མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིན་ཀུང་ཁྲིན་ཨ་རིའི་གཞུང་ཚབ་ཁང་དུ་ཡིབ་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཁྲིམས་རྩོད་པ་ཁྲིན་ཀུང་ཁྲིན་རྒྱ་གཞུང་གི་བཀག་སྡོམ་འོག་བྲོས་ཐར་བྱུང་རྗེས། པེ་ཅིན་གྱི་ཨ་རིའི་གཞུང་ཚབ་ཁང་དུ་ཡིབ་སྡོད་བྱས་ཡོད་པའི་ཚོད་དཔག་དང་། ཨ་རྒྱ་གཉིས་བར་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད་རྣོ་ངར་ལྡན་པའི་འཐབ་རྩོད་ཅིག་སླེབས་སྲིད་པའི་གླེང་སློང་ཤུགས་ཆེན་བྱུང་ཡོད།

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཁྲིམས་རྩོད་པ་ཁྲིན་ཀུང་ཁྲིན་རྒྱ་གཞུང་གི་བཀག་སྡོམ་འོག་བྲོས་ཐར་གྱིས་བདེ་འཇགས་ཀྱི་ས་གནས་ཤིག་ཏུ་ཡིབ་སྡོད་བྱས་ཡོད་འདུག འདས་པའི་ཟླ་ ༡༩ ལྷག་རིང་རྒྱ་གཞུང་གི་བཀག་སྡོམ་མནར་གཅོད་འོག་ཚུད་ཅིང་མིག་ལོང་པ་ཡིན་པའི་ཁྲིམས་རྩོད་པ་ཁྲིན་ཀུང་ཁྲིན་བྲོས་བྱོལ་དུ་ཕྱིན་པའི་གནས་ཚུལ་དེར། རྒྱལ་སྤྱིའི་སྤྱི་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་དོ་སྣང་ཤུགས་ཆེན་པོ་བྱེད་བཞིན་ཡོད་ཀྱང་། ད་ལྟའི་ཆར་ཁོང་གང་དུ་ཡོད་མེད་ཀྱི་གནས་སྟངས་ཐད་ཁུངས་འཕེར་ཁ་གསལ་གྱི་གནས་ཚུལ་གང་ཡང་རག་མེད་པ་རེད། ཁྲིན་ཀུང་ཁྲིན་བྲོས་བྱོལ་ཕྱིན་ཤུལ་དུ་རྒྱ་གཞུང་གིས་ཁོང་གི་ནང་མི་ཉེ་འབྲེལ་དག་དང་། ཁོའི་བྲོས་བྱོལ་ཐད་རོགས་རམ་བྱེད་མཁན་ཧི་ཕའེ་རོང་དང་ཀྲུའུ་ཀྲུན། ཁྲིན་ཡུས། ཧུའུ་ཀཱ་སོགས་འབྲེལ་ཡོད་མི་སྣ་མང་པོར་བཀག་ཉར་འདྲི་གཅོད་བྱེད་མགོ་བརྩམས་ཡོད་པ་དང་། ‘ཁྲིན་ཀུང་ཁྲིན’ དང་ ‘ལོང་བ’ སོགས་ཀྱི་ཐ་སྙད་དག་དྲ་ལམ་ནས་འཚོལ་བཤེར་མི་ཐུབ་པ་བཟོས་ཏེ། རྒྱ་ནང་གི་གནས་འཕྲིན་དྲ་རྒྱ་ཁག་ལའང་བཀག་སྡོམ་ནན་མོ་བྱས་ཡོད་པ་རེད།

ཁྲིན་ཀུང་ཁྲིན་ད་ལྟའི་ཆར་གང་དུ་ཡུབ་སྡོད་བྱས་ཡོད་མེད་ཐད། བརྒྱུད་ལམ་ཁག་ཏུ་ཁོང་ཨ་རིའི་ UA898 རྟགས་ཅན་གྱི་གནམ་གྲུར་བསྡད་དེ་ཝ་ཤིན་ཊོན་དུ་སླེབས་ཡོད་ཚུལ་དང་། པེ་ཅིན་གྱི་ཨ་རིའི་གཞུང་ཚབ་ཁང་དང་ཡེ་ཤུས་ཆོས་ཁང་གང་རུང་ཞིག་ཏུ་ཡོད་སྐོར་སོགས་གླེང་སློང་འདྲ་མིན་བྱུང་ཡོད་པ་རེད། དབྱིན་ཇིའི་དུས་བབ་གསར་ཤོག་(UK’s The Times newspaper )གིས་གནས་ཚུལ་སྤེལ་དོན་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཁྲིན་ཀུང་ཁྲིན་གསང་སྟབས་ཀྱིས་སོ་སོའི་ཁྱིམ་གྱི་སྒོ་རའི་རྩིག་གྱང་ལས་ཕར་ལྡིང་སྟེ།  ལམ་བར་དུ་ས་ལ་འགྱེལ་ཞོར་རང་ཉིད་གཅིག་པུ་ཆུ་ཚོད་གཅིག་ལྷག་རིང་བསྐྱོད་མཐར།  ཁོའི་གྲོགས་མོ་ཧི་ཕའེ་རཱོང་དང་ཀྲིན་ཀྲུའུ་གཉིས་ལ་འབྲེལ་བ་གནང་ཐུབ་པ་བྱུང་ཞིང་།   ཧི་ཕའེ་རོང་གིས་གྲོགས་པོ་གཞན་དག་གི་རམ་འདེགས་འོག་ཁྲིན་ཀུང་ཁྲིན་རླངས་འཁོར་ནང་བཞག་སྟེ་བདེ་འཇགས་ཀྱི་ས་ཆ་ཞིག་ལ་བསྐྱལ་ཡོད་འདུག 

ཁྲིན་ཀུང་ཁྲིན་རྒྱ་གཞུང་གི་བཀག་སྡོམ་འོག་བྲོས་ཐར་བྱུང་བའི་རྗེས། དྲ་ལམ་ཁག་ཏུ་དུས་ཡུན་སྐར་མ་ ༡༥ ཅན་གྱི་བརྙན་ཐུང་ཞིག་སྤེལ་ཡོད་པའི་ནང་། ཁོང་གིས་ ༼དེ་སྔོན་དྲ་ལམ་ཁག་ཏུ་རྒྱ་གཞུང་གིས་ང་ལ་དྲག་སྤྱོད་དམ་དྲག་བྱས་པའི་གནས་ཚུལ་སྤེལ་བ་མཐའ་དག་དངོས་བདེན་ཡིན་ལ། ང་རང་དངོས་ཡོད་གནས་ཚུལ་དེའི་དཔང་མི་ཡིན་པའི་ཆ་ནས་དེ་རིང་ཚང་མར་བདེན་དཔང་བྱས་པ་ཡིན། གཅར་རྡུང་མནར་གཅོད་བཏང་བའི་དངོས་ཡོད་གནས་སྟངས་རྣམས་ནི་དྲ་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལས་ཀྱང་ཧ་ཅང་བློ་ཡིད་ལས་འདས་པ་ཞིག་ཡིན། ༽ ཞེས་བརྗོད་དེ། རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་གིས་ཁོང་དང་ཁོང་གི་ནང་མིར་ཁྲིམས་མེད་ལུགས་མེད་ཐོག་གཅར་རྡུང་མནར་གཅོད་བཏང་བའི་ཞིབ་ཕྲའི་གནས་ཚུལ་རྣམས་ཐེར་འདོན་བྱས་ཡོད་པ་མ་ཟད། ཁོང་གིས་བརྙན་ཐུང་དེ་བརྒྱུད་ནས་རྒྱ་ནག་སྲིད་བློན་ཝུན་ཇ་པའོ་ལ་ “ཁྲིམས་ལྟར་ཉེས་ཅན་ལ་ཁྲིམས་གཅོད་ནན་པོ་བྱེད་དགོས་པ། ཁྲིམས་ལྟར་ནང་མིའི་བདེ་འཇགས་སྲུང་སྐྱོབ་བྱ་དགོས་པ།  ཁྲིམས་ལྟར་རུལ་སུངས་བྱ་སྤྱོད་ལ་ཉེས་ཆད་གཅོད་དགོས་པ། ” བཅས་དགོས་འདུན་དོན་ཚན་གསུམ་བཏོན་འདུག 

ཐེངས་འདིའི་བྲོས་བྱོལ་ཆེད་མིག་ལོང་པ་ཁྲིན་ཀུང་ཁྲིན་གྱིས་ཟླ་གཉིས་ལྷག་རིང་གྲ་སྒྲིག་བྱས་ཡོད་པ་དང་།  ལྟ་སྲུང་བའི་དོ་སྣང་ཆེན་པོ་མི་ཡོང་ཆེད་དུས་རྒྱུན་རང་ཁྱིམ་དང་ཁ་མ་བྲལ་པར་ཉལ་ཁྲི་སྟེང་རྒྱུན་རིང་ཉལ་བསྡད་སྟབས། སྒོ་འགྲམ་གྱི་ལྟ་སྲུང་བའི་སེམས་ལ་བདུན་ཕྲག་གཅིག་རིང་ཁོ་རང་མཐོང་མ་ཐུབ་ཀྱང་དེ་ནི་ཧ་ཅང་རྒྱུན་ལྡན་གྱི་རྣམ་པ་ཞིག་ཆགས་སུ་བཅུག་ཡོད་པ་དང་། དེ་བཞིན། ཁོས་མཚན་མོ་རེ་རེ་བཞིན་སྒོ་འགྲམ་གྱི་ལྟ་སྲུང་བའི་འགྲུལ་བཞུད་ཀྱི་ལྷམ་སྒྲར་ཉན་ཏེ། ལྟ་སྲུང་བ་ཆུ་ལེན་དུ་འགྲོ་བར་ཕར་ལ་སྐར་ཆ་ ༥ དང་ཚུར་ལ་སྐར་ཆ་ ༥ ཡི་དུས་ཡུན་དགོས་ཀྱི་ཡོད་པ་རྟོག་ཞིབ་བྱས་མཐར།  དུས་ཡུན་སྐར་ཆ་ ༡༠ ཡི་གོ་སྐབས་དེ་དམ་འཛིན་གྱིས་རང་ཉིད་སྡོད་སའི་ཁང་མིག་ནས་ཁང་མིག་གཞན་ཞིག་གི་ནང་འཛུལ་ཐབས་བྱས་ཤིང་། མཚན་གུང་སོ་སོའི་ཁྱིམ་གྱི་སྒོ་རའི་རྩིག་གྱང་ལས་ཕར་ལྡིང་སྟེ་བྲོས་ཡོད་འདུག  དེའི་ཐད་ཧི་ཕའེ་རོང་གིས། “ དགོང་མོ་དེར་ཁྲིན་ཀུང་ཁྲིན་ཐེངས་མང་པོར་ས་ལ་འགྱེལ་ཡོད་པ་དང་། གྲོང་སྡེ་དེའི་སྲང་བར་དག་ལ་ཆ་རྒྱུས་ཆེན་པོ་མེད་སྟབས་གྱང་ཐུང་མང་པོ་བརྒལ་དགོས་བྱུང་ཡོད་པ་མ་ཟད། གྲོང་འདབས་ཀྱི་ཆུ་ཕྲན་ཞིག་ཀྱང་བརྒལ་འདུག་ལ། གྲོགས་པོ་ཚོས་ཁོ་རང་རྙེད་སོན་བྱུང་སྐབས་ལུས་ཀྱི་ལྭ་བ་ཡོངས་རྫོགས་བརླན་ཡོད་པ་དང་། རྐང་པར་ཡང་རྨས་སྐྱོན་བཟོས་འདུག” ཅེས་བརྗོད་ཡོད།  

ད་ལྟའི་ཆར་གནས་ཚུལ་དབྱེ་ཞིབ་པ་དག་གིས་ཁྲིན་ཀུང་ཁྲིན་ཡིབ་སྡོད་བྱ་སའི་བདེ་འཇགས་ཀྱི་ས་གནས་དེ་ནི་པེ་ཅིན་གྱི་ཨ་རིའི་གཞུང་ཚབ་ཁང་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་ལ། ཁྲིན་ཀུང་ཁྲིན་གྱི་གནས་ཚུལ་དེས་རྒྱ་གཞུང་དཔོན་རིགས་ནང་ཁུལ་གྱི་དབང་ཤུགས་འཐབ་རྩོད་ཁྲོད་ཀྲུག་ཡུང་ཁཱང་གཙོས་ཅཱང་ཤོག་ཁག་སྔར་ལས་ལྷག་པར་ཉེན་ཁར་དེད་ཡོད་འདུག  ཁ་སང་ཕྱི་ཚེས་ ༣༠ ཉིན་ཨ་རི་དང་ཉི་ཧོང་སྲིད་འཛིན་གཉིས་ཀྱི་མཉམ་འབྲེལ་གསར་འགོད་གསལ་བསྒྲགས་སྐབས། གསར་འགོད་པས་ཨོ་བྷ་མར་ཁྲིན་ཀུང་ཁྲིན་པེ་ཅིན་དུ་ཨ་རིའི་སྲུང་སྐྱོབ་འོག་ཡོད་མེད་དང་། ཁོང་ལ་ཨ་རིའི་གཞུང་གིས་ཆབ་སྲིད་སྐྱབས་བཅོལ་སྤྲོད་འཆར་ཡོད་མེད་ཀྱི་དྲི་བ་བཏོན་པར། ཨོ་བྷ་མས་ “ གསར་ལམ་ཁག་གིས་སྤེལ་བའི་རྒྱ་ནག་གི་དཀའ་རྙོག་དེའི་སྐོར་གྱི་གནས་ཚུལ་ངས་ཤེས་རྟོག་བྱུང་ཡོད། ཡིན་ནའང་། ངས་གནས་ཚུལ་དེའི་ཐད་གསལ་བཤད་གནང་རྒྱུའི་གྲ་སྒྲིག་བྱེད་ཀྱིན་མེད། ངས་འདིར་གསལ་བཤད་བྱེད་འདོད་པ་ཞིག་ནི་ང་ཚོའི་ངོས་ནས་རྒྱ་ནག་གཞུང་དང་འབྲེལ་མོལ་བྱེད་ཐེངས་རེར་འགྲོ་བ་མིའི་ཐོབ་ཐང་གནད་དོན་གླེང་སློང་བྱེད་བཞིན་ཡོད། དེ་ནི་སྒྲུབ་སྟངས་ཡང་དག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ང་ཚོའི་གཞི་རྩའི་ལངས་ཕྱོགས་དང་། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ང་ཚོའི་དམ་ཚིག་དང་མཐུན་གྱི་ཡོད་པ་མ་ཟད། ང་ཚོའི་ངོས་ནས་རྒྱ་ནག་གི་སྲིད་ཇུས་གུ་ཡངས་དང་རང་དབང་ཅན་དུ་གྱུར་ཚེ་རྒྱ་ནག་སྔར་ལས་སྟོབས་ལྡན་ཆགས་ཐུབ་རྒྱུར་ཡིད་ཆེས་ཡོད། ” ཅེས་བརྗོད་དེ། གལ་སྲིད་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐད་རྒྱ་གཞུང་གིས་ལེགས་བཅོས་བྱས་པ་ཡིན་ན། ཨ་རྒྱ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་ཟབ་དང་། རྒྱ་ནག་སྔར་ལྷག་སྟོབས་ཆེན་དང་མཚན་མཐོང་ལྡན་པ་ཞིག་ཏུ་འགྱུར་རྒྱུ་ཡིན་སྐོར་བསྒྲགས་འདུག

གཟའ་ཟླ་བའི་ཉིན་ལྷོ་ཀོ་རི་ཡའི་བརྒྱུད་ལམ་གཙོ་གྲས་༼ཤར་ཨེ་ཤ་ཡའི་ཉིན་རེའི་གསར་ཤོག༽སྟེང་། ཨ་རྒྱ་གཉིས་སོ་སོའི་སྲིད་འཛིན་འོས་འདེམས་དང་སྲིད་དབང་རྩིས་སྤྲོད་ཀྱི་འགག་རྩའི་དུས་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་གི་ས་འོག་འབར་མདེལ་འགས་གཏོར་བྱུང་བཞིན་ཡོད་པའི་དཔྱད་བརྗོད་སྤེལ་ཡོད་པ་མ་ཟད། རྒྱལ་སྤྱིའི་གསར་ལམ་ཁག་གིས་ཨོ་བྷ་མ་གཞུང་གིས་བྲེལ་འཚུབ་དང་མངོན་གསལ་མིན་པའི་ཐོག་ནས་རྒྱ་ནག་གཞུང་དང་འབྲེལ་བ་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༣ ནས་ ༤ བར་པེ་ཅིན་དུ་འཚོགས་གཏན་ཁེལ་ཡོད་པའི་ཨ་རྒྱ་གཉིས་ཀྱི་ཚོང་ལས་མཉམ་འབྲེལ་ཚོགས་འདུའི་སྔོན་ལ།  ཁྲིན་ཀུང་ཁྲིན་གྱི་གནད་དོན་ཐག་གཅོད་ཡོང་ཐབས་འབད་བརྩོན་བྱེད་བཞིན་པའི་ངོས་འཛིན་བྱས་ཡོད་ལ། དེ་བཞིན། གཟའ་ཉི་མའི་ཉིན་ཨ་རིའི་ཤར་ཨེ་ཤ་ཡའི་ལས་དོན་ཐད་ཀྱི་ཕྱི་འབྲེལ་དྲུང་ཆེ་ཁཱམ་བྷེལ་(Campbell)ལགས་པེ་ཅིན་དུ་བསྐྱོད་ཡོད་པ་དང་། གཟའ་ཟླ་བའི་ཉིན་ཨ་རིའི་ཕྱི་སྲིད་བློན་ཆེན་ཧེ་ལའེ་རའེ་ཡིས་ཀྱང་པེ་ཅིན་དུ་འཚོགས་འཆར་གྱི་ཨ་རྒྱ་གཉིས་ཀྱི་ཚོང་དོན་མཉམ་འབྲེལ་ཚོགས་འདུའི་ཐོག་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་མ་ཟད། ཐེངས་འདིའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་ཨོ་བྷ་མའི་ཁ་གཏད་དུ་ལངས་བཞིན་པའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་མའེ་ཋི་རོམ་ནའེ་(Mitt Romney )ལགས་ཀྱིས་ཀྱང་གཟའ་ཉི་མའི་ཉིན་གསལ་བསྒྲགས་སྤེལ་ཏེ། ཁོ་རང་ཉིད་ཀྱི་ངོས་ནས་ཁྲིན་ཀུང་ཁྲིན་དང་ཁོའི་ནང་མིའི་བདེ་འཇགས་ཐད་ཧ་ཅང་བློ་འཚབ་བྱེད་བཞིན་ཡོད་ལ། རྒྱ་གཞུང་གིས་ཆབ་སྲིད་རང་དབང་ལ་བཀག་སྡོམ་དང་། སྒེར་གཅོད་སྲིད་ཇུས་རྒྱུན་འཛིན། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་སྟབས། ཨ་རིའི་གཞུང་གིས་ངེས་པར་དུ་གནོན་ཤུགས་ལྡན་པའི་བྱེད་ཐབས་སྤྱད་དེ། རྒྱ་གཞུང་གི་ལམ་ལུགས་བཅོས་སྒྱུར་ལག་བསྟར་ཡོང་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་དག་ལ་རྒྱབ་སྐྱོར་བྱེད་དགོས་ཚུལ་བརྗོད་དེ་ཨ་བྷ་མའི་གཞུང་ལ་གནོན་ཤུགས་སྤྲད་ཡོད་འདུག 

དབྱིན་ཇིའི་(The Guardian) གསར་ཤོག་གི་པེ་ཅིན་གསར་འགོད་པས་གནས་ཚུལ་སྤེལ་བའི་ནང་། དུས་ཡུན་རིང་པོར་རྒྱ་ནག་གི་ཆབ་སྲིད་གནད་དོན་ཐད་རྟོག་ཞིབ་གནང་མཁན་སྲིད་དོན་དབྱེ་ཞིབ་པ་དག་གིས། ཉེ་ཆར་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་ཁྲིམས་རྩོད་པ་ཁྲིན་ཀུང་ཁྲིན་དང་། རྒྱ་ནག་ནང་ལྐོག་གསོད་བྱས་པའི་དབྱིན་ཇིའི་ཚོང་བ་ཧེ་ཝུ་ཏིག  དེ་བཞིན། རུལ་སུངས་པ་ཝང་ལིས་ཅོན་དང་པའོ་ཞིས་ལའེ་སོགས་ཟློ་གར་རང་བཞིན་ཅན་གྱི་གནས་ཚུལ་དེ་དག་གིས། ད་ལྟའི་རྒྱ་ནག་དམར་པོའི་གཞུང་དེ་ཆབ་སྲིད་བཅོས་སྒྱུར་དང་། མུ་མཐུད་དྲག་གནོན་གཉིས་ཀྱི་འགག་རྩའི་ཐག་གཅོད་ལ་ཐུག་ཡོད་སྟབས། ཝུན་ཇ་པའོ་གཙོས་པའི་དེང་རབས་ཅན་གྱི་འཛམ་གླིང་ལ་ཁ་ཕྱོགས་མཁན་རྒྱ་གཞུང་དཔོན་རིགས་དག་ལ་མཚོན་ན།  ད་ལྟའི་དུས་སྐབས་འདི་ནི་ཕྱི་ལོ་ ༡༩༨༩ ཚུན་གྱི་གོ་སྐབས་ཆེས་ལེགས་ཤོས་དེ་ཆགས་ཡོད་པས། སྔར་ལས་ལྷག་པར་སྤྱི་ཚོགས་ཕྱི་གསལ་ནང་གསལ་དང་འགན་ལེན་ལྡན་པ། ཁྲིམས་ཀྱིས་སྐྱོང་དགོས་པའི་དགོས་འདུན་བཏོན་ཏེ། ངེས་པར་དུ་སྒེར་གཅོད་མཁྲེམས་འཛིན་པ་དག་ལ་གདོང་ལེན་བྱེད་དགོས་པའི་དུས་ལ་སླེབས་ཡོད་པ་བརྗོད་འདུག 

མིག་ལོང་ཡིན་པའི་ཁྲིམས་རྩོད་པ་ཁྲུན་ཀུང་ཁྲིན་ལགས་གྱིས། ཧྲན་ཏུང་ཞིང་ཆེན་ལན་ཀྲུག་ས་གནས་སྲིད་གཞུང་གིས་བཙན་ཤེལ་གྱི་སྒོ་ནས་འཆར་ལྡན་བུ་སྐྱེས་སྲིད་ཇུས་སྤེལ་ཏེ། སྦྲུམ་མའི་ཕྲུ་གུ་མངལ་ལས་འདོན་པའི་ཉེས་སྤྱོད་ཐེར་འདོན་གྱིས་མང་ཚོགས་ལ་རྒྱབ་སྐྱོར་ཁྲིམས་རྩོད་བྱས་པར་བརྟེན་ནས་རྒྱ་གཞུང་གི་གཅར་རྡུང་བཀག་ཉར་འོག་ཚུད་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༨ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༩ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 5

  1. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    དྲ་གྲོགས་དུག་མདའ་ལགས། གཅར་རྡུང་བྱས་ནས་མིག་ཞར་བ་མ་རེད། སྔོན་ནས་ལོང་པ་རེད།

    Reply
  2. དུག་མདའ། says:
    ལོ་ 14 སྔོན།

    གསར་འགྱུར་ཁ་གསལ་མི་འདུག་ཟེར་བ་མིན་ཀྱང་། གཅར་རྡུང་བྱས་ནས་མིག་གཉིས་ལོང་པ་ཨེ་རེད་ཅེས་བའི་དྲི་བ་ཞིག་འདོན་དགོས་ཀྱི་འདུག་གམ་མི་འདུག

    Reply
  3. ནད་པ says:
    ལོ་ 14 སྔོན།

    དམངས་གཙོ་དང་། རང་དབང་། ཞི་བདེ། འགྲོ་བ་མིའི་ཐོབ་ཐང་མེད་པའི་རྒྱ་ནག་སྲིད་དབང་སྒེར་སྤྱོད་ཀྱི་ཏང་ཤོག་རྩ་འཛུགས་འདིའི་ངོ་དོང་ཉིན་རེ་ནས་ཉིན་རེར་དམར་རྗེན་དུ་བཏོན་པ་དེར་བསྔགས་བརྗོད་བྱེད་འོས་པ་ཞིག་ཏུ་གྱུར།

    སྐུ་ཞབས་ལིའུ་ཞོ་པོ་སོགས་དམངས་གཙོ་དོན་གཉེར་ཚོ་དང་། ཤེས་ལྡན་པ། ད་ཐེངས་མིག་གཉིས་ལོང་བའི་ཁྲིམས་རྩོད་པ་ཁོང་ལའང་རྒྱ་དམར་འདིས་ཁྲིམས་གཅོད་དང་མནར་གཅོད་ཚད་ལས་འདས་པ་ཞིག་བཏང་བ་དེ་ནི་ཆེས་ཐ་ཤལ་གྱི་བྱ་སྤྱོད་ཅིག་རེད།

    སྙིང་སྟོབས་ཞུམ་པ་མེད་པའི་རྒྱ་མི་རིགས་ཀྱི་སྐྱེས་བུ་རླབས་ཆེན་འདི་འདྲ་བ་ཉིན་རེ་ནས་ཉིན་རེར་ཆེས་མང་དུ་འགྲོ་ཐུབ་པ་དང་། ཨ་རི་གཙོས་རྒྱལ་སྤྱིའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་སོགས་གང་སར་བརྒྱབ་སྐྱོར་ངེས་ཅན་ཐོག་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་བའི་རེ་བ་དང་འགན་འཁྲི་འཛམ་གླིང་སྤྱི་ལ་འཁྲི་ཡོད།

    གང་ལྟར་ཡང་དམར་ཤོག་འདི་ངེས་པར་དུའང་རྒྱ་ནག་མི་དམངས་ཀྱིས་ངོས་ནས་བཤད་ན་ཕམ་པར་རྒྱག་དགོས། དེ་ནི་རྒྱ་ནག་དང་། བོད་སོགས་གྲངས་ཉུང་མི་རིགས་རྣམས་མ་ཟད་ཐ་ན་འཛམ་གླིང་ཁྱིམ་ཚང་ཆེན་མོའི་ནང་གི་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་དང་གཞི་རིམ་ཐོབ་ཐང་དང་འབྲེལ་བ་ཡོད་པའི་གནད་དོན་གལ་འགངས་ཅན་ཞིག་ཆགས་ཡོད།

    རླབས་ཆེན་དང་སྙིང་སྟོབས་ཅན་གྱི་རྒྱ་ནག་མི་དམངས་ཁྲི་ལོར་བརྟན་པར་ཤོག

    Reply
  4. སྐར་མདའ། says:
    ལོ་ 14 སྔོན།

    སྤྱིར་བཏང་གིས་བཤད་ན། ཨ་རི་དང་རྒྱ་ནག་གཉིས་ཀྱི་བར་ལ་རྩོད་པ་ཤུགས་ཆེན་བྱུང་ན་བཟང་མོད། ཡིན་ན་ཡང་རྩོད་རྙོག་གི་གླེང་གཞི་གཏིང་ཟབ་པོ་ཞིག་སྔོན་མ་ནས་རྒྱལ་ཁབ་འདི་གཉིས་ཀྱི་པར་ན་ཡོད་ཡོད་པ་རེད། ཡིན་ནའང་། ལྡོམ་གྱི་དྲ་བ་ལྟ་བུའི་མགོ་རྙོག་གི་རྩོད་གཞི་ཅི་ཙམ་ཆེ་ནའང་། དེ་ནི་ཆེ་རུ་མི་འགྲོ་ལ། ཆུང་རུ་དེ་བས་འགྲོ་དཀའ། རྒྱུ་མཚན་ནི། འཛམ་གླིང་ནང་གི་རྒྱལ་ཁབ་སྟོབས་ཤུགས་ཆེ་ཤོས་གཉིས་ཐུག་ཡོད་ཙང་ཡིན། གང་ལྟར་དྲང་བདེན་ལ་དགའ་བའི་མི་སུ་འདྲ་ཞིག་ཡིན་རུང་། དེ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་བྱེད་དགོས་པ་དེ་ནི་ད་ལྟའི་འགྲོ་བཞིན་པའི་ང་ཚོའི་ལས་འགུལ་གྱི་ངོ་བོ་དང་མཐུན་ཡོད་པས་ཡིན། རྒྱ་མི་རིགས་ཡིན་ནའང་འདྲ། མི་རིགས་སུ་ཞིག་ཡིན་རུང་། སྒེར་དོན་གྱི་ཆེད་དུ་ཧམ་བཤད་བྱས་ཏེ་སྡུག་བསྔལ་མྱངས་པ་མ་ཡིན་པར། སྤྱི་པའི་ཆེད་དུ་རང་སྲོག་བློས་བཏང་བྱས་པའི་མི་བུ་སུ་ཞིག་ཡིན་ནའང་། དེ་ལ་རྒྱབ་སྐྱོར་ལས་ཁབ་བཙག་ག་ལ་རུང་།
    འཛམ་གླིང་གི་སྲིད་ཇུས་ཀྱི་ངོ་བོ་འགྱུར་བ་འགྲོ་བཞིན་པ་དེ་ནི་མིག་མཐོང་ལག་ཟིིན་རེད། རྒྱ་ནག་པོས་ཧམ་བཤད་ཀྱིས་བཙན་འཛུལ་ཅི་ཙམ་བྱས་ཀྱང་། གྲལ་རིམ་དེའི་ལེའུ་མཇུག་རྫོགས་ལ་ཉེ་བ་ང་ཚོས་ཤེས་དགོས་གལ་ཆེ།
    ཁོང་ཚོའི་ནང་ཁུལ་གྱི་སྲིད་གཞུང་ལ་ངོ་རྒོལ་དང་། སྐྱོན་བརྗོད་ཀྱི་རྣམ་པ་ཉིན་ནས་ཉིན་ཐུད་དེ་ཤུགས་ཆེ་རུ་འགྲོ་བ་ལ་ལྟོས་ན༎ འདིའི་སྟེང་ནས་གནས་ཚུལ་གསར་བ་ཞིག་ར་སྤྲོད་བྱེད་བཞིན་པ་གསལ་བོ་རེད།

    Reply
  5. ཀླུ་སྨྱོན། says:
    ལོ་ 14 སྔོན།

    རྒྱ་མི་གསོན་པོ་ཞིག་དེ་ཙམ་གལ་ཆེན་དང་། བོད་མི་ཤི་བོ་སུམ་ཅུར་བརྒལ་བ་དེ་དག་གལ་ཆེན་མིན་པའི་རྒྱུ་མཚན་ཅི། རྒྱལ་སྤྱིའི་གསར་ལམ་དྲང་པོ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese