མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

CCTV ཡིས་མེར་བསྲེཊ་གནས་ཚུལ་སྤེལ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་གྱི་ཞོགས་པར་རྒྱ་ནག་དབུས་བརྙན་འཕྲིན་(CCTV) དབྱིན་སྐད་སྡེ་ཚན་ནང་། བོད་ནང་རང་ལུས་མེར་བསྲེཊ་གཏོང་མཁན་གྲྭ་བཀྲ་བྷེ་གཙོས་དགེ་འདུན་པ་ཁག་ཅིག་གི་པར་རིས་བརྙན་འཕྲིན་གྱི་ལམ་ནས་བསྟན་འདུག

ཕྱི་ཟླ་ ༥ པའི་ཚེས་ ༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༢།༢༠ སྟེང་། རྒྱ་ནག་གཞུང་འབྲེལ་ཀྲུང་དབྱང་བརྙན་འཕྲིན (CCTV) དབྱིན་སྐད་སྡེ་ཚན་གྱིས་༼ཏྰ་ལའི་རུ་ཚོགས་དང་རང་ལུས་མེར་བསྲེགས་ཀྱི་དྲག་པོའི་དོན་རྐྱེན༽ ཞེས་བའི་སྐར་མ་ ༤༡ ཅན་གྱི་ཆེད་བསྒྲིགས་ལེ་ཚན་ཞིག་བསྟན་ཡོད་འདུག་ལ། བརྙན་འཕྲིན་པར་རིས་དེའི་ནང་༸གོང་ས་མཆོག་གི་ངྷ་རམ་ས་ལར་གསུང་ཆོས་གནང་བཞིན་པའི་སྐབས་ཀྱི་སྐུ་པར་དང་། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གི་པར། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཐོག་མ་གྲྭ་བཀྲ་བྷེ་ལགས་དང་། རང་ལུས་མེར་བསྲེགས་གཏོང་མཁན་གཞན་དག་གི་པར། གཞན་ཁམས་བྲག་མགོ་ནས་བོད་མི་ཁག་ཅིག་ལ་ཁྲིམས་བཅད་བཏང་པའི་བརྙན་རིས་བཅས་བསྟན་ཡོད་འདུག

ད་དུང་གནས་ཚུལ་འགྲེལ་བརྗོད་སྐབས། རང་ལུས་མེར་བསྲེགས་གཏོང་སྐབས་ཀྱི་པར་རིས་མང་ཆེ་བ་རྒྱ་གར་ནས་ཁེའུ་ཁེའུ་QQ བརྒྱུད་བཏང་བ་ཡིན་སྐོར་བརྗོད་ཡོད་པ་དང་། ཕྱི་ཚེས་ ༨ ཉིན་༼ཏྰ་ལའི་རུ་ཚོགས་དང་རང་ལུས་མེར་བསྲེགས་ཀྱི་དྲག་པོའི་དོན་རྐྱེན༽ སེ་སེ་ཊེ་ཝེ་ (CCTV) བརྙན་འཕྲིན་ཁང་གི་ཧྤ་རན་སིའི་དང་སི་པན། ཨུ་རུ་སུ། ཨ་རབ་བཅས་སྐད་ཡིག་བཞིའི་བརྙན་འཕྲིན་བརྒྱུད་ལམ་ཐོག་བསྟན་ཡོད་འདུག

རྒྱ་གཞུང་གིས་༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༠ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༡༠ བའི་སྟེང་། ཀྲུང་དབྱང་བརྙན་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་༼ལྷ་སའི་རྡུང་བཅག་འཕྲོག་བསྲེགས་ཀྱི་ལས་འགུལ༽ ཞེས་པའི་ལེ་ཚན་ཞིག་སྤེལ་ཏེ། རྒྱ་བོད་མི་རིགས་གཉིས་ཀྱི་བར་འགལ་ཟླ་བཟོ་ཆེད་དྲིལ་བསྒྲགས་བྱས་ཡོད་པ་མ་ཟད། ད་ལོའི་ཟླ་ ༢ པའི་ཟླ་མགོར་བོད་ནང་བྱུང་བའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་དེ་༸གོང་ས་མཆོག་གིས་ཆེད་དུ་བརྒྱུད་སྐུལ་བྱས་པ་ཞིག་ཡིན་ཚུལ་སྒྲོ་འདོགས་ཀྱིས་བརྙན་པར་ཐུང་ངུ་ཞིག་བསྡུ་སྒྲིག་བྱས་ཏེ། བོད་ཀྱི་ས་ཁུལ་ཁག་ཅིག་གི་རྫོང་སྲིད་གཞུང་དང་དགོན་སྡེ་ཁག སློབ་གྲྭ་བཅས་ཀྱི་ནང་བསྟན་ཡོད་པ་མ་ཟད། མི་མང་ལ་༸གོང་ས་མཆོག་ལ་ངོ་རྒོལ་བྱ་དགོས་པའི་བཙན་བཀའ་ཡང་བཏང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༡ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 10

  1. མི་རྒོད། says:
    ལོ་ 14 སྔོན།

    ཐོ་རེངས་ནི་རྒྱ་ཡིས་ཡར་རྒྱས་བརྗོད་པ་ལས་རང་གི་ཉམས་མྱོང་དང་ བོད་མིའི་ཚོ་སྣང་ག་ཡང་མ་བྱུང་འདུག། ཁྱེད་རང་སྤྲོ་འཆམ་ལེགས་པོ་བྱུང་ན་འགྲིག་པ་རེད། ངས་ཁྱེད་ཀྱིས་འགྲེལ་བརྗོད་ཀློག་རྗེས་འོ་མ་ཤོས་ནས་ཆུ་འཐུང་བ་བཞིན་འཚོ་སོང་ འདི་ལྟ་བུའི་མཆན་དུས་བབ་ཚང་འགོད་གི་ཡིན་པས། བརྒྱ་ཆ་༩༩ ཞེས་པ་དེ་སུ་གང་ཡིད་ཆེས་བྱེད་ལེ་མ་རེད་ཨ་རོ།།

    Reply
  2. སོག་ཤོད་ལྷ་རྒྱལ། says:
    ལོ་ 14 སྔོན།

    https://www.facebook.com/photo.php?v=3088858231384 CCTV ནང་རང་སྲེག་ངོ་རྒོལ་སྐོར་ལ་རྒྱ་གཞུང་གིས་བཟོས་པའི་བརྙན་པར་གྱི་དུམ་བུ།

    Reply
  3. མི་རྒོད། says:
    ལོ་ 14 སྔོན།

    CCTV ལ་གཞུང་སྒེར་གཉིས་ནས་ལན་འདེབ་དགོས།
    དེ་ཡང་སྐད་ཡིག་གཉིས་ལྡན་ཐོག་དགོས་གལ་ཆེ་ལ་ རྒྱལ་སྤྱིའི་དྲྭ་རྒྱར་སླེབས་ཐུབ་པ་གཅིག་ཧ་ཅང་གལ་ཆེ་ ང་ཚོ་ནང་ཁུལ་གཅིག་པུ་གོ་བས་གནད་མི་གྲོལ།།

    Reply
  4. མི་རྒོད། says:
    ལོ་ 14 སྔོན།

    CCTV ལ་གཞུང་སྒེར་གཉིས་ནས་ལན་འདེབ་དགོས།
    དེ་ཡང་སྐད་ཡིག་གཉིས་ལྡན་ཐོག་དགོས་གལ་ཆེ་ལ་ རྒྱལ་སྤྱིའི་དྲྭ་རྒྱར་སླེབས་ཐུབ་པ་གཅིག་ཧ་ཅང་གལ་ཆེ་ ང་ཚོ་ནང་ཁུལ་གཅིག་པུ་གོ་བས་གནད་མི་གྲོལ།།

    Reply
  5. རེབ་ཐོག་མདའ says:
    ལོ་ 14 སྔོན།

    བལྟས་དང་། ད་རྒྱ་མའི་དམར་བོ་གཞུང་གི་བཙུར་ནས་ཐོན་ཐལ། ད་བུ་ཡོད་ན་གདོང་ལ་བུད་དང་། ད་དུང་གཞོན་ནུ་གཙོ་བྱས་པའི་ཚོགས་པ་དེ་དག་གི་ག་རེ་བྱས་ནས་བསྡད་ཡོད་རེད་རྒྱ་མའི་དམར་གཞུང་གི་ཡང་འཁྲབ་མགོ་ཚུགས་སོང་། ཁྱོད་ཚོས་མ་གོ་མ་ཐོས་བར་མ་འདུག་པར་རྒྱ་མིའི་གཞུག་ཁ་གཏད་ཆོག་བཏང་།
    རྡ་སའི་ཚོགས་པ་ཚོ་གཙོ་བྱས་པའི་སྨྱུག་ཐོག་པ་ཚོ་ད་འབྲི་རྒྱུ་ཡོད་ན་རྒྱ་མིའི་ཐོག་ལ་བཏོན་དང་ནང་ཁུལ་ལ་འབྲི་དུ་བཅུག་ན་ད་སྨྱོས་དང་ནི་ཞིག་དང་འདྲ་།
    ད་ཚོགས་པ་ཚོས་ཁ་བཙུམ་ནས་མ་སྡོད་པར་རྒྱ་མིའི་གཞུང་ལ་བཤད་དང་།
    དག་པར་ནང་ལ་བཤད་པར་མ་གཏོགས་ཕྱིར་ལ་བསྐོར་ན་ཁྱོད་འདར་ར་ར་ཡིན།
    འབྲི་རྒྱུ་བཤད་རྒྱུ་གཅིག་ཀྱང་མེད་། ད་བསྡད་དང་ལན་བརྒྱག་རྒྱུ་ནི་བཀའ་བློན་ཁྲི་བ་དང་གཞུང་གི་འགན་འཁུར་ཡིན་པ་འདྲ་ཞིག་གླེང་ནས་ཡོངས་མི་སྲིད་པ་མ་རེད་།
    ད་རིག་པ་ཡོད་ན་གཏོང་རན་འདུག།

    Reply
  6. ཐོ་རེངས། says:
    ལོ་ 14 སྔོན།

    ཉེ་ལམ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་། བྱང་ཕྱོགས་དུང་པེ་གི་མངའ་སྡེ་ཁ་ཤས། མ་ཟད་ཁྲོང་ཆེན་དང་། ཡུ་ནན་སོགས་ཤར་ལྷོའི་ས་གནས་མང་པོ་ཞིག་ལ་ཆེད་དུ་སོང་ནས་ཚུར་སླེབ་པ་ཡིན།
    སྤྱིར་རྒྱ་ནག་མི་མང་གི་བསལ་བློའི་དཔལ་ཡོན་དེ་ཉིད་གོང་འཕེལ་ཆེས་ཆེར་ཕྱིན་འདུག འོན་ཀྱང་བོད་ཀྱི་གནས་ཚུལ་ཞིབ་ཆ་མི་ཤེས་པའི་སྟེང་དུ་སྲིད་གཞུང་ནས་སྔར་ནས་ད་མ་ཐུག་བར་གྱི་འཁྱོག་བཤད་ལ་བདེན་པར་འཛིན་མཁན་ཧ་ཅང་མང་པོ་རེད། མ་ཟད་རྒྱ་བོད་བར་གྱི་དངོས་ཡོད་གནས་ཚུལ་བཙལ་རྒྱུ་དཀའ་མོ་ཆགས་གདའ། ལྷག་པར་དུ་རྒྱ་ནག་གི་རྒྱ་ཆའི་ ༩༩ ཏ་ལི་བླ་མ་ནི་ཧ་ཅང་གཡོ་རྒྱུ་ཅན་ཞིག་ཡིན་པར་ཡིད་ཆེས་བྱེད་བཞིན་པ་རེད།
    ༡ དེས་ན་བཀའ་ཁྲི་སོགས་བཙན་གཤོས་བོད་པ་ཚང་གི་འདི་ཐད་ནས་ནུས་ཤུགས་ཐོན་ངེས་ཅན་གྱི་གསལ་ཐག་ཆོད་པའི་ཁྱབ་བསྒྲགས་ཞིག་བྱེད་རྒྱུ་དང་།
    ༢ མ་ཟད་རྒྱ་བོད་བར་གྱི་དངོས་ཡོད་གནས་ཚུལ་ཞིབ་འཕྲ་ཞིག་རྒྱ་ནག་གི་ས་གནས་རྣམས་ལ་གོ་རྟོགས་སྤེལ་ཐབས་ལ་འབད་དགོས།
    ༣ འཇིག་སྐྲག་དང་སེམས་ཤུགས་མི་ཆགས་པར་གུད་ཡངས་སྤོབས་པ་དང་བཅས་པའི་སྒོ་ནས་རང་གི་སྐད་ཡིག་དང་སྲོལ་རྒྱུན་གནས་ཐབས་ལ་འབད་དགོས་པ་འདྲ།

    Reply
  7. ཆོས་བཟང་། says:
    ལོ་ 14 སྔོན།

    སྲིད་སྐྱོང་གཅིག་པུ་ཟེར་རྒྱུ་མི་འདུག་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་ད་ནི་འཚོགས་གཙོ་ཚོགས་གཞོན་དྲུང་ཆེ་དང་བཅས་པའི་གསལ་འགོད་གསལ་བསྒྲགས་བྱས་ནས་ལན་ཚ་ཐག་ཆོད་ཅིག་རྒྱག་པའི་དུས་ལ་སླེབས་སོང་། ནང་ལ་བསྐོར་ན་ཁ་མཁས་ལྕེ་རྣོ་་་་་་དགྲ་ལ་ཐུག་ཉིན་ཁ་ལྐུག་ལྕེ་ལོ་མིན་པའི་སྨོན་ལམ་འདེབས་

    Reply
  8. རྟ་མགྲིན། says:
    ལོ་ 14 སྔོན།

    འདི་ལ་མ་འགྱོད་མ་འཕྱི་མེད་པའི་ཡ་ལན་ཞིག་སྤྲོད་སྟངས་ཤིག  རྒྱ་ནག་དམར་ཤོག་གིས་ སྔོན་ཆད་ཉིས་སྟོང་བརྒྱད་ལོའང་འདི་ལྟར་རྫུན་བཟོ་བྱས་ནས་རྒྱ་ནག་མི་དམངས་མགོ་སྐོར་བཏང་ཚུལ་དང་། ད་ལྟ་ཡང་རྫུན་བཤད་ནས་རྒྱ་ནག་མི་དམངས་རྣམས་མུན་ཁུང་ལ་འདེད་བཞིན་པའི་སྐོར་གྱི་བརྙན་འཕྲིན་ཚན་པ་ཞིག་སྐད་རིགས་གཙོ་བོ་གསུམ་བཞི་ཙམ་ནང་ཕབ་བསྒྱུར་དང་ཆེད་བསྒྲིགས་བགྱིས་ཏེ། ཨ་རིའི་བོད་སྐད་བརྙན་འཕྲིན་ནས་ཐད་གཏོང་ཐུབ་ན་བཟང་སྙམ།

    Reply
  9. སྐར་མདའ། says:
    ལོ་ 14 སྔོན།

    བཀའ་ཁྲི་བློ་སེང་ལགས། རྒྱ་གཞུང་རྫུན་སྒྲིག་འདི་ཐད་ལ་ག་རེ་བྱ་རྩིས་ཡོད་དམ། རྒྱ་གཞུང་གི་རྫུན་བཟོའི་བརྙན་འཕྲིན་དང་དྲིལ་བསྒྲགས་དེ་དག་ལ་གནད་ཁེལ་གྱི་ལན་འདེབས་བྱ་རྩིས་ཡིན་ནམ། ཡང་ན་རྒྱ་གཞུང་ལ་བསྟུན་མཁས་ངང་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་འཛིན་རྒྱུ་ཡིན་ནམ། ཁྱོད་ཀྱིས་ཁ་ཕོ་རྐྱང་རྐྱང་བསྒྲགས་ནས་མི་སྡོད་པར་གོ་སྐབས་རྩ་ཆེན་དེ་དག་འཕྲལ་དུ་དམ་འཛིན་གནང་དུས་ལ་སླེབས་འདུ

    Reply
  10. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    ཨོ་ཡང་རྒྱ་ནག་གིས་༧ གོང་ས་མཆོག་ལ་མཚན་སྨོད་བྱེད་དགོས་པ་བཀའ་བརྒྱ་གནང་ཡོད་ན། འུ་ཚོའི་སྤུན་ཟླ་མང་བོ་ཟིག་གི་སེམས་ལ་ཕོགས་རྒྱུ་མ་གཏོགས་འདི་བ་ཚང་གི་འདོད་བློ་ཁེངས་ནི་ཞིག་མི་ཡོང་ཐག་གིས་བཅད་ཆོག་ ཨོ་ ད་དུང་གོང་གི་རྒྱ་ནག་གི་གསར་ལམ་ཁག་གིས་སྐད་ཆ་དེ་ཚོ་ཕྲུ་གུ་ཚོས་རྩེ་མོ་རྕེས་པ་གཅིག་མཚུངས་རེད
    ཉན་ས་འཛིན་ས་ཞིག་མེད་ནོ་ཧ་ཅང་སྐྱོ་བོ་རེད་ཞག གང་ལྟར་དབའ་བོ་དེ་དག་གི་འདྲ་པར་དེ་ཚོ་མཐོང་ན་སེམས་པ་སྐྱོ་ནི་ཞིག་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese