡོ་རྗེ་ནང་མི་གསུམ་གྱིས་རྒྱ་ནག་རྒྱལ་དར་འཁྱེར་ཏེ་བོད་སྐྱོད་གོམ་བགྲོད་གནང་བཞིན་པ་དེར་ལྟ་ཚུལ་ཅི་ཡོད་དྲིས་སྐབས། “ གནས་སྟངས་དེའི་ཐད་ད་ལྟའི་ཆར་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་ཐག་གཅོད་གང་ཡང་བྱུང་མེད། རྒྱ་མིའི་རྒྱལ་དར་འཁྱེར་བཞིན་པའི་གནས་ཚུལ་དེ་ལོ་རྒྱུས་ཐོག་ཐེངས་དང་པོ་ཆགས་འགྲོ་ཡི་ཡོད་པ་རེད། གཞོན་ལྷན་སྒྲིག་འཛུགས་ཀྱིས་གནས་སྟངས་དེའི་ཐོག་གྲོས་སྡུར་ཐག་གཅོད་བྱས་རྗེས་མང་ཚོགས་ལ་ལངས་ཕྱོགས་གསལ་པོ་ཞིག་སྟོན་རྒྱུ་ཡིན ” ཞེས་བརྗོད་བྱུང་། 

དཔའ་པོ་ཐུབ་བསྟན་དངོས་གྲུབ་ལགས་ནི་རྒྱ་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་དང་པོ་དེ་ཡིན་ལ། ད་བར་བོད་ཕྱི་ནང་གཉིས་སུ་བོད་མི་ ༤༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་ཡོད། 

གསར་འགོད་པ། དཔལ་ལྡན། 

 

 

 

འབྲེལ་ཡོད་གསར་འགྱུར།

རྔ་བ་རྫོང་ཨ་འདུས་དགོན་པ། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

༧སྐུའི་གོ་སྟོན་གྱི་ཚབ་མཚོན་དབུ་ཞྭ་ཁྱབ་བསྒྲགས་བྱས་རྐྱེན་དགེ་འདུན་པ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༩ སྔོན་ལ།
On 27 July 2025, His Holiness the 14th Dalai Lama met Czech President Petr Pavel at Shewatsel Phodrang in Leh, Ladakh. Photo Credit: Office of the Dalai Lama
༸གོང་ས་མཆོག གསར་འགྱུར།

ཅེཀ་སྲིད་འཛིན་གྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པར་སྐྱོན་བརྗོད་བྱས་འདུག

ཆུ་ཚོད་ ༢༠ སྔོན་ལ།
དྲ་ལམ་གྱི་པར།
Mobile App

ཧྲའོ་ལིན་དགོན་པའི་མཁན་པོ་ཁྲིམས་ལ་སྦྱར།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

༢༠༢༥/༠༧/༢༦
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

༢༠༢༥/༠༧/༢༥
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

༢༠༢༥/༠༧/༢༥

མཆན། 8

  1. Ngawang Norbu says:
    ལོ་ 13 སྔོན།

    ༄༅། །གལ་ཏེ་བོདད་ཀྱི་དཔའ་བོ་དཔའ་མོ་རྣམ་པའི་དྲན་བརྟན་གྱི་རྡོ་རིང་ཞིག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་བཞེངས་གནང་བརྟེན་འཁེལ་བ་བྱུང་ན་གུས་པ་ངག་དབང་ནོར་བུ་ནང་མི་བཟུང་ནས་ཞེལ་འདེབས་ཨ་སྒོར་ ༥༠༠ ལྔ་བརྒྱ་ཐམས་པ་འབུལ་རྒྱུ་ཡིན།

    Reply
  2. ནུབ་ཕྱོགས་ཀྱི་ཕུག་རོན། says:
    ལོ་ 13 སྔོན།

    ༥༩ལོ་ནས་ད་བར་བོད་ཁྱོན་ཡོངས་ཀྱི་དཔའ་བོ་དང་དཔའ་མོར་ཆེད་རྡོ་རིང་ཞིག་བཙུག་ན་ལེགས།

    Reply
  3. མི་རྒོད། says:
    ལོ་ 13 སྔོན།

    དཔའ་བོའི་ཞལ་ཆེམས་གསལ་བཤད་གནང་བ་ཐུགས་རྗེ་ཆེ། ད་བར་གྱི་དཔའ་བོ་དང་ དཔའ་མོ་ཡོངས་ལ་རང་ནུས་གང་ཐུབ་ཀྱིས་བདེན་དོན་གསལ་བཤད་འཛམ་གླིང་གི་མི་གང་ལའང་ཞུ་དང་ ཞུ་བཞིན་ཡོད། ཁོང་རྣམས་ལ་སྙིང་དབུས་ནས་རྗེས་སུ་ཡིད་རང་ཞུ།། བོད་མི། མི་རེ་ངོ་རེ་རྒྱལ་གཅེས་པ་ཡོངས་ཀྱིས་སྙིང་སྟོབས་དེ་འཛམ་གླིང་ལ་གསལ་བཤད་གནང་རོགས་ཞེས་འབོད་སྒྲ་ཡང་ཞུ་རྒྱུ་ཡིན།།

    Reply
  4. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    རྡོ་རིང་བཞེངས་ཞེས་གནས་སྐབས་ཀྱི་ཚོར་བ་ཙམ་གྱི་དབང་དུ་བཞག་ན་མཐའ་འཁྱོལ་ཁག་པོ་མེད་འགྲོ་་་་་་བོད་དོན་ཆེད་རང་སྲོག་བཏང་ཚད་ལ་རྡོ་རིང་རེ་བཞེངས་དགོས་ན་ང་ཚོ་རང་ས་ཤོར་བའི་སྐྱབས་བཅོལ་བ་ཞིག་ཡིན་པས་མུ་མཐུད་འདི་ལྟར་བྱས་ན་དཀའ་ངལ་རེ་འཕྲད་མི་ཡོང་ངམ་བསམ་གྱི་འདུག་་་་་རྒྱལ་ཁབ་ཅིག་ཡོད་ན་ཡིན་དང་ཡིན་་་་་མེ་སྲེག་བྱེད་མཁན་ད་དུང་འབྱུང་ངེས་ཡིན་པས་རེ་རེ་བཞིན་འདི་ལྟར་རྡོ་རིང་རེ་བཞེངས་སའི་ས་ཆ་ཞིག་ཁག་པོ་མིན་འགྲོ་་་་བསམ་ཚུལ་ཙམ་ཡིན་

    Reply
  5. སྐར་མདའ། says:
    ལོ་ 13 སྔོན།

    དཔའ་བོའི་དྲན་རྟེན་བཞེངས་ཐུབ་ན་དེ་ནི་དགའ་འོས་པའི་གནད་དོན་ཞིག་རེད། ཡག་པོ་འདུག
    ཡིན་ན་ཡང་དཔའ་པོའི་རྡོ་རིང་ལ་ཁ་གཡར་ནས་དོན་གཞན་ཞིག་མི་སྒྲུབ་པའི་སྐྱབས་འཇུག་ཞུ།

    Reply
  6. རང་དབང་རྒྱལ་སྲས། says:
    ལོ་ 13 སྔོན།

    བོད་རྔ་པ་དང་རྟའུ། དཀར་མཛེས། ཆབ་མདོ། ཁྲི་འདུ། ཐེམ་ཆེན། དར་ལག རྨ་ཆུ། རེབ་གོང་། མགོ་ལོག་མདོར་ན་བོད་མདོ་དབུས་ཁམས་གསུམ་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ ༣༥ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཚར་པ་རེད།བོད་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་དྲིལ་ལས་ཁུངས་ལས་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱས་དང་བྱེད་མུས་རེད།ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་སྤེལ་བཞིན་པ་དེ་ལ་སྙིང་ནས་རྗེས་སུ་ཡིད་རང་དང་རྒྱབ་སྐྱོར་ཡོད་།

    Reply
  7. ལྟས་ངན། says:
    ལོ་ 13 སྔོན།

    ཁོང་གི་གཤམ་འཁོད་ཞལ་ཆེམས་འདི་དཔའ་བོ་ཁོང་གིས་མི་ཡུལ་ལ་བཞག་པའི་རྡོ་རིང་རེད། རྡོ་རིང་འདི་བོད་མི་ཚོའི་སེམས་ན་སེམས་དང་ལྡན་པའི་ནུབ་མེད་ཀྱི་རྡོ་རིང་ཡིན། རྡོ་རིང་འདི་ལ་ད་དུང་སེམས་ཀྱི་འདྲ་གཟུགས་ཤིག་བཞེངས་དགོས་ན། དེ་གཞོན་ལྷན་ལ་འོས་བབ་ཅིག་གང་ན་ཡོད་དམ། དེ་བོད་གཞུང་མང་གིས་བཞེངས་ན་ཞལ་ཆེམས་དང་མིང་དོན་མཚུངས་བ་ཞིག་ཡོང་གི་རེད།

    གཅིག འཛམ་གླིང་ཞིེ་བདེ་བདེ་དཔོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པར་ཤོག བོད་ལ་གདན་འདྲེན་ཞུ་དགོས། ཤ་རུས་གདོང་རྒྱུད་གཅིག་པའི་སྤུན་ཟླ་ཚོ་མཉམ་འཛོམས་བྱས་ནས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕོ་བྲང་པོ་ཏཱ་ལའི་མདུན་དུ་འབྲུག་སྒྲ་གྲགས་པ་ནང་བཞིན་ཡོང་བའི་སྨོན་ལམ་དང་ཡིད་ཆེས་བརྟན་པོ་ཡོད།
    གཉིས། སྤུན་ཟླ་ཚོ། མ་འོངས་བདེ་བ་དང་མདུན་ལམ་བསམས་ན་ལ་རྒྱ་དགོས། ལ་རྒྱ་ནི་མི་རིགས་ཤིག་གི་བློ་སྲོག་ཡིན། ད་དུང་དྲང་བདེན་འཚོལ་བའི་སྤོབས་པ་ཡིན། མ་འོངས་བདེ་བའི་སྣ་འདྲེན་ཡང་ཡིན། སྤུན་ཟླ་ཚོ། འཛམ་གླིང་མི་མང་འདྲ་མཉམ་འཚོལ་བའི་བདེ་སྐྱིད་བསམ་ན། ལ་རྒྱ་ཟེར་བའི་ཚིག་འདི་སེམས་ལ་བཅངས་དགོས། བྱ་བ་ཆེ་ཆུང་སོགས་ལ་འབད་བརྩོན་གནང་དགོས། སྤྱིར་ལ་རྒྱ་ནི་བདེན་རྫུན་འབྱེད་པའི་ཤེས་རབ་ཡིན།
    གསུམ། རང་དབང་ནི་སྲོག་ལྡན་ཡོངས་ཀྱི་བདེ་སྐྱིད་གཞི་མ་ཡིན། རང་དབང་མེད་ན་རླུང་ནང་མར་མེ་འབར་བ་ནང་བཞིན་ཡིན། བོད་མི་ས་ཡ་དྲུག་གི་ཁ་ཕྱོགས་འདྲ་བོ། ཆོལ་ཁ་གསུམ་གྱི་སྤུན་ཟླ་ཚོས་ནུས་ཤུགས་གཅིག་ཏུ་སྒྲིལ་ན་འབྲས་བུ་ཐོབ་པ་ང་ཚོས་ཤེས་གསལ་རེད། སེམས་ཤུགས་མ་ཆགས་རོགས།
    བཞི། གུས་པས་བརྗོད་པ་ནི་བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་ཡིན། མི་རིགས་ཀྱི་འཐབ་རྩོད་སྐབས་དགོས་པ་ནི། དཔལ་འབྱོར་ཡོད་ན་བེད་སྤྱོད་གཏང་བའི་དུས་ཚོད་རེད། ཡོན་ཏན་ཡོད་ན་ནུས་པ་སྒྲིལ་དགོས་པའི་ཛ་དྲག་གི་དུས་ཚོད་ལ་སླེབས་པ། སྲོག་ཡོད་ན་རང་སྲོག་བློས་གཏོང་བའི་ཉིན་མོ་རེད་དྲན་གྱི་ཡོད། དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་མི་ལུས་རིན་ཆེན་མེ་ལ་ཕུལ་བ་ནི། འཛམ་གླིང་མི་མང་ལ་བོད་མི་ས་ཡ་དྲུག་གི་སྡུག་བསྔལ་དེ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་མེད་པའི་རྟགས་མཚན་ཡིན། ཤ་ཚ་སྙིང་རྗེ་ཡོད་ན་ཉམས་ཆུང་བོད་མི་ལ་གཟིགས་རོགས་གནང་།
    ལྔ། ང་རང་ཚོའི་ཕ་མའི་ཆོས། རིགས་པའི་གཞུང་ལུགས་དང་སྐད་ཡིག་སོགས་ལ་རང་དབང་དགོས། འཛམ་གླིང་མི་མང་ཐོབ་ཐང་འདྲ་མཉམ་དགོས། འཛམ་གླིང་མི་མང་ང་ཚོའི་རྒྱབ་ཏུ་ལངས་ཤོག བོད་ཀྱི་བདག་པོ་བོད་མི་ཡིན། བོད་རྒྱལ་ལོ།
    རྟའུ་འཇམ་དཔལ་ཡེ་ཤེས་ནས་ཕུལ། ༢༠༡༢། ༣། ༡༦། ཉིན།

    Reply
  8. ངས་པོ་རྒྱལ་མཚན། says:
    ལོ་ 13 སྔོན།

    སྤྱི་ལོ་ ༡༩༨༧ ལོར་ཕ་རུས་དཀར་པོ་སྙིང་ལ་བཅངས་ཏེ་རིགས་ཞེན་ལང་ཚོ་རྒྱས་པའི་བོད་ཀྱི་རྒྱལ་ས་ལྷ་སའི་གངས་ཕྲུག་ཚོས་དབུ་ཁྲིད་པའི་བོད་འབངས་ཡོངས་ཀྱིས་ བཙན་རྒོལ་རྒྱལ་སྐྱོབ་ཞི་བའི་སྐད་འབོད་ཀྱི་ལས་འགུལ་འབྱུང་རྐྱེན་དང་བྱུང་རིམ།༼སྐབས་དེ་དུས་གྲྭ་བཙུན་གཙོ་བོར་འགྱུར་བའི་རང་རིགས་སྤུན་ཟླ་མང་པོར་གསད་རྨས་ཚབ་ཆེན་བྱུང་ཡོད།༽སྤྱི་ལོ་ ༡༩༩༣ ལོར་བཙུན་མ་བཅུ་བཞིས་གདུགས་རྩུབ་ཀྱི་ཁྲག་དྲི་བྲོ་ཞིང་ཐ་ན་དྲང་གཏམ་ཚིགས་གཅིག་ཀྱང་ཤོས་ས་མེད་པའི་ཆེས་བཙན་གནོན་གྱི་བཙོན་ཁང་ར་བའི་ ནང་ནས་བོད་ལ་རང་དབང་དགོས། ༸གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག རྒྱ་དམར་ཀླ་ཀློའི་གདུག་རྩུབ་ཇི་ལྟར་ཆེ་ན་ཡང་བོད་མིའི་རང་བཙན་སེམས་ཤུགས་ནམ་ཡང་ འགྱུར་བ་མེད་ཅེས་སྐྱོ་གདུང་གི་སྨྲེ་ངག་ཞི་བའི་དབྱངས་སུ་བཀུག་སྟེ་སྒྲ་འཇུག་བྱས་ནས་ཕྱིར་བཀྲམས་པ། ༼དེ་ཁོངས་བཙུན་མར་རྡུང་རྡེག་ཚ་སྣན་བཏང་སྟེ་ལོ་ངོ་གསུམ་ནས་དགུ་བར ་ལོ་ཚད་སྤར་ཡོད། ཕུན་ཚོགས་ཉི་སྒྲོན་ལགས་དང་ངག་དབང་གསང་སྒྲོན་གཉིས་ལ་ལོ་ཚད་མཐོ་ཤོས་སྤར་ཡོད།༽ སྤྱི་ལོ་ ༡༩༩༨ ལོའི་ནང་ལ་སྡུག་རྩུབ་དང་། གཉའ་གནོན་གྱི་མེ་ལྕེ་འབར་ བཞིན་པའི་སྐྱི་གཡའ་བ་ཡི་གྲྭ་བཞི་བཙོན་ཁང་ནང་དུ་རྒྱ་གཅེས་དཔའ་བོ་དང་དཔའ་མོས་རྒྱ་དར་མཁའ་ལ་འཕྱར་བའི་སྐབས་འ་ཆད་འུ་ཐུག་གིས་སླར་ཡང་རྒྱ་དམར་གྱི་དྲང་ བདེན་པའི་ཁྲིམས་འཁྱོགས་དང་། ཡ་ང་བྲལ་བའི་གདུག་རྩུབ་ལ་ཞི་བའི་ངོ་རྒོལ་གནང་བ། ༼སྐབས་དེ་དུས་ཤ་ཁྲག་རུས་གསུམ་ལ་རྔམ་པའི་གུང་ཁྲན་ཏང་གིས་ཤན་པ་ལག་དམར་བས།ལག་ཏུ་ མཚོན་ཆ་ཁབ་ཙམ་ཡང་ཐོགས་མེད་པའི་ཞི་བའི་ངོ་རྒོལ་བའི་སྟེང་བྱ་རྒོད་ཤ་ལ་ཆགས་པ་ཇི་བཞིན་མཆོངས་ཏེ་དེང་དུས་མཚོན་ཆས་བེད་དཔྱོད་པ། སྐམ་རྡུང་གཏོང་བ།བཙོན་པ་ཡོངས་རྗོགས་ལ་རྡུང་རྡེག་དྲག་པོ་ བཏང་། ཕལ་མོ་ཆེ་ནད་རོ་གཅོང་ཅན་བཟོས་པ་མ་ཟད་གྲྭ་བཙུན་བཅུ་ལྷག་དམར་གསོར་བཏང་ཡོད།༽ སྟོང་ལོ་གསར་པ་སྤྱི་ལོ་ ༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་དམར་གྱི་དྲང་བདེན་ མིན་པའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་མགོ་བཙུགས་ཏེ་བོད་ཆོལ་གསུལ་ཁྱོན་ལ་དབྱར་གྱི་ཆུ་ཆེན་བརྡོལ་བ་ལྟར་གང་སར་ཁྱབ། ༼དྲག་སྤྱོད་དང་བཙན་གནོན་ལ་གོམས་པའི་རྒྱ་དམག་ གིས།ཞི་བའི་མི་སེར་རྣམས་ལ་མུ་མཐུད་དེ་དེང་དུས་ཀྱི་མེ་མདའ་དང་འབར་རྫས་བེད་སྤྱོད་གཏོང་བ། དུག་རླངས་གཏོར་བ། ལྐོག་གསོད་གཏོང་བ། གསོན་པོར་མེར་སྲེག་པ། རྐང་ལག་གཅོག་པ།ཐེམ་རེ་མི་རེའི་ མདུན་ལ་དམག་དཔུང་གིས་བཙན་ཤེད་ཆེན་པོས་བཀག་སྟེ་ནང་དུ་ལྟོགས་ཤི་སོགས་བཏང་ཡོད།༽ སྤྱི་ལོ་ ༢༠༡༡ ལོར་ཡང་བོད་ཤར་ཕྱོགས་ཀྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དག་གིས་ཆེས་རྙེད་པར་དཀའ་བའི་དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་བཟང་འདི་ཉིད་བར་མདོའི་འཕྲང་དུ་ལུས་པའི་མི་རིགས་འདིའི་རྣམ་ཤེས་ཀྱི་རྒྱུན་སྐྱོབ་རྒྱུའི་ཆེད་མཆོད་མེར་བསྒྲོན་ཡོད།༼རྒྱལ་གཅེས་དཔའ་བོ་ ༣༥ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་ཁྲོད། མི་ ༢༦ འདས་གྲོངས་དང་གཞན་མི་ ༩ གར་སོང་ཆ་མེད་དུ་གྱུར་ཡོད།༽ང་ཚོས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དེ་དག་གི་ལྷག་བསམ་དང། སྙིང་སྟོབས། ལ་རྒྱ། རང་ཉིད་ཀྱི་ཡོད་ཚད་ བློས་གཏོང་ཕོད་པའི་རྒྱལ་གཅེས་ཀྱི་བྱ་བ་བསྔགས་བརྗོད་དང་། རྗེས་སུ་ཡིད་རངས་དང་རབ་བྱུང་ན་ཁོང་ཚོའི་མཛད་རྗེས་འཁོད་པའི་རྡོ་རིང་ཞིག་བཞེངས་ཐུབ་ན་དགེ་མཚན་ཆེ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese