མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༄༅། །སྟག་ཤམ་སྐུ་ཕྲེང་བརྒྱད་པ་བསྟན་འཛིན་འགྱུར་མེད་འཕྲིན་ལས་རྡོ་རྗེའམ་འཇའ་ལུས་རྡོ་རྗེ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

༄༅། །སྟག་ཤམ་སྐུ་ཕྲེང་བརྒྱད་པ་བསྟན་འཛིན་འགྱུར་མེད་འཕྲིན་ལས་རྡོ་རྗེའམ་འཇའ་ལུས་རྡོ་རྗེ།

༄ ༅། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་སྟག་ཤམ་རྡོ་རྗེའམ་བསམ་གཏན་གླིང་པའི་ སྒྱུ་འཕྲུལ་ལ་ཤར་བ་སྟག་ཤམ་ཡང་སྲིད་སྐུ་ཕྲེང་བརྒྱད་པ་བསྟན་འཛིན་འགྱུར་མེད་འཕྲིན་ལས་རྡོ་རྗེ་ད་ལྟའི་སྐུ་འཁྲུངས་ཡུལ་བྱང་ཨ་མེ་རི་ཀའི་མངའ་སྡེ་མི་ནི་སོ་ཊའི་རྒྱལ་ས་མིན་ཡ་པོ་ལིས་ཞེས་ཡོངས་སུ་གྲགས་པ་དེའི་ཉེ་འཁྲིས་སུ་གྲོང་འཁྱེར་ ཆུང་བ་ཀོ་ལམ་བྷི་ཡ་ཧའི་ཊའི་ས་གནས་སུ་གནས་སྡོད་ཕ་མ་ཆོས་ལྡན་རིགས་རུས་མི་དམན་ པ་ཕ་སྡེ་དགེ་ལྡན་ཁོག་སྲིད་སྨད་རྣམ་རྒྱལ་གཞོངས་ཆེན་ཚང་རྡོ་རྗེ་ཚེ་རྒྱལ་དང་། མ་ནང་ཆེན་དགེ་རྒྱས་རྫ་སྟོད་བདེ་ཆེན་དབང་མོ་གཉིས་ཀྱི་རིགས་ཀྱི་མྱུ་གུར་ཕྱི་ལོ་ ༢༠༠༦ ཟླ་ ༡༢ ཚེས་ ༢༠གཟའ་སྐར་འཕྲོད་སྦྱོར་ཉིན་སྐུ་འཁྲུངས།

    ཕྱི་ ལོ་ ༢༠༠༨ སྤྱི་ཟླ་ ༤ ཚེས་ ༨ ཉིན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ལྔ་པ་༧སྐྱབས་རྗེ་རྫ་རོང་ཕུ་མཁན་ ཆེན་འཁྲུལ་ཞིག་ཞྭ་དིའུ་ངག་དབང་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་ནས་སྟག་ཤམ་ པའི་སྐུ་གསུངས་ཐུགས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་བའི་ཕྱག་བྲིས་བཅས་སྩལ་གནང་ བྱུང་བ་དང་། དེ་རྗེས་ཕྱི་ལོ་ ༢༠༠༩ ལོར་སྡེ་དགེ་གཱ་རྗེ་ཁམས་དབུས་སྤྲུལ་སྐུ་འཇམ་དབྱངས་དོན་འགྲུབ་རིན་པོ་མཆོག་ས་ གནས་སུ་ཕེབས་སྐབས་འདིའི་སྐོར་སྙན་སེང་ཞུས་པར་ཁོང་གིས་ཡིག་ཐོག་ནས་བརྟགས་ འབྲས་གནང་བ་དང་སྦྲགས་བཀའ་ཕེབས་དོན་དེང་གང་ས་ནས་སྤྲུལ་སྐུ་མང་པོ་ཞིག་ངོས་ འཛིན་གནང་དང་གནང་བཞིན་པའི་སྐབས་འདིར་གནས་དོན་འདི་ཐད་སྤྱི་ནོར་༧གོང་ས་སྐྱབས་ མགོན་ཆེན་པོ་མཆོག་དང་།དཔལ་རྒྱལ་བ་ ཀརྨ་ པ་རིན་པོ་ཆེ་མཆོག་ ས་༧སྐྱ་ཁྲི་འཛིན་སྒྲོལ་མ་ཕོ་བྲང་རིན་པོ་ཆེ་མཆོག་བཅས་ལ་སྙན་སེང་ཞུས་ཏེ་གཅིག་ གྱུར་གྱི་ངོས་འཛིན་མ་བྱུང་ཚེ་གསན་བསམ་མཐར་ཕྱིན་གྱི་བསྟན་པའི་ཞབས་འདེབས་ བསྒྲུབ་དཀའ་བས་དེ་ལྟར་གནང་ལེགས་ཀྱི་བཀའ་སློབ་ལམ་སྟོན་གནང་བ་ལྟར་ངོས་ཕ་མ་ གཉིས་ནས་དེ་ལྟར་སྙན་སེང་སྒྲོན་འབུལ་ཞུས་པར་ཡོངས་རྫོགས་བསྟན་པའི་མངའ་བདག་ འཛམ་གླིང་ཞི་བདེའི་དད་དཔོན་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་ མཆིས་པ་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་ནས་ སྤྱི་ལོ་ ༢༠༠༩ ཟླ་ ༡ཚེས་༦འཁོད་པའི་ངོས་འཛིན་གྱི་བཀའ་ཡིག་སྦུག་དམ་སྦྱར་མ་ཕྱིར་ཕེབས་ནང་གསལ་སྟག་ ཤམ་བསམ་གཏན་གླིང་པའམ་ནུས་ལྡན་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་གནང་བ་དང་། སྤྲུལ་སྐུའི་མཚན་ལ་བསྟན་འཛིན་འགྱུར་མེད་འཕྲིན་ལས་རྡོ་རྗེ་ཞེས་གསོལ་སྩལ་གནང་ བ་མ་ཟད་ཕྱི་ལོ་༢༠༡༠ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ཝི་སི་ཀན་སིན་ མངའ་སྡེར་ཆིབས་བསྒྱུར་བསྐྱངས་སྐབས་དབུ་སྐྲ་བཙུག་ཕུད་བཞེས་གནང་བ་དང་། འཇམ་དཔལ་དབྱངས་ཀྱི་གཟུང་སྔགས་ཨ་ར་པ་ཙའི་ལྗགས་ལུང་དང་མ་འོངས་ཞུ་སྒོའི་བཀའ་ སློབ་བཅས་བཀྲིན་སྩལ་ཐོབ་བྱུང་། དེ་བཞིན་དཔལ་ས་༧སྐྱ་ཁྲི་འཛིན་སྒྲོལ་མ་ཕོ་བྲང་མཆོག་ནས་ཀྱང་ཕྱི་ལོ་ ༢༠༠༩ སྤྱི་ཟླ་ ༤ ཚེས་ ༡༤ ཉིན་འཁོད་པའི་གཅིག་བསྒྱུར་ངོས་བཞེས་ཕྱག་བྲིས་སྩལ་གནང་བྱུང་།

            གཞན་ཡང་འཕགས་བོད་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བཞུགས་པའི་རིས་མེད་བླ་སྤྲུལ་མཁན་སློབ་ སྐྱེས་ཆེན་དམ་པ་དུ་མས་སྤྲུལ་སྐུར་མ་འོངས་བསླབ་པ་སློབ་གཉེར་དང་སྐུ་ཚེ་མཛད་ འཕྲིན་འཐུས་ཤོར་མེད་པ་གང་ལེགས་ཡོང་བའི་བཀའ་སློབ་ལམ་སྟོན་གནང་བ་བཞིན་ཞུམ་པ་ མེད་པར་ཕྲན་ཕ་མ་གཉིས་ལ་མཁས་པའི་ཡོན་ཏན་རྩལ་ཕྱུགས་ཀྱི་ལོ་རྒྱུས་ཅུང་ཟད་ཀྱང་ སྨྲ་རྒྱུ་མེད་ན་ཡང་། འགྲན་སེམས་ཀྱི་ཀུན་སློང་མེད་པར་སེམས་པ་བཟང་པོས་རང་ནུས་དང་བསྟུན་པའི་མ་འོངས་ པར་སྤྲུལ་སྐུ་རིན་པོ་ཆེར་དེང་དུས་ཀྱི་སློབ་གཉེར་དང་།སྔ་འགྱུར་རང་ལུགས་ཀྱི་ དབང་ལུང་མན་ངག་ཁྲིད་སོགས་ལ་དོ་སྣང་གང་ལེགས་དང་། རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་དང་མཚུངས་པའི་རྒྱལ་བའི་བསྟན་པ་མདོ་སྔགས་ ལུང་རྟོགས་རྒྱ་མཚོའི་དཔལ་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ། འཛིན་སྐྱོང་སྤེལ་གསུམ། བསྙན་སྒྲུབ་ལས་གསུམ།མཁས་བཙུན་བཟང་གསུམ་སོགས་ཡོན་ཏན་རྒྱ་མཚོ་ལྟ་བུ་ཡོང་བའི་ མཐུན་སྒྱུར་དང་རེ་སྨོན་ཞུ་རྒྱུ་ཡིན།སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། བྱེ་བྲག་སྔ་འགྱུར་རྙིང་མའི་ནང་ཚན་རང་གི་བགོ་སྐལ་དུ་གྱུར་པ་དེ་ཉིད་མི་ཉམས་ རྒྱུན་འཛིན་མཚན་དོན་མཚུངས་པ་ཞིག ཡོང་ཐུབ་པ་ཕ་མ་གཉིས་ནས་འབད་བརྩོན་གང་ཐུབ་ཞུ་འཆར་ཡིན། འོན་ཀྱང་དམིགས་ཡུལ་ལྟར་ལམ་ལྷོང་ཡོང་མིན་ནི་གཙོ་བོ་བླ་སློབ་ཀྱི་དམ་ཚིག་དང་ གདུལ་བྱའི་བསོད་ནམས་སོགས་ལ་རག་ལས་པས་དེ་དོན་ཚང་མས་དད་དམ་འོ་ཆུ་གཅིག་འདྲེས་ ཡོང་བའི་རེ་སྨོན་ཞུ་རྒྱུ། འཕགས་བོད་དང་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནང་བཞུགས་པའི་འབྲེལ་ཡོད་སྤྱི་དང་ བྱེ་བྲག་ཆོས་བརྒྱུད་འདིའི་རྗེས་འཛིན་རྗེས་འཇུག་རྣམས་པས་ཁོང་གི་ལོ་རྒྱུས་ སྐོར་ཞིབ་གསལ་ཤེས་འདོད་ཡོད་རིགས་ནས་གཤམ་འཁོད་དྲ་རྒྱའི་ནང་གཟིགས་ཞིབ་གནང་ཚེ་ དངོས་ཡོད་གནས་ཚུལ་ཕྱི་གསལ་ནང་གསལ་གང་བྱུང་བ་རྣམས་བཀོད་ཡོད་པས་དེ་དོན་དགོངས་ འཇགས་ཞུ།

གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་ཡང་སྲིད་ད་ལྟ་བར་སྐུ་འཕྲེང་རིམ་བྱོན་གྱིས་འཁྲུངས་འདས་དང་དགུང་གྲངས་ཇི་བཞུགས་བཅས་ཀྱི་རེའུ་མིག་འདི་ལྟར་ཡིན།

ཨང་། སྐུ་འཕྲེང་།    མཚན་ འཁྲུངས་ལོ།
འདས་ལོ། དགུང་གྲངས་ཇི་བཞུཌ།
༡༽ སྐུ་འཕྲེང་དང་པོ། གཏེར་བཏོན་ཆོས་ཀྱི་རྒྱལ་པོ་སྟག་ཤམ་བསམ་གཏན་གླིང་པའམ་ནུས་ལྡན་རྡོ་རྗེ། 
  ༡༦༥༥ 
༡༧༠༨    ༥༣
༢༽ སྐུ་འཕྲེང་གཉིས་པ། པད་མ་རབ་རྒྱས་ཡེ་ཤེས་རོལ་པ།
༡༧༠༩ 
༡༧༣༠ ༢༡
༣༽ སྐུ་འཕྲེང་གསུམ་པ། པད་མ་བསྟན་འཛིན་དབང་ཕྱུག་ ༡༧༣༢
༡༧༩༢ ༦༠
༤༽ སྐུ་འཕྲེང་བཞི་པ། པད་མ་རྒྱས་པའི་རྡོ་རྗེ། 
༡༧༩༥    ༡༨༤༣    ༤༨
༥༽ སྐུ་འཕྲེང་ལྔ་པ།
གསང་སྔགས་བསྟན་པའི་རྡོ་རྗེ། ༡༨༤༤    ༡༨༩༧    ༥༣
༦༽ སྐུ་འཕྲེང་དྲུག་པ།
ཀརྨ་གསང་སྔགས་བསྟན་འཛིན་རྡོ་རྗེ། ༡༨༩༩    ༡༩༤༨    ༤༩
༧༽ སྐུ་འཕྲེང་བདུན་པ། ཀརྨ་ཡོངས་འདུས་ཆོས་ཀྱི་ཉི་མ།
༡༩༥༠    ༢༠༠༥    ༥༥
༨༽ སྐུའ་ཕྲེང་བརྒྱད་པ།   བསྟན་འཛིན་འགྱུར་མེད་འཕྲིན་ལས་རྡོ་རྗེའམ་འཇའ་ལུས་རྡོ་རྗེ། ༢༠༠༦།༡༢།༢༠         

 

 

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༨ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese