མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྒྱད་གཉིས་བཅུ་དྲུག་གི་གྲོས་ཆོད།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༥༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

ལྔ་བཅུ་ང་གྲངས་དང་དྲུག་ཅུ་རེ་གྲངས་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་སྐོར་ལ་གྲོས་ཆོད་སྔ་ཕྱིར་བཞག་པའི་ནང་“བོད་མི་མང་གི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གིས་མཚོན་ཁོང་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་བཙན་འཕྲོག་གི་བྱ་སྤྱོད་མཐའ་དག་མཚམས་འཇོག་དགོས”ཞེས་འཁོད་པ་དེ་དག་ང་ཚོས་ཡང་དང་བསྐྱར་དུ་གླེང་གི་ཡོད་ལ། ནང་དོན་ལག་བསྟར་གནང་རྒྱུར་ཡང་གསོལ་བ་ཕུར་ཚུགས་སུ་བཏབ་དང་འདེབས་བཞིན་ཡོད། ད་དུང་བཀའ་སྤྱི་གཉིས་ཀྱིས་བརྒྱུད་ལམ་འདྲ་མིན་ནས་རྒྱལ་ཁབ་གཞན་དག་གི་གྲོས་ཚོགས་གོང་འོག་ནང་བོད་དོན་ཐོག་གྲོས་ཆོད་སྣོལ་འཇོག་ཡོང་བའི་འབོད་སྐུལ་དང་། སྔར་བཞག་ཟིན་པའི་འབྲུ་དོན་ཁག་ལག་བསྟར་མ་ཐུབ་པར་ཟུར་ཟ་དང་འཁང་ར་བྱེད་ཀྱིན་ཡོད། 

    བོད་པའི་ཁ་རྒྱུན་ལ་གཞན་ལ་ལྟ་བའི་མིག་ཡོད་ན། རང་ལ་ལྟ་བར་མེ་ལོང་དགོས་ཞེས་པ་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་བོད་པའི་རྩ་དོན་འཐབ་རྩོད་ཐོག་གྲོས་ཆོད་སྔ་ཕྱི་མང་དག་ཅིག་བཞག་ཡོད་ལ། ཉིས་སྟོང་བརྒྱད་ཚུན་ལའང་གཅིག་ལས་གཅིག་ལྷག་གི་གྲོས་ཆོད་རིམ་པ་བརྩེགས་ཡོད། ཁ་ནས་གཞན་ལ་འཆད་པའི་གདོང་ལྤགས་མཐུག་ཀྱང་མཛུབ་མོ་རང་ལ་ཀེར་བའི་གོམས་སྲོལ་མེད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་དང་ལག་ལེན་བར་ན་ལོ་ཟླ་སྤུངས་ཡོད་ལ། གྲོས་ཆོད་ཕྱི་མ་ཕྱི་མ་འཇོག་སྐབས་སྔ་མ་སྔ་མའི་འབྲུ་དོན་རྩ་བརྗེད་དུ་སོང་ནས་སྔ་འགལ་ཕྱི་འཛོལ་ཤོར་བ་དང་། ནང་དོན་གཅིག་ཐོག་གྲོས་ཆོད་དགུ་བརྩེགས་བཞག་པ་ཡང་ཉུང་ཉུང་མིན་པ་ཀུན་གྱི་དགོངས་པར་མངའ་གསལ་ཡིན།

    གྲོས་ཆོད་ཟེར་བ་ལག་ལེན་དུ་བསྟར་རྒྱུ་ཞིག་ཡིན་པ་ཤེས་ཀྱི་ཡོད་ན། ཐོག་མར་གངས་ཅན་དཀྱིལ་གཤོངས་ཀྱི་གྲོས་ཆོད་ཁག་ལག་ལེན་བསྟར་རྗེས་ད་གཟོད་གཞན་ལ་ཚ་འདེད་གཏོང་རྒྱུའི་འོས་བབ་ཡོད་ལ། མི་ཆོས་ཀུན་སྤྱོད་ཐད་ནས་ཀྱང་དྲང་བདེན་ཡིན། ད་ལོའི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཉིན་ཐོག་མ་དང་མཐའ་མ་གཉིས་ནང་། སྤྱི་འཐུས་མང་དག་ཅིག་གིས་བོད་ནང་གི་གནས་སྟངས་ཛ་དྲག་ཆེ་ལུགས་ཆེ་ཚུལ་དང་། ཕྱི་ལོགས་ནས་ལས་འགུལ་སྤེལ་དགོས་ལུགས་དགོས་ཚུལ་བཤད་བཤད་པའི་མཐའ་མར། ཡང་བསྐྱར་བོད་དོན་སྐོར་ལ་དོན་ཚན་བརྒྱད་གཉིས་བཅུ་དྲུག་གི་གྲོས་ཆོད་སྔ་ཕྱི་གཉིས་སྣོལ་འཇོག་བྱས་སོང་། གྲོས་ཆོད་ཀྱི་ནང་དོན་ཁག་ལའང་མགྲིན་གཅིག་དབྱངས་གཅིག་གིས་སྤྱི་མོས་རྒྱབ་སྐྱོར་གནང་སོང་།

            བོད་ནང་གཅེས་སྲོག་མཆོད་འབུལ་གནང་མཁན་དག་གི་འབོད་སྒྲ་༧གོང་ས་མཆོག་བོད་དུ་ཕེབས་དགོས་པ་དེ་ཡིན་ལ། བཀའ་ཤག་སྐབས་བཅུ་བཞི་བའི་ཁས་ལེན་དམ་བཅའ་ཡང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དེ་ཡིན། ཡ་མཚན་པ་ཞིག་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་བརྒྱད་གཉིས་བཅུ་དྲུག་གི་གྲོས་ཆོད་ནང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་འདི་དང་དེ་གནང་རོགས་ཟེར་ནས་སླར་ཡང་ཞུ་འབོད་དང་། རྒྱ་གཞུང་གིས་འདི་དང་གན་བསྒྲུབ་དགོས་ཟེར་ནས་རེ་སྨོན་དང་སྐྱབས་འཇུག་ཙམ་ལས། བཀའ་སྤྱི་གཉིས་ངོས་ནས་འདི་དང་དེ་བསྒྲུབ་རྒྱུ་ཡིན་ཟེར་བའི་ཁས་ལན་སྣེ་གཅིག་ཀྱང་མི་འདུག་ལ། མང་ཚོགས་དཀྱུས་མའི་ལས་འགུལ་སྤེལ་ཕྱོགས་དང་བླང་དོར་སྲུང་ཕྱོགས་འདི་དང་དེ་ཡིན་གྱི་བཀོད་ཁྱབ་སྣ་གཅིག་ཀྱང་མ་མཐོང་། དོན་ཚན་ཁག་གི་མཐའ་མར་རང་དབང་ལུང་པའི་བོད་མི་ཚོས་བོད་ནང་གི་སློབ་མ་ཚོ་མིག་དཔེར་བཟུང་སྟེ། སོ་སོའི་སྐད་ཡིག་རིག་གཞུང་ལ་དོ་སྣང་དགོས་རབས་ཤིག་འཁོད་ཡོད་པ་དེ་ཡང་ཐུགས་སྣང་གཞེན་སྐུལ་ཙམ་རེད།

འབྲེལ་ཡོད་གསར་འགྱུར།

མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

ཆུ་ཚོད་ ༡༨ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

ཆུ་ཚོད་ ༡༩ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
TTT
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར།

ཆུ་ཚོད་ ༡༩ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

༢༠༢༦/༠༨/༢༩
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese