མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགོན་པར་ཁྲིམས་ལུཊ་སློབ་གསོ་སྤེལ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ཏུ་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྤེལ་མགོ་བཙུགས་ཏེ་གྲྭ་བཙུན་ཚོའི་སློབ་གཉེར་ལ་འགོག་རྐྱེན་བཟོ་བཞིན་ཡོད་འདུག

ཉེ་ལམ་བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་དགོན་སྡེ་ཁག་ཏུ་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་དང་འཆམ་མཐུན་མིག་དཔེ། དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་ཀྱི་ཚོགས་འདུ་ཞིག་སྐོང་འཚོགས་གནང་ཡོད་འདུག་ལ། ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་པདྨ་འཕྲིན་ལས་ཀྱིས།  ༢༠༠༨ ལོའི་ཕྱི་ཟླ་ ༣ པ་ནས་བཟུང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བཀའ་ཁྱབ་དང་། བོད་རང་སྐྱོང་ལྗོང་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་རེ་འདུན་འོག བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་ཏུ་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྤེལ་ཏེ། རྒྱ་ཆེའི་གྲ་བཙུན་ཚོའི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་འདུ་ཤེས་བཅས་མངོན་གསལ་གྱིས་གོང་མཐོར་ཕྱིན་ཡོད་ཚུལ་དང་། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོར་མངོན་གསལ་གྱི་གྲུབ་འབྲས་བྱུང་སྟེ། ཆོས་ལུགས་ཀྱི་ཁྱབ་ཁོངས་དུ་རྒྱུན་མཐུད་བརྟན་ལྷིང་ཡོང་བར་འགན་སྲུང་ཐུབ་ཡོད་ཚུལ། སྔར་ལོའི་ལོ་མཇུག་ནས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ་དགོན་སྡེ་ཁག་ཏུ་ཡོད་པ་དགུའི་ལས་འགུལ་སྤེལ་ཡོད་ཚུལ་སོགས་བརྗོད་ཡོད་པ་མ་ཟད། མ་འོངས་པར་དགོན་སྡེ་ཁག་ཏུ་མུ་མཐུད་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྤེལ་རྒྱུ་ནི། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད། དགོན་སྡེའི་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོབ་ལ་ཕན་ནུས་ལྡན་པ་ཞིག་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་མཉམ་མཐུན་ལ་འཁྲིད་སྟོན་བྱེད་པའི་གལ་ཅེའི་བྱ་ཐབས་ཤིག ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་སིམ་འཛུལ་ལ་གཏོར་བཤིག་དང་འགོག་རྒོལ་བྱེད་པའི་ཕན་ནུས་ལྡན་པའི་བརྒྱུད་རིམ་ཞིག་རེད་ཅེས་བརྗོད་ཡོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདིའི་ཐད་གནས་ཚུལ་སྤེལ་བའི་ནང་བཀོད་དོན་ལྟར་ན། ལས་འགུལ་འདི་ནི། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༦ ལོར་ཐོག་མར་བོད་རང་ལྗོངས་ཀྱི་དགོན་སྡེ་ཁག་ཏུ་སྤེལ་ཡོད་འདུག་ལ། ད་ལྟའི་བར་དགོན་སྡེ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་ལེན་མ་བྱས་པའི་གྲྭ་བཙུན་རྣམས་འཇུ་བཟུང་དང་ཕྱིར་འབུད། རང་ལོ་ ༡༨ མ་སོན་པ་རྣམས་དགོན་པར་སྡོད་མ་བཅུག་པ་སོགས་གྲྭ་བཙུན་ཁྲི་ ༡ ལ་ཉེ་བ་དགོན་པ་དང་ཁ་བྲལ་དགོས་པའི་གནས་སྟངས་ཆགས་ཡོད་པ་མ་ཟད། ༢༠༠༨ ལོའི་ཟླ་ ༣ པ་ནས་བཟུང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་དང་། ༢༠༡༡ ལོའི་ལོ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་འཆམ་མཐུན་མིག་དཔེ་དགོན་པ་དང་རྒྱལ་གཅེས་སྔོན་ཐོན་གྱི་གྲྭ་བཙུན་དཔྱད་འདེམས་བྱེད་པའི་ལས་འགུལ། ཉེ་ཆར་དགོན་སྡེ་ཁག་ཏུ་གཅིག་བྱས་པ་དྲུག་དང་། ཡོད་པ་དགུའི་ལས་འགུལ་སྤེལ་བ་སོགས་དགོན་སྡེ་ཁག་ཏུ་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ཁག་སྤེལ་མཚམས་འཇོག་ཏུ་བཅུག་སྟེ་བཙན་ཤེད་ཀྱིས་རྒྱལ་གཅེས་རིང་ལུགས་སློབ་གསོའི་ལས་འགུལ་སྤེལ་བ་སོགས། ད་ལྟའི་ཆར་བོད་ཀྱི་དགོན་སྡེ་ཁག་དེ་རྒྱ་གཞུང་གི་རྡུང་རྡེག་གཏོང་ཡུལ་དང་ཆབ་སྲིད་སློབ་གསོའི་ལས་འགུལ་སྤེལ་ཡུལ་ཆགས་ཏེ་དགོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་དང་གྲྭ་བཙུན་གྱི་སློབ་གཉེར་ལ་བར་ཆད་དང་འགོག་རྐྱེན་ཚབས་ཆེན་བཟོ་བཞིན་ཡོད་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

ཆུ་ཚོད་ ༡༧ སྔོན་ལ།
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

༢༠༢༦/༠༢/༢༣
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༣

མཆན། 2

  1. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    རྒྱ་ནག་གི་དབང་འཛིན་པ་ཚོར་ད་དུང་། སློབ་གསོའི་ལས་འགུལ་ཟེར་བའི་མཛེས་ཆོས་ཀྱི་འོག་ཏུ་རྒྱལ་གཅེས་ཆོས་གཅེས་དང་། ཀྲུང་ཧཱ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། གཟེངས་བསྟོད་ཀྱི་ཚོགས་འདུ། དགོན་སྡེ་དོ་དམ་ཤུགས་སྣོན། གསར་གཏོད། དགོན་སྡེ་འཆམ་མཐུན། བརྟན་ལྷིངས་སྲུང་སྐྱོབ། སྤྱི་ཚོགས་མཉམ་མཐུན་ལ་འཁྲིད་སྟོན་བྱེད་པ་ཟེར་བ་སོགས་ཀྱི་མིང་སྙན་སྣ་ཚོགས་ཀྱིས་བོད་མི་རྣམས་བློ་འགུག་ཐབས་བྱེད་པའམ། གཅིག་རྡུང་གསུམ་སྒུར་ཟེར་བ་སོགས་ཀྱི་སྡིགས་ར་བསྐུལ་བའི་ལས་འགུལ་སྣ་མང་སྤེལ་བ་དང་། དུས་ཡུན་ཇི་ཙམ་བེད་སྤྱད་ཀྱང་དོན་དངོས་བོད་མི་རིགས་ཀྱི་བསམ་བློ་༸རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་འཁོར་བ་མ་གཏོགས་གུང་ཁྲན་གྱི་ལམ་སྟོན་ལ་ནམ་ཡང་མགོ་བོ་མི་སྒུར་བ་འཛམ་གླིང་མི་ཚང་མས་ངེས་པ་རྙེད་ཚར་བ་ཞིག་རེད། ཧེ་ཧེ་ཧཧཧཧཧཧ

    Reply
  2. བུ་ཡུག says:
    ལོ་ 14 སྔོན།

    དགྲ་བོ་རྒྱ་དམར་ཚང་གི་ཁྱི་རྒན་པདྨ་འཕྲིན་ལས་ཀྱིས་ཁྱི་རྔ་གཡུག་གི་ཡོད་ན་འང། མི་དམངས་དང་གྲྭ་བཙུན་དག་གི་ཆོལ་སེམས་ནི་ཉིན་རེ་བཞིན་སྲ་བརྟེན་དུ་ཡོང་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese