མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྭ་ཕྲུག་སློབ་གྲྭ་ཞིག་སྒོ་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp


གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༧ ཡས་མས་ཤིག་ལ་མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཟམ་ཚ་རོང་དུ་ཡོད་པའི་སྒེར་བཙུགས་སློབ་གྲྭ་ ༼གངས་ལྗོངས་ཤེས་རིག་ཞི་བདེ་འོད་དཀར་གླིང་། ཞེས་པའམ་ཀླུ་ཆུ་རྫོང་སྒེར་གཉེར་དྭ་ཕྲུག་སློབ་གྲྭ ༽ཞེས་པ་རྒྱ་གཞུང་གིས་སྒོ་བརྒྱབ་ཡོད་པ་དང་། དེ་དང་མཉམ་དུ་སློབ་གྲྭའི་དགེ་རྒན་རང་ལོ་ ༣༣ ཡིན་པའི་སངས་རྒྱས་དོན་གྲུབ་དང་། རང་ལོ་ ༢༨ ཡིན་པའི་འཇམ་དབྱངས་གཉིས་ཀྱང་འཛིན་བཟུང་གིས་ད་ཆར་གར་ཡོད་ཅི་ཆགས་ཀྱི་གནས་སྟངས་ཤེས་རྟོགས་མེད་པ་ཆགས་ཡོད་འདུག

རྒྱ་གཞུང་གིས་སློབ་གྲྭ་དེ་སྒོ་རྒྱག་དོན་གཙོ་བོ་ནི། སློབ་གྲྭའི་འཁྲིད་གཞི་གཙོ་བོ་བོད་ཡིག་ཡིན་པ་དང་། བོད་ཀྱི་རིག་གནས་སྤྱི་དང་། ཡང་སྒོས་བོད་སྐད་གཙང་མ་བཤད་པའི་ཐོག་ཤུགས་རྒྱག་གི་ཡོད་པ་མ་ཟད། འཛིན་རིམ་འཕར་བྱེད་ཀྱི་རྒྱུགས་གཞི་ཡང་བོད་ཡིག་གཙོ་བཟུང་བྱས་ཡོད་སྟབས་སྲིད་གཞུང་གི་མིག་ནང་ལ་མ་རན་པ་ཞིག་ཡིན་ཚུལ་རྗོད་ཀྱི་ཡོད་འདུག

ཡང་འགའ་རེ་ཡིས་སློབ་གྲྭའི་སློབ་གཙོ་ཨ་བཙུན་བརྩོན་འགྲུས་རྒྱ་མཚོ་མཆོག་གིས་སློབ་གྲྭ་དེར་སློབ་གླུ་ཞིག་བརྩམས་ཡོད་པ་དེའི་ནང་ཁ་བྲལ་རིང་ལུགས་པའི་ངན་སྐུལ་བརྗོད་བྱ་བྱས་བའི་ཆབ་སྲིད་ཀྱི་གནད་དོན་ཆེན་པོ་ཡོད་ཚུལ་ཉེས་འཛུགས་བྱས་ཡོད་རབས་བཤད།   

སློབ་གཙོ་ཨ་བཙུན་བརྩོན་འགྲུས་རྒྱ་མཚོ་མཆོག་ཕྱི་ལོ་ ༢༠༡༠ ལོའི་མཇུག་ཙམ་ནས་རྒྱ་གཞུང་གི་དོ་དམ་སྟངས་འཛིན་འོག་ཉར་ཏེ་སུན་གཙེར་ཡང་ཡང་བྱེད་ཀྱི་ཡོད་པ་དང་། སྔར་ལོའི་ཕྱི་ཟླ་ ༡ པའི་ནང་འདྲི་རྩད་བྱེད་དུ་འཁྲིད་པ་ནས་ཕྱིར་ཡོང་མེད་པ་ཆགས་ཡོད་པ་མ་ཟད། འདས་པའི་ལོ་གཅིག་ལྷག་རིང་ཁོང་གི་གནས་ཚུལ་གཅིག་ཀྱང་གོ་ཚོར་མེད་པ་ཆགས་ཡོད་འདུག

ས་གནས་མང་ཚོགས་ཚོས་བརྗོད་པ་ལྟར་ན། ཨ་བཙུན་བརྩོན་འགྲུས་རྒྱ་མཚོ་མཆོག་གིས་དེ་སྔ་༼ དེབ་ཐེར་ནག་པོ ༽ཞེས་པའི་བོད་ཀྱི་ལོ་རྒྱུས་དཔེ་དེབ་ཅིག་བརྩམས་ཏེ། བོད་ཀྱི་འདས་པའི་ལོ་རྒྱུས་བྱུང་རབས་དངོས་དང་། ལྷག་པར་དུ་དེང་རབས་ཀྱི་དངོས་ཡོད་གནས་སྟངས་ཞིབ་ཚགས་ཀྱིས་བྲིས་ཡོད་པ་དེའི་རྐྱེནས་པས་ཁོང་འཛིན་བཟུང་བྱས་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག  

དེ་སྔ་གངས་ལྗོངས་ཤེས་རིག་ཞི་བདེ་འོད་དཀར་གླིང་དུ་སློབ་ཕྲུག་ ༥༠ ལྷག་ཡོད་པ་དང་། དེ་དག་ནི་ཀན་སུའུ་དང་མཚོ་སྔོན། ཟི་ཁྲོན་ས་ཁུལ་གྱི་བོད་རིགས་བྱིས་པ་དྭ་ཕྲུག་དང་དབང་བོ་སྐྱོན་ཅན། སློབ་གྲྭར་གཏོང་བའི་ཆ་རྐྱེན་མེད་པའི་དབུལ་ཕོང་ཁྱིམ་ཚང་གི་བྱིས་པ་བཅས་ཡིན་འདུག

གོང་བཀོད་གནས་ཚུལ་དེ་བོད་ནང་ནས་ཆེད་གཏོང་དབྱིན་ཡིག་སོགས་སྐད་ཡིག་འདྲ་མིན་ནང་གང་ཐུབ་ཀྱིས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་ཡོངས་བའི་འབོད་སྐུལ་བཅས་གནང་འདུག

 

སློབ་གྲྭའི་དབུ་ཁྲིད་དང་དགེ་རྒན་རྣམ་པ།

 

སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས།

 

སློབ་ཕྲུག་ཚོས་ཞོགས་རྩལ་སྦྱོང་བཞིན་པ།

 

སློབ་གཙོ་མཆོག་གིས་བརྩམས་པའི་སློབ་གླུ།

 

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 4

  1. མེ། says:
    ལོ་ 14 སྔོན།

    གོང་གསལ་སློབ་གྲྭ་དེའི་གནས་ཚུལ་རྒྱས་པར་མཁྱེན་འདོད་མཁན་ཚོས་གཤམ་གྱི་དྲ་བྱང་འདིར་བསྣུན་དང་གནས་ཚུལ་གསལ་བོར་རྟོགས་ཐུབ།
    blog.sina.com.cn/s/blog_6e2cf42c0100nmjm.html
    http://blog.sina.com.cn/zo20090815

    Reply
  2. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    ཨ་བཙུན་བརྩོན་འགྲུས་རྒྱ་མཚོའི་སྨྱུག་མིང་དུ་ཨ་མྱུག་རྒོད་ཅེས་འབོད་པ་དང་། བོད་ཁུལ་གྱི་དུས་དེབ་དང་ཚགས་པར། དྲ་རྒྱ་སོགས་སུ་བརྩམས་ཆོས་མང་པོ་སྤེལ་མྱོང་བར་མ་ཟད། སྒེར་གྱི་བརྩམས་ཆོས་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་ཅིག་ཀྱང་པར་སྐྲུན་བྱས་ཡོད། གཞན་ཡང་ཁོང་ནི་དབུས་སྨྲ་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། ཕུག་རོན་ཞེས་པའི་དུས་དེབ་གསར་འདོན་མཛད་མཁན་ཡང་ཡིན་ནོ།།

    Reply
  3. མི་རྒོད། says:
    ལོ་ 14 སྔོན།

    བོད་ཀྱི་རྩམ་བཟན་ཁྱེད་ཀྱང་རྩ་ཐང་དུ་ཡོད་པའི་བོད་རིག་གནས་ཀྱི་དཔའ་རྒོད་གཅིག་རེད་ཤག། ཐུགས་རྗེ་ཆེ། ལོས་ཡིན་ང་ཚོས་འཛམ་གླིང་མི་དམངས་ལ་གང་ཐུབ་འགྲེལ་བརྗོད་ཞུས་ཆོག།
    ཨ་བརྩུན་བརྩོན་འགྲུས་རྒྱ་མཚོའི་བདེན་པ་རྟག་ཏུ་རྒྱལ་གྱུར་ཅིག། གལ་ཏེ་ཁྱེད་ཐར་ཐུབ་ཚེ་གནམ་སྡེ་སྒོ་མའི་ཨ་རིའི་གཞུང་ཚབ་ནང་ཕེབས་ན་འགྲིག་ལེ་རེད། དེ་ནི་ཁྱེད་སྐྱོབ་ཡག་ཤོས་དེ་རེད།།།

    Reply
  4. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    སློབ་གྲྭ་གསར་འཛུགས་མཛད་མཁན་ཨ་བཙུན་བརྩོན་འགྲུས་རྒྱ་མཚོ་ལགས་ནི༡༩༧༦ ལོར་ཨ་མཆོག་ཝ་སྣ་རུ་འཁྲུངས་ཤིང་། ༡༩༨༥ལོར་ས་གནས་སློབ་ཆུང་དུ་སློབ་གཉེར་བྱས་ཏེ། ༡༩༩༡ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཀྱེེ་རྡོར་གྲྭ་ཚང་གི་ཆོས་སྒོར་ཞུགས། ༢༠༠༡ ལོར་ལྷ་མོ་ཀིརྟི་དགོན་གྱི་སྒེར་གཉེར་སློབ་གླིང་ནས་ལོ་གསུམ་ཙམ་སློབ་གཉེར་གནང་། ༢༠༠༧ ལོར་པེ་ཅིང་དུ་ཞིབ་འཇུག་སློབ་སྦྱོང་གཉིས་ཙམ་མཛད། ༢༠༠༩ ལོར་ཀླུ་ཆུ་རུ་དྭ་ཕྲུག་སློབ་གྲྭ་དངོས་སུ་གསར་འཛུགས་མཛད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese