མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་རྩ་ཁྲིམས་གཏན་འབེབ་ལ་གྲ་སྒྲིག

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སངས་ཉིན་བལ་ཡུལ་ཆབ་སྲིད་ཚོགས་པ་ཁག་གིས་མཉམ་སྒྲིལ་གཞུང་གསར་པ་འཛུགས་རྒྱུ་དང་རྩ་ཁྲིམས་གཏན་འབེབ་བྱ་རྒྱུ་བཅས་ཀྱི་ཐད་གྲོས་མཐུན་བྱུང་ཡོད་འདུག

ཁ་སང་ཕྱི་ཚེས་ ༣ ཉིན་བལ་ཡུལ་མའོ་དམར་ཤོག་ཚོགས་པ་དང་། བལ་ཡུལ་ཀཱོང་གྷི་རེ་སི་ཚོགས་པ། བལ་ཡུལ་མཱ་ཁེ་སི་ལེ་ཉན་རིང་ལུགས་དམར་ཤོག་ཚོགས་པ། མཉམ་སྒྲིལ་དམངས་གཙོ་ཚོགས་པ་བཅས་ཀྱི་བར་གྲོས་མཐུན་བྱུང་སྟེ། སྲིད་བློན་བྷ་བྷུ་རམ་(Baburam Bhattarai) གྱི་སྣེ་ཁྲིད་འོག ཉིན་ ༢ ནང་གཞུང་གསར་པ་འཛུགས་རྒྱུ་དང་། གཞུང་གསར་པ་བཙུགས་རྗེས་ཀྱི་ཉིན་ ༣ ནང་རྩ་ཁྲིམས་ཟིན་བྲིས་འགོད་ཕྱོགས་ཐད་ཆབ་སྲིད་ཚོགས་པ་ཁག་བར་གྱི་འགལ་རྐྱེན་ཆེ་རིགས་སྐོར་ལ་གྲོས་བསྡུར་ཐག་གཅོད་ཀྱིས་གཅིག་གྱུར་བཟོས་ཐོག ཟླ་འདིའི་ཚེས་ ༢༧ གྱི་སྔོན་ལ་རྩ་ཁྲིམས་གཏན་འབེབ་ཐུབ་པ་བྱ་རྒྱུ་བྱས་ཡོད་འདུག

རྩ་ཁྲིམས་གཏན་འབེབ་སྐབས་ཀྱི་གཞུང་གསར་པ་དེ་ཆབ་སྲིད་ཚོགས་པ་ཁག་མཉམ་སྒྲིལ་ཐོག་འཛུགས་རྒྱུ་དང་། ཁ་གཏད་ཚོགས་པ་ཁག་གིས་སྲིད་བློན་བྷ་བྷུ་རམ་དགོངས་ཞུའི་ཐོག རྩ་ཁྲིམས་ཟིན་བྲིས་ལ་མཐུན་འགྱུར་རོགས་རམ་བྱ་དགོས་པའི་སྐུལ་མ་བཏང་ཡོད་འདུག་ལ། ཉིན་དེར་སྲིད་བློན་མ་གཏོགས་བློན་ཆེན་ཚང་མས་དགོངས་ཞུ་བྱས་ཤིང་། སྲིད་བློན་གྱིས་བློན་ཆེན་ལྷན་ཚོགས་བསྐྱར་འཛུགས་བྱ་རྒྱུའི་ཕྱོགས་སུ་སྐུལ་འདེད་བྱས་ཡོད་འདུག

ཐེངས་འདིའི་གྲོས་མཐུན་གྱི་ནང་དུ་རྩ་ཁྲིམས་གཏན་འབེབ་ཟིན་རྗེས་ད་ལྟའི་སྲིད་བློན་ལས་གནས་ནས་དགོངས་པ་ཞུས་ཏེ། བལ་ཡུལ་རྒྱལ་ཡོངས་འོས་བསྡུ་མ་བྱས་བར་དུ་བལ་ཡུལ་ཀཱོང་གྷི་རེ་སི་(Nepali Congress) ཡིས་བར་བརྒལ་གཞུང་འཛིན་རྒྱུ་བྱས་ཡོད་པ་དང་།  ད་ལྟའི་ཆར་རྩ་ཁྲིམས་གཏན་འབེབ་དང་འབྲེལ་བའི་གླེང་སློང་ཤུགས་ཆེན་ཡོང་བཞིན་པ་ནི། བལ་ཡུལ་མངའ་སྡེ་ཅི་ཙམ་དུ་ཁག་བགོས་བྱ་རྒྱུ་ཡིན་མིན་དང་། མ་འོངས་པར་སྲིད་འཛིན་ལམ་ལུགས་དང་གྲོས་ཚོགས་ལམ་ལུགས་གང་གི་ཐོག་བསྐྱོད་དགོས་མིན་བཅས་ཡིན་འདུག

༢༠༡༠ ལོར་བལ་ཡུལ་རྩ་ཁྲིམས་གཏན་འབེབ་བྱ་རྒྱུ་བྱས་ཡོད་ཀྱང་། ད་ལྟའི་བར་དུས་འགྱངས་ཀྱིས་ལེགས་འགྲུབ་བྱུང་མེད་པ་དང་། ད་ཆར་བལ་ཡུལ་ཆེས་མཐོའི་ཁྲིམས་ཁང་གིས་ཐེངས་འདིའི་རྩ་ཁྲིམས་གཏན་འབེབ་ཀྱི་དུས་ཚུགས་ལ་དུས་འགྱང་བྱ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་རེད།

 

གསར་འགོད་པ། བནྡེ་སྐྱབས།

 
 

 

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 12

  1. མི་རྒོད། says:
    ལོ་ 14 སྔོན།

    ༄༅༎ཕྱི་ཟླ་༥ཚེས་༣རེས་གཟའ་ཕུར་བུའི་ཉིན་བལ་ཡུལ་ནང་གི་ཧུ་རོན་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་ནས་བལ་ཡུལ་ནང་གསར་དུ་ཟིན་བྲིས་གཏན་འབེབ་བྱེད་བཞིན་པའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བལ་ཡུལ་ནང་གི་སྐྱབས་བཅོལ་བ་ལྟ་རྟོག་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཀྱི་ཁྲིམས་ཡིག་དོན་ཚན་ཞིག་འཁོད་དགོས་པའི་འབོད་སྐུལ་གྱི་ཞུ་ཡིག་ཅིག་གྲོས་ཚོགས་པ་ཕུལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་སྟན་སངས་རྒྱས་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

    Reply
  2. མངའ་རིས་བུ། says:
    ལོ་ 14 སྔོན།

    མི་རྒོད་ནས་གཅིག་ལུས་འདུག
    བོད་རྒྱུད་ནང་བསྟན་རྗེས་འཛིན་པས་སྐུ་ཚོང་རྟེན་གསུམ་རྐུས་ཚོང་བྱེད་ས།
    ལོ་ཆུང་བྱིས་པ་བྲན་གཡོག་ཏུ་བཀོལ་ས།
    ད་དུང་བོད་མི་ཚོས་ཁྲིམས་འགལ་གྱིས་ས་ཚོང་རྒྱབ་ས།
    འོ་མང་པོ་འདུག བལ་པོ་ལ་བརྙེས་བཅོས་བྱེད་མི་ཉན་ཡ། གནས་ཚང་གཡར་བར་བཀའ་དྲིན་མེད་པར། གནས་མོ་རྐུ་རྒྱབ་བྱས།
    ཅེས་པ་ལྟར་རེད།

    Reply
  3. མི་རྒོད། says:
    ལོ་ 14 སྔོན།

    ལྷ་ཐོག་སྤྲིན་ཕུང་སྐད་ཆ་འདི་ལྕེ་མ་ཐོན་གོང་གིས་སྐད་ཆ་རེད། ངས་བལ་བོས་མི་སྣ་ཤེས་ལྡན་པ་གང་ཙམ་ངོ་ཤེས་ལ་རྒྱུས་མངའ་ཡང་ཡོད་གཙོ་བོ་དེ་ཁོ་ཚོས་ཆབ་སྲིད་ལང་ཕྱོགས་དེ་རེད། དེ་ལ་འགྱུར་བ་གཏོང་གི་མ་རེད། དེ་རྒྱ་གར་དང་གཅིག་པ་རེད། དགོས་གལ་ཆགས་ཚེ་ཁོ་ཚོས་རྩ་ཁྲིམས་དོན་མཚན་འདི་དང་འདི་ཞེས་ལག་སྟར་བྱས་ཡོང་གི་རེད། དེ་དུས་བོད་པ་ཚང་ག་ལེས་གཉིད་དྭངས་འགྲོ་ཡི་རེད། ཡིན་ཡང་བསམ་བློ་སྔོན་ལ་གཏོང་བ་མཁས་པ་རེད་མ་གཏོགས་འགྱོད་པ་རྗེས་སུ་སྐྱེ་བ་མཁས་པ་མ་རེད་ཞེས་རིག་གཞུང་ནང་གསུངས་ཡོད་ རིག་པ་སྒྲུང་པོས་ཐོག་གྲལ་སྒྲིག་ཡོད་པ་ཞིག་གཏན་གཏན་དགོས་པ་རེད།།

    Reply
  4. ལྷ་ཐོག་སྤྲིན་ཕུང་། says:
    ལོ་ 14 སྔོན།

    རྩ་ཁྲིམས་གཏན་འབེབས་ཟིན་རྗེས་བོད་མི་རྣམས་དཀའ་ངལ་ཆེ་རུ་འགྲོ་རྒྱུ་རེད།།
    རྒྱུ་མཚན་ནི་ད་ལྟ་ནང་ཁུལ་གྱི་རྙོག་འཛིང་ལ་ཟིངས་ཏེ་རྒྱལ་ནང་གི་གནས་ཚུལ་མང་ཆེ་བ་ལྷོད་གཡེངས་ཤོར་ཡོད།།
    བོད་མི་མང་པོ་ཁྲིམས་འགལ་ཐོག་སྡད་ཡོད་པ་མ་ཟད་ལས་ཀ་འདྲ་མིན་ཡང་བྱེད་ཀྱི་ཡོད།།
    རྗེས་སུ་བོད་ཐོག་གི་སྲིད་ཇུས་སྡུག་ཏུ་འགྲོ་རྒྱུ་གཏན་ཁེལ་རེད།།

    Reply
  5. མི་རྒོད། says:
    ལོ་ 14 སྔོན།

    བལ་ཡུལ་ནི་ཧ་ཅང་ཆབ་སྲིད་རྗེས་ལུས་དང་དཔོན་ངན་གྱིས་རྒྱ་ནག་རྒྱ་གར་གཉིས་འཇུག་མ་རྒྱུགས་དྲགས་ནས་ཕམ་ཉེས་ཤོར་བའི་རྒྱལ་ཁབ་ཡིན་པ་དང་། དེ་སླར་གསོས་པ་ལ་ད་དུང་ལོ་ངོ་ཉི་ཤུ་ལྷག་ཙམ་འགོར་བ་ཆབ་སྲིད་མཁས་པས་ཤེས་རྟོགས་བྱུང་ཡོད། གཉིས་པ་མི་རིགས་ལ་རང་རྒྱལ་ཁབ་ཀྱིས་ལ་ཞེན་མེད་པ་དེ་རེད། དེ་ཤེས་ཡོན་རྗེས་ལུས་པ་གྲངས་ཚད་མཐོ་བའི་ཞན་ཆ་ཡིན་པ་ནང་གསལ་ལེ་རེད། ཉིན་ཞིག་སྔ་མོའི་དཔེ་ལྟར་
    སྐྱིད་མ་འཁྱོལ་རྙོག་ཁྲའི་སྒམ་ཆུང་ཉོས།།
    མཐའ་མ་གཉིས་ཀ་ཕུང་པའི་རྒྱུ་རུ་འགྲོ། ཞེས་པ་ཆགས་སྲིད་པ་དང་། དེའི་སྐབས་འགྱོད་པ་སྐྱེས་ན་བོད་ཤོར་བ་ལྟར་ཕྱི་འགྲོ་ལེ་རེད། ལྐོག་ཟ་ངན་ལེན་སྦྱང་ས་དང་། བུ་མོའི་ལུས་ནད་ཨེཙི་སྤེལ་ས། མགོ་འཁོར་བསླུ་ཁྲིད་མིག་ལྟོས་ངན་པ་བལྟ་ས། རྒྱ་མིའི་གསོ་པ་སྦྱང་ས། གྲྭ་ལོག་བརྩུན་ལོག་ཤེས་མེད་མི་འབོར་སྤེལ་ས། དབྱེན་སྦྱོར་དཀྲུག་ཤིང་སྦྱང་ས་འདི་ན་ཡོད་རེད། ལས་དོན་འདི་དང་བོད་པ་ཚང་མི་ཉུང་བ་ཞིག་ཧ་ཅང་འབྲེལ་བ་ལྡན་ལ་ལྷག་པར་དུ་ ཕོ་གསར་འཁྱམ་ཉུལ་བྱས་ནས་ནད་རེག་དུག་གབ་སྟེ་ཁྱབ་སྤེལ་བྱེད་ས་ཡང་འདི་ན་ཡོད་རེད། དེར་བོད་པ་གཞོན་ནུ་རྣམས་ཡིད་གཟབ་དགོས་པ་རེད། བློས་བོད་པར་བཀལ་བོད་པས་རེག་དུག་རྔན་པ་སྤྲད་ཚེ་ལྐུག་པ་ཤི་གསོན་མི་ཤེས་མཁན་ཞིག་ཆགས་རྒྱུ་རེད། དེ་ལས་མང་་་་་་་

    Reply
  6. ཐོ་རེངས། says:
    ལོ་ 14 སྔོན།

    བལ་བོའི་རྒྱལ་ཁབ་འདི་ཡི་ཕྱིའི་འཁོར་ཡུག་ལ་བསམ་ན། རི་བོ་ཧི་མ་ལའི་རི་ཞོལ། ས་ཆ་མཐོ་དམན་རན་ལ་དྲོ་གྲང་ལེགས་པ། ནགས་ཚལ་དང་རི་སྐྱེས་སྲོག་ཆགས་ཀྱི་གང་བ། ཆབ་དང་ཆུ་བོའི་འབྱུང་ཁུངས། འབྲུ་རིག་སྣ་ལྔ་སོགས་རོང་འབྲོག་གི་འཚོ་བའི་མཐུན་སྐྱེན་འཛོམས་སའི་ས་ཆ་ཤིན་ཏུ་ལེགས་པོ་ཞིག་རེད།

    Reply
  7. ལུང་རྟོགས། says:
    ལོ་ 14 སྔོན།

    བལ་ཡུལ་རྒྱལ་ཁབ་སུ་གང་གིས་མ་འདོད་པར་ལྷག་སོང་བ་ལས་ཁོང་ཚོ་འཇོན་དྲག་ནས་ལུས་སོང་བ་མ་རེད། ད་དུང་ར་ཤི་ཡ་སྐུབ་ལུག་ཟིན་པ་རེད་ལ་རྒྱ་ནག་སྐུབ་ལུག་གྲབ་རེད་འདི་ཚོ་ཆེས་སྔོན་ཐོན་ཅན་ཇི་ལྟར་གྱུར་སོང་བ་རེད།

    Reply
  8. མངའ་རིས་བུ། says:
    ལོ་ 14 སྔོན།

    ཐུབས་བསྟན་གྱི་སྐད་ཆ་ལ་གོ་རྒྱུ་ཅི་ཡང་མི་འདུག
    རྒྱལ་ཁབ་སུ་ཞིག་ཡིན་ནའང་དང་པོ་རང་གི་ཁེ་ཕན་གཙོར་བཟུང་བྱེད་པ་ལས་གཞན་ཕན་གཙོ་བོ་བྱེད་མཁན་སུ་གཅིག་མེད། མགོ་འབུལ་ལུས་འབུལ་བྱེད་ས་ཨ་རི་ལའང་ལྟོས་དང་། གནད་འགག་ཐུག་དུས་ཅི་ཞིག་བྱེད་ཀྱི་འདུག
    བལ་པོ་ནི་བོད་མི་རིགས་ལ་བཀའ་དྲིན་ཆེ་ཤོས་ཀྱི་རྒྱལ་ཁབ་གཅིག་པོ་དེ་ཡིན་ཟེར་ན་མ་འགྲིག་པ་གང་ཡང་མེད། བལ་ཡུལ་མེད་ན་ད་ལྟ་བོད་ནས་གསར་དུ་འབྱོར་བའི་བོད་མི་གཅིག་ཀྱང་ཕལ་ཆེར་ཡོང་མི་སྲིད། རྒྱ་གར་དང་བོད་ཀྱི་ས་མཚམས་ནས་ཕར་འགྲོ་ཚུར་འགྲོ་བྱེད་པའི་བོད་མི་འདུག་གམ། འབྲུག་ནས་འདུག་གམ། སྡུག་ཀྱང་རུང་ལེགས་ཀྱང་རུང། བལ་ཡུལ་མེད་ན་གཞིས་བྱེས་འཛོམས་རྒྱུའི་སྐལ་པ་མེད་དེ་ཤེས་དགོས།

    Reply
  9. ཐོ་རེངས། says:
    ལོ་ 14 སྔོན།

    སྤྱིར་བལ་པོ་ཚང་འདིའི་མི་འཇོན་པ་འདྲ་ཡང་། ང་ཚོ་བོད་ཚང་དང་བསྡུར་ན་ཁོ་ཚོ་ཧ་ཅང་འཇོན་ཐང་ཅན་རེད། མ་མཐའ་ཡང་རང་གི་རྒྱལ་ཁབ་བཟུང་ནས་ད་དུང་ཡང་བསྡད་ཡོད། མ་ཟད་འཇམ་གླིང་ན་ཆེས་སྔོན་ཐོན་གྱི་རྒྱལ་ཁབ་རྒྱ་ནག་དང་ར་ཤི་ཡའི་ལྟ་བ་ད་དུང་ཡང་རྒྱུན་སྐྱོང་བྱེད་འདོད་རེད།

    Reply
  10. ཐུབ་བསྟན། says:
    ལོ་ 14 སྔོན།

    རང་ཡུལ་དགྲ་བོ་རྒྱ་དམར་གྱི་ལག་ཆར་བེད་སྤྱོད་བྱེད་པའི་བལ་ཡུལ། ལོ་ངོ་སྟོང་ཕྲག་མང་པོའི་མཛའ་མཐུན་གྱི་ཁྱིམ་འཚེས་སུ་ཡིན་ངོ་མི་ཤེས་པའི་བལ་ཡུལ། དྲིན་ཆེན་ཕ་མ་ལྟ་བུའི་རང་གི་དཔོན་པོའམ། རྒྱལ་པོའི་བཀའ་དྲིན་ངོས་མི་ཟིན་པར་དམར་སོད་བྱེད་པའི་བལ་ཡུལ། རང་ཉིད་དང་ཁྱིམ་མཚེས་རྒྱལ་ཁབ་བཅས་ཀྱི་ལོ་རྒྱུས་ནག་བསུབ་གཏང་བའི་བལ་ཡུལ། འཛམ་གླིང་དམངས་གཙོའི་ལམ་ལ་བསྐྱོད་སྐབས་དམར་པོའི་རང་ལམ་ལ་ཕྱིར་ནུད་རྒྱག་པའི་བལ་ཡུལ། ལྐོག་ཟ་རུལ་སོང་གི་བདག་པོ་བལ་ཡུལ།

    Reply
  11. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ཨོ་ཁྱོད་རང་ཚོར་ཐུག་་་་ཅི་ཞིག་བཟོ་ན་བཟོས་་་་འཆམ་པོ་ཨེ་ཡོང་ལྟོས་་་་

    Reply
  12. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    རེ་བ་མེད་པའི་བལ་ཡུལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese