མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱང་ཐག་རིང་བའི་ཚེ་རྡོར་མ་བུ་གསུམ་གྱི་གོམ་བགྲོད་དང་རྩོད་རྙོག

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

                                                                                                            རོང་ཕྲུག

   

    གཞན་འདུག་ས་ནས་རང་སྡད་རང་འདུག་སར་གཞན་བཞག་སྟེ་ཁོང་ཚོ་མ་བུ་གསུམ་གྱི་སྙིང་སྟོབས་དང་བློས་གཏོང་གི་ངོས་ནས་གླེང་ན་འོས་འཚམས་ཞིག་ཏུ་མཐོང་། ད་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་རྡ་ས་ཐེག་ཆེན་གཙུག་ལག་ཁང་དུ་ཚེ་རྡོར་མ་བུ་གསུམ་གྱིས་རྡ་ས་ནས་ལྷ་སར་བསྐྱོད་པའི་གོམ་བགྲོད་མགོ་འཛུགས་གནང་བྱུང་ཞིང་། གསུམ་དུས་ལྔ་གསུམ་པའི་རང་དབང་སྒེར་ལངས་ཀྱི་དུས་དྲན་འདུ་འཛོམས་ཀྱི་ཐོག་དགོས་འདུན་དོན་ཚན་ལྔ་དང་ཉིན་དེའི་ཁོང་གི་བསྒྲགས་གཏམ་བཅས་ཀྱིས་ལས་འགུལ་འདིའི་དམིགས་ཡུལ་དང་རེ་འདུན་གསལ་འདོན་གནང་ཡོད།

          ཉིན་དེ་ནས་བཟུང་དཀའ་ཚེགས་དུ་མའི་མདུན་ནས་བསུ་བཞིན་ཡོད་ཀྱང་། ཁོང་མ་སྨད་གསུམ་གྱིས་འཚེ་མེད་ཞི་བའི་ལས་འགུལ་འདི་མ་བསྐུལ་དང་བླང་ངང་ཕྲག་ཏུ་བླངས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་བར་བསྐྱོད་པའི་བརྒྱུད་རིམ་ཁྲོད་རྡ་སའི་ཚོགས་སྐྱིད་ཁག་གི་རོགས་རམ་ལྟ་སྐྱོང་འོག་རྒྱལ་ས་ལྡི་ལི་དང་དེ་ནས་བལ་ཡུལ་ས་མཚམས་བར་ཟླ་གཉིས་ལྷག་རིང་གོམ་བགྲོད་གནང་སྟེ་ཚ་གདུང་དཀའ་སྡུག་གི་ངལ་བ་བརྒྱ་ཕྲག་ཁྱད་ཟད་ཀྱིས་མདུན་ནས་མདུན་དུ་བསྐྱོད་ཀྱི་ཡོད་མོད། ལྡི་ལི་ནས་རྒྱ་ནག་གི་རྒྱལ་དར་འཕྱར་ཏེ་བལ་ཡུལ་ས་མཚམས་བར་བསྐྱོད་སྐབས་ཐོག་མའི་ཆར་གླེང་སློང་ཆེར་མ་བྱུང་ཡང་། ལྡི་ལི་དང་བལ་བོའི་བར་གྱི་ལམ་དཀྱིལ་ནས་གླེང་སློང་ཤུགས་ཆེ་རུ་འགྲོ་སོང་བ་མ་ཟད། གཞོན་ནུ་ཚོགས་པ་དང་དབུ་མའི་ལམ་ལས་འགུལ་ཁང་གཉིས་ཀས་སོ་སོའི་ལངས་ཕྱོགས་གསལ་སྟོན་བྱས་ཏེ་རྒྱབ་སྐྱོར་དང་ངོ་རྒོལ་གྱི་གསར་འགོད་བསྒྲགས་གཏམ་སྤེལ་རེས་བྱས་པ་དང་། དུས་བབ་དང་བང་ཆེན་གྱི་གསར་འགྱུར་འགོད་ཕྱོགས་ཚུན་ནས་ཀྱང་འགྱུར་བ་མི་འདྲ་བ་བྱུང་ཞིང་། དྲ་ངོས་ཀྱི་ ཟིན་བྲིས་པ་དང་དྲ་འབུ་ཚུན་གྱིས་ཀྱང་རང་ཁྱིམ་དུ་འཛུལ་ནས་ཁ་རྡུང་གཏོང་མགོ་ཚུགས་ཤིང་རང་དབང་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཀྱི་ཡོད་མོད། ཆེས་ཤིན་ཏུ་མི་ལེགས་པ་ཞིག་ནི་ང་ཚོའི་ཆབ་སྲིད་པའི་བྱང་ཚད་ དང་བསམ་ཚུལ་དེ་དག་གིས་ཡ་ང་བའི་གྲོག་རོང་ཞིག་བརྐོ་ཡི་མེད་དམ་སྙམ་པའི་སེམས་ཚོར་བན་བུན་ཞིག་ཤ་གསེང་ན་རུས་དང་རུས་གསེང་ན་རྐང་ཡོད་པའི་མི་རྣམས་ལ་སེམས་ཁྲལ་ལྷག་མ་ཞིག་སྤྲད་ཡོད་ངེས།

ཁོང་མ་བུ་གསུམ་གྱི་བློས་གཏོང་གི་ཆ་ནས་བཤད་མཁན་དཀོན་ལ། ལྷག་པར་དུ་རྒྱ་ནག་གི་རྒྱལ་དར་འཁྱེར་དགོས་པའི་བསམ་བློ་ཇི་ལྟར་འཁོར་བའམ། ཡང་ན་སུ་ཞིག་གིས་བསྐུལ་སློང་བྱས་ཡོད་མེད་ཀྱི་རྒྱུས་ལོན་ཐད་གསར་འགོད་པ་ཚོར་འཁྲི་བའི་ལས་འགན་ཞིག་ཡིན་ལ། དུས་བབ་གསར་འགོད་པས་བཅར་འདྲི་བྱས་སྐབས། ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ལས་འགུལ་དེ་ནི། ལམ་དབུ་མའི་ལྟ་གྲུབ་དང་མ་འགལ་བ་ཞིག་དང་། བཙན་བྱོལ་གཞུང་གི་ལངས་ཕྱོགས་དང་མ་འགལ་བ། བོད་མི་དམངས་ཀྱི་འདོད་བློ་དང་མ་འགལ་བ་ཞིག་ཡིན་ཚུལ་བརྗོད་ཡོད།

ཁོང་མ་བུ་གསུམ་གྱིས་ཟླ་གཉིས་ལྷག་གི་གོམ་བགྲོད་རིང་མོ་དེ་ཆབ་སྲིད་པ་དག་གིས་གདོང་གཏད་ས་དགྲ་བོར་མ་གཏད་པར་མ་བུ་གསུམ་གྱི་ཞི་བའི་ལས་འགུལ་ལ་གཏད་དེ་ལྟ་གྲུབ་ཉི་ཚེ་བའི་བཤད་ཡམས་དག་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་སྡིངས་ཆར་བེད་སྤྱད་དེ་མི་མང་རྣམས་ཧོན་འཐོར་དགོས་པར་བཟོས་ཡོད། ད་ནས་ཚོགས་པ་གང་ཞིག་གི་ལངས་ཕྱོགས་འགྲིག་པ་དང་གང་ཞིག་མི་འགྲིག་པའི་དབྱེན་ཐག་གཅོད་རྒྱུར་མི་མང་ཚོས་རང་ཉིད་ལའང་བདེན་ཁ་སྤྲོད་མི་ཐུབ་པའི་ཚོད་ཡིན། ཟིན་བྲིས་པ་ང་ལ་མཚོན་ན་དབུ་བཙན་གཉིས་ཀྱི་ཕན་ཚུན་ཁ་གཏད་ཀྱི་ཚུལ་དུ་ལན་འདེབས་བྱས་པ་ནི་སྣང་བར་ཆེས་མི་འགྲོ་བའི་བྱ་བ་ཞིག་རེད།

གཞོན་ནུ་ཚོགས་པའི་རང་བཙན་རྩོད་ཀྱི་ཡོད་པ་དེ་བོད་མིའི་སྤྱི་ཚོགས་ཙམ་མ་ཡིན་པར་འཛམ་གླིང་ཡོངས་ལ་ཤེས་རྟོགས་ཡོད་རྒྱུ་རེད། མ་བུ་གསུམ་གྱི་ལས་འགུལ་ནི་གཞོན་ནུ་དང་ལྟོས་འབྲེལ་གང་ཡང་མེད་པ་ཞིག་རེད། ཚེ་རྡོར་གྱིས་རང་ཉིད་ཀྱི་ལངས་ཕྱོགས་དང་དགོས་འདུན་དོན་ཚན་དག་བསྒྲགས་པའི་ནང་རང་བཙན་གྱི་ལྟ་བ་ཞིག་འཁུར་གྱི་མི་འདུག་ལ། གཞོན་ནུས་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་བྱས་པའང་ཐོས་རྒྱུ་མེད། འོ་ན་གཞོན་ནུས་ཤིག་གི་སྒང་ལ་སྟ་རེ་འཕྱར་དགོས་པའི་རྒྱུ་མཚན་དེ་བས་མེད། གཞོན་ནུས་འབྱོན་ན་རང་ཉིད་ཀྱི་ ལངས་ཕྱོགས་ལྟར་ལས་འགུལ་སྤེལ་ནས་བལ་ཡུལ་བར་གོམ་བགྲོད་དམ་བྱེད་ཐབས་ཅི་ཞིག་ཡོད་ན་ལས་འགུལ་མི་སྤེལ་བར་མི་སྒེར་གྱི་ལས་འགུལ་ལམ་ལྷོང་མི་འབྱུང་བའི་ཁ་རྡུང་གཏོང་བས་ཕན་ཐོག་ཅི་ཞིག་ཡོད།

དབུ་མིའི་ལམ་ལས་འགུལ་ཁང་གིས་ཀྱང་འདྲེ་ཤིག་གི་རྒྱབ་རྩར་དུག་སྦྲང་ལངས་ཟེར་བའི་དཔེ་ལྟར་རྒྱབ་སྐྱོར་བྱས་པ་ནི་ཚོགས་པའི་ལངས་ཕྱོགས་དང་མཐུན་གྱི་འདུག་སྙམ་ནས་བེད་སྤྱད་པ་ལས་ཚེ་རྡོར་གྱིས་ཁོང་ཚོའི་བཀོད་མངགས་དང་རྒྱབ་སྐྱོར་བྱས་བར་བརྟེན་ནས་ལས་འགུལ་འདི་སྤེལ་མེད། ཚོགས་པ་འདིར་གཟེངས་སུ་མཐོན་པའི་ལས་འགུལ་དང་གྲུབ་འབྲས་མེད་པར་བརྟེན་གཞན་གྱི་ལས་འགུལ་རང་ཉིད་ཀྱི་ངོ་སོར་འཁྱེར་ཏེ་འབུར་གཟུགས་རྡོ་རིང་ཞིག་བཞེངས་འདོད་ཀྱི་རྔམ་སེམས་འཕྱུར་གྱི་འདུག དེ་མིན་ན་ཚེ་རྡོར་མ་བུ་གསུམ་ངྷ་ས་ནས་ལྡི་ལི་བར་བསྐྱོད་ཀྱང་ཁོང་ཚོས་རྒྱབ་སྐྱོར་བྱས་ཚུལ་གསར་འགྱུར་ནང་ཐོན་མེད།

འོན་ཀྱང་གནས་ཚུལ་འདི་གླེང་སློང་བྱས་པའི་མཐའ་མར་བོད་གཞུང་བཀའ་ཤག་གིས་བཀའ་བསྡུར་གནང་བའི་སྙིང་དོན། བཀའ་སྤྱི་ལྷན་རྒྱས་ཐོག་ནས་ང་ཚོའི་ཆབ་སྲིད་སོགས་ཀྱི་ལས་འགུལ་གང་འདྲ་ཞིག་སྤེལ་བ་ཡིན་ནའང་ལྟ་གྲུབ་གསུམ་སྟེ། ཞི་བ་དང་། ཁྲིམས་དང་མཐུན་པ། ཆེ་མཐོང་དང་ལྡན་པ་དེ་གསུམ་ངེས་པར་དུ་འཛིན་དགོས་པའི་གལ་ཆེན་ཡིན་པའི་ལམ་སྟོན་སྔ་རྗེས་གནང་ཡོད། ཅེས་པ་དང་། དེའི་ཐོག་བཀའ་ཤག་གི་དགོངས་ཚུལ་སྙིང་པོ་གོང་དུ་ཞུས་པའི་ལྟ་གྲུབ་གསུམ་གཞི་བཞག་ཐོག་ནས་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་གཏོང་རྒྱུ་དང་། ཡང་ན་རྒྱ་ནག་གི་རྒྱལ་དར་ཕྱར་ཏེ་འགྲོ་མཁན་གཉིས་ཀར་མོས་མཐུན་དང་རྒྱབ་སྐྱོར་མེད། ཅེས་བཀའ་ཤག་གི་དགོངས་ཚུལ་དང་བཞེངས་ཕྱོགས་གསལ་སྟོན་གནང་ཡོད། ཚེ་རྡོར་རང་ཉིད་ཀྱིས་ཐག་གཅོད་བྱས་པའམ་གཞན་གྱིས་སྐུལ་སློང་བྱས་པ་གང་ཡིན་ཡང་རང་མོས་ངང་རྒྱ་དར་འཁྱེར་བ་དེ་ཁོང་གིས་བཤད་པའི་གཞུང་གི་ལངས་ཕྱོགས་སམ་ལྟ་གྲུབ་གསུམ་དང་མཐུན་གྱི་མེད་པའི་གནས་ཚུལ་འདི་གསར་འགོད་པ་ཚོས་བཅར་འདྲིའི་ལམ་ནས་གསལ་བོ་བཟོ་དགོས། དེ་ལྟར་བྱས་ན་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ང་རང་སྒེར་ངོས་ནས་དེ་ལ་ངོ་རྒོལ་བྱ་འདོད་གང་ཡང་མེད། ངས་བལྟས་ན་ཁོ་རང་ལ་རྒྱབ་ལྗོངས་ཀྱི་དགོངས་པ་བཞེས་སྟངས་ཤིག་ཏན་ཏན་ཡོད་ཀྱི་རེད། ཁོང་གི་ཀུན་སློང་དེ་གསལ་པོ་མ་ཤེས་བར་ང་ཚོས་ཡག་སྡུག་བཤད་ས་འགྲོ་ཡི་མ་རེད། ཅེས་གསལ་པོ་གསུངས་པ་ལྟར་གཞིས་བྱེས་མི་མང་ཙམ་མིན་པར་རྒྱལ་སྤྱིའི་མི་མང་ཚོས་ཀྱང་ཤེས་ན་འདོད་པའི་དྲི་བ་ཞིག་ཏུ་གྱུར་འདུག་སྙམ།

དེ་མིན་ན་གནས་ཚུལ་འདི་དག་གི་ཐོག་ནས་ཆབ་སྲིད་པར་རློམ་པའི་གཡོ་འཁྲབ་པ་དག་གིས་འདི་མ་བུ་གསུམ་གྱི་ལས་འགུལ་དེ་རྩབ་ཧྲལ་དུ་བཏང་ཡོད། དོན་དངོས་ཐོག་ང་ཚོས་ལས་འགུལ་འདིའི་ནང་མ་བུ་གསུམ་གྱི་བློས་གཏོང་དང་སྙིང་སྟོབས་མཇུག་འབྲས་བཅས་ཀྱི་ཐོག་ནས་རིན་ཐང་གཞལ་དགོས་པར་སྙམ་ལ། དེ་མིན་གོད་ཁ་ནས་རྟ་དེད་ཟེར་བའི་དཔེ་ལྟར་ཉི་མའི་ཚ་ཟེར་དང་ཆར་རླུང་དྲག་རྩུབ་གང་ཡང་མྱོང་མི་དགོས་པར་གཞན་ལ་ཁ་རྡུང་གཏོང་བའི་འོས་བབ་ཡོད་མེད་ལ་ལག་པ་སྙིང་གར་བཞག་སྟེ་བསམ་གཞིག་གནང་རོགས་ཞུ་རྒྱུ་ལས་གཞན་མ་མཆིས།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༢༢ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 7

  1. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    སྲོང་བཙན་ཞེས་པ་འདི་ནི་བོད་ཀྱི་ཚིག་མཛོད་ཁྲོད་ཆེས་བླ་ན་མེད་པ་དང་། གོང་ན་མེད་པ། བརྗོད་དུ་མེད་པའི་མིང་རྩ་ཆེན་པོ་ཞིག་ལགས་མོད། དེང་འདིར་དྲ་ཐོག་ནས་རང་མིང་ཙམ་ཡང་འདོན་མི་ཕོད་པའི་བླ་བཙོང་བ་ཚོ་སྦས་སྐུང་བྱ་ས་ཆགས་འདུག སྲོང་བཙན་མིང་འོག་གི་དྲ་འབུ་ཁྱོད་ཉོན་ཅིག སླེབས་ཚར་རྗེས་སུ་ངོ་དེབ་དང་ཅིག་ཅིག་ནས་བསྒྲགས་ཚར་ ཟེར་བ་དང་། སླེབས་་ལྐོག་ལྐོག་སུལ་སུལ་གཉིས་ལ་ཁྱད་པར་གནམ་ས་ཡོད་རེད། ད་མང་པོ་མི་བཤད། ཁྱོད་ཚོས་བོད་མི་རིགས་དང་བོད་མི་རིགས་ཀྱི་མ་འོངས་པའི་བུ་རབས་ཚ་བརྒྱུད་བྱུང་བ་ཆེས་རིང་པོ་དག་ལ་བསུབ་དཀའ་བའི་མགོ་སྐོར་གཏོང་གི་ཡོད་པ་ཤེས་པ་མཛོད་ལ། དེའི་རྗེས་ད་གཟོད་ངས་རྒྱ་རྒྱ་མོ་ཁ་ཤས་ལ་མགོ་སྐོར་གཏོང་མིན་གླེང་ན་ག་འདྲ་འདུག སྤྱིར་བཏང་ནས་ཁྱོད་་་་་་་་་་་་་་

    Reply
  2. ཀེ་ཏ་ཀ says:
    ལོ་ 14 སྔོན།

    མ་བུ་གསུམ་གྱི་ལས་འགུལ་ལ་ནུས་བ་རླབས་ཆེན་ཐོན་བཞིན་པར་དགའ་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་ད་བར་ར་མ་ལུག་གི་ལངས་ཕྱོགས་དང་ལས་འགུལ་རྣམས་ལའང། ད་ནི་རང་ཚུགས་གསར་པ་ཞིག་ཐོན་བཞིན་འདུག་པས་དགའ་ཡོད། ཆབ་སྲིད་ཀྱི་ལས་འགུལ་ནི་མ་གཞི་ནས་གླིང་ཚའི་ཆོད་སེམས་འདི་འདྲ་ལ་མ་ཟེར་ན་གང་ལ་ཟེར། ཞལ་འདེབས་ཕོན་ཆེ་བསྡུ་བའི་ལས་འགུལ་ནི་མཚན་ཉིད་མ་དར་པའི་དགོན་པ་ཁག་གི་གྲོང་ཆོག་དང་གཅིག་པ་རེད་འདུག་པས། དེས་བསྟན་པའི་ནམ་མི་འཁྱོལ་བ་ལོ་རྒྱུས་ཀྱི་ཉམས་མྱོང་ཡོད་པ་ལྟར། གཞོན་ལྷན་སོགས་ཀྱི་གྲོང་ཆོག་ཀྱང་ད་ནི་འགྲིབ་འགོ་ཚུགས་ཟིན་པས། ཆབ་སྲིད་ཀྱི་ལས་འགུལ་དངོས་ལ་བོད་མི་མང་རང་ཚུགས་ལྡན་པའི་ངང་འཇུག་ཐུབ་པར་རེ་བ་བྱེད་ཀྱི་ཡོད། བོད་དོན་བདེན་མཐའ་སེལ་ལ་ཐག་མི་རིང། དབུ་མའི་ལམ་རྒྱལ་ལོ། དམངས་ཁྲོད་ཀྱི་དབུ་མའི་ལམ་གྱི་ས་གཞི་ཧྲིལ་གྱིས་རྒྱལ་ལོ།

    Reply
  3. སྲོང་བཙན། says:
    ལོ་ 14 སྔོན།

    ཚེ་བརྟེན་རྡོ་རྗེ་མ་བུ་གསུམ་གྱི་ལས་འགུལ་རླབས་ཆེན་ལ་ངོ་མ་བསྔགས་རིན་དང་གླེང་རིན་གྱི་ཁྱད་ཆོས་ལྡན་འདུག
    རྭ་རྒྱ་བློ་བཟང་ཟེར་བ་ཉོན། རྒྱ་རྒྱ་མོ་ཁ་ཤས་རེ་མགོ་བསྐོར་གཏོང་འེ་ཐུབ་ལྟོས་སྡོད་ན་མཚམས་ཤོས་རེད། མ་བུ་གཉིས་རྡ་སར་ཡོང་བར་ལྐོག་ལྐོག་སུལ་སུལ་གང་ཡང་བྱུང་མེད། ངོ་དེབ་དང་དྲ་རྒྱ་ན་ཡོངས་གྲགས་ཆགས་ཚར་ཡོད། རང་གིས་མ་གོ་བ་དང་མ་ཤེས་པ་བྱས་ན་ཧམ་བཤད་ཡིན་པ་ཧ་གོ་བ་བྱོས།

    Reply
  4. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཚེ་རྡོར་མ་བུ་གསུམ་གྱི་ལས་འགུལ་དེ་མི་སྨྱོན་སྨོག་རུ་བསྟན་པ་དང་།བཀའ་ཤག་གཞུང་ལ་ངོ་ལོག་གར་སོང་བཀྲ་མི་ཤེས་པའི་ཤར་ཁུག
    ད་དུང་གཞོན་ལྷན་སོགས་རྡ་སའི་ཆབ་སྲིག་པ་ཚོས་ལག་པ་འཆང་ནས་ལས་འགུལ་དེ་གྲུབ་འབྲས་དང་གཟི་བརྗིད་ཅུང་ཙམ་ཡང་མེད་པར་བཟོས་ཐལ།
    ད་ནི་མ་བུ་གསུམ་ལ་ཞལ་འདེབས་ཅུང་ཙམ་རེ་རག་ཡོད་ན་དེ་ཁོང་ཚོའི་དཀའ་ངལ་ལ་མཚོན་པའི་གྲུབ་འབྲས་ཙམ་དུ་གྱུར་བ་དེ་ཆབ་སྲིད་པ་མི་ངན་རེ་ཟུང་གིས་ཕར་འཐེན་ཚུར་འཐེན་བཟོས་ནས་འདི་ལྟར་ཆགས་སོང་བ་རེད།

    Reply
  5. སྐར་མདའ། says:
    ལོ་ 14 སྔོན།

    ཧ་ཅང་སྣང་བར་འགྲོ་བའི་དྲང་གཏམ་བརྗོད་འདུག གཞོན་ལྷན་རང་གིས་ད་བར་དུ་ཁ་བཤད་ཀྱི་ལས་འགུལ་མཐར་འཁྱོངས་པ་གཅིག་བྱས་མྱོང་མེད། འོན་ཀྱང་་་་ཁྱད་མཚར་ཞིག་ལ། ཉམ་ཆུང་བོད་མི་གསུམ་གྱི་རླབས་ཆེན་གྱི་ལས་འགུལ་དེའི་ཐོག་་་་ཤིག་གི་སྒང་ལ་སྟ་རེ་འཕྱར་བ་་་་འདྲ་ཞིག་བྱས་སོང་། ཁྲེལ་མེད་ཀྱི་བསྒྲགས་གཏམ་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་བློ་ཕམ་ཡོད།

    Reply
  6. བསོད་ནམས says:
    ལོ་ 14 སྔོན།

    རེད་རེད་ང་ཚོ་ནང་ལ་སྡད་ནས་ཁ་རྒྱག་ཡིན་ཐག་ཆོད་རེད། ཡིན ན་བོད་ནང་ནས་ལས་འགུར་འདིའི་དོན་དུ་ཚེ་སྲོག་ཤོར་བ་དང་ཚེ་བཙོན་དུ་ལུས་བ་ལོ་མིང་བཙོད་འོག་ཏུ་གནར་བཅོད་མྱོང་དང་མྱོང་གཞིན་པ་རྣམས་ལ་བསམ་ལོ་གང་ཡང་མ་བཏང་པར་ཕྱོགས་རེས་ཁོ་ན་བྱས་ན་དེ་ལ་སེམས་ཤུགས་འདུག་སུས་ཟེར་གིས་རེད།

    Reply
  7. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    ཁོང་མ་བུ་གསུམ་གྱི་ལས་འགུལ་དང་ཆོད་སེམས་ནི་གཟེངས་སུ་ཐོན་པ་ཞིག་སྟེ་སླད་ཀྱིས་མ་གོས་ཤིང་དྲི་མས་མ་སྦགས་མོད། དྲང་མོར་བཤད་ན་ཐེངས་འདིར་གཡོ་འཁྲབ་པ་སྐོར་ཞིག་གི་གཡོ་འོག་ཏུ་ཤོར་སོང་། ཐ་ན་ད་ནངས་རྡ་རམ་ས་ལར་ཡོང་དུས་ཀྱང་། ཧ་ཅང་གསང་ལྐོག་ལྐོག་སུལ་སུལ་དུ་སླེབས་བྱུང་བ་དགོས་པ་ཅིའི་ཕྱིར་ཡིན། སུ་ཞིག་གི་དེ་འདྲའི་བྱ་ཐབས་སྤྱད་པ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese