མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཡུམ་རྗེས་དྲན་བུམ་པའི་རྐང་སྤོལ་རྩེད་འགྲན་དབུ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་རྒྱལ་ཡུམ་རྗེས་དྲན་བུམ་པའི་རྐང་སྤོལ་རྩེད་འགྲན་མཛད་སྒོ་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་དབུ་འབྱེད་ཀྱིས། ཐོག་མའི་འགྲན་ཐེངས་གཉིས་ལས་ཀ་ལི་མན་ཊོན་དང་སྦོག་ར་རུ་ཁག་གཉིས་འདྲ་མཉམ་ཆགས་ཡོད་པ་དང་། མོན་གྷོ་དང་སྦེལ་ཀོབ་རུ་ཁག་གཉིས་བར་མོན་གྷོ་རུ་ཁག་རྒྱལ་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱབ་ཆུ་ཚོད་ ༡ པོའི་སྟེང་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ། རྒྱལ་ཡུམ་རྗེས་དྲན་བུམ་པའི་རྐང་སྤོལ་རྩེད་འགྲན་ཐེངས་ ༡༨ པ་དངོས་སུ་དབུ་འཛུགས་གནང་ཡོད་ལ། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་རུ་གཙོ་ཟུར་པ་བུ་ཆུང་བྷོ་ཊའི་ཡ་ལགས་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ནེའུ་ཛི་ལན་ཌའི་རྐང་སྤོལ་རྩེད་འགྲན་པ་ཌེམ་བྷི་རོན་ལགས་གསུམ་གཙོས། བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ལྟད་མོར་གཟིགས་མཁན་སེར་སྐྱ་མང་ཚོགས་བཅས་མི་གྲངས་སྟོང་ཕྲག་མང་པོ་འཛོམས་འདུག མཛད་སྒོའི་ཐོག་མར་དྷ་སྟེང་བོད་ཁྱིམ་རིག་རྩེད་རུ་ཁག་གིས་རྔ་རོལ་སྒྲ་དབྱངས་ཀྱིས་རུ་སྣེ་དྲངས་ཏེ། འགྲན་ཞུགས་རུ་ཁག་རྣམས་རྩེད་ཐང་དུ་འཛུལ་ཏེ་རུ་སྒྲིག་གནང་རྗེས། མི་མང་ཡོངས་རྫོགས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་རྒྱ་གར་གྱི་རྒྱལ་གླུ་བླངས་ཏེ་རྒྱལ་དར་གཉིས་སྔ་རྗེས་བསྒྲེངས་འཛུགས་དང་། བོད་ཀྱི་རང་དབང་བདེན་པའི་འཐབ་རྩོད་ཆེད་བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱིས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་མཚོན་ཆེད་དུས་ཡུན་སྐར་མ་གཅིག་རིང་ངག་བཅད་མྱ་ངན་དང་བདེན་ཚིག་སྨོན་ལམ་དབྱངས་ལ་གྱེར་རྗེས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་གྲུབ་ལགས་ཀྱིས་ཐེངས་འདིའི་རྐང་སྤོལ་རྩེད་འགྲན་དབུ་འཛུགས་ཀྱི་གསུང་བཤད་དང་། སྐུ་མགྲོན་གཙོ་བོ་བུ་ཆུང་བྷོ་ཊི་ཡ་དང་ཌེམ་བྷི་རོན་ལགས་གཉིས་ཀྱིས་ཀྱང་གཏམ་བཤད་གནང་སོང་།

ཐེངས་འདིའི་རྒྱལ་ཡུམ་རྗེས་དྲན་བུམ་པའི་རྐང་སྤོལ་རྩེད་འགྲན་གྱི་མཛད་སྒོའི་ཐོག བུ་ཆུང་བྷོ་ཊའི་ཡ་ལགས་ཀྱིས་དུས་རྒྱུན་བོད་དོན་ཐད་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ལེགས་གསོལ་མཚོན་ཆེད། བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔས་བོད་མི་ས་ཡ་དྲུག་གི་ཚབ་བྱས་ཏེ་ཁོང་ལ་སྟོན་པའི་ཞལ་ཐང་ཞིག་ལེགས་སྐྱེས་སུ་ཕུལ་ཡོད་པ་དང་། བུ་ཆུང་བྷོ་ཊའི་ཡ་ལགས་ཀྱིས་བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གི་རུ་དར་དང་སྒྲིག་ཆས་དབུ་འབྱེད་དང་།  ཁོང་གིས་མཛད་སྒོའི་གཏམ་བཤད་སྐབས་ཐེངས་འདིར་བོད་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་ཐོག་བཅར་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ལ།  དྷ་རམ་ས་ལ་ནི་༸གོང་ས་མཆོག་གི་བཞུགས་གནས་དང་ནང་པའི་བསྟི་གནས་རྩ་ཆེན་ཞིག་ཆགས་ཡོད་སྟབས། སྔ་མོ་ནས་ཁོང་དང་ཁོང་གི་ནང་མི་རྣམས་དྷ་སར་༸གོང་ས་མཆོག་ལ་མཇལ་ཁ་ཞུ་བར་བཅར་འདུན་ཡོད་སྐོར་བརྗོད་སོང་།   

ཉིན་རྒྱབ་ཆུ་ཚོད་ ༣ པའི་སྟེང་བུ་ཆུང་བྷོ་ཊའི་ཡ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གནང་ཡོད་ལ།  སྐབས་དེར་གསར་འགོད་པས་ཁོང་ཉིད་བོད་པར་དམིགས་བསལ་འབྲེལ་འདྲིས་ཆེ་བའི་རྒྱུ་མཚན་དྲིས་པར། ཁོང་གིས་ “གལ་སྲིད་ཁྱེད་རང་འབྲས་ལྗོངས་ནང་འཚར་ལོངས་བྱུང་མཁན་ཞིག་ཡིན་ཚེ། རྒྱུ་མཚན་དེ་མི་གཞན་ཞིག་གིས་འགྲེལ་བཤད་རྒྱག་མ་དགོས་པར་སོ་སོའི་ངོས་ནས་རང་བཞིན་གྱིས་ཚོར་ཐུབ་པ་ཞིག་རེད།” ཅེས་བརྗོད་དེ། འབྲས་ལྗོངས་དང་བོད་གཉིས་ནི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་ཀྱིས་མཚོན་པའི་ཕྱོགས་ཡོངས་ནས་འབྲེལ་བ་ཟབ་མོ་ཡོད་པ་དང་། ཁོང་རང་གི་སྤུན་མཆེད་དག་གི་གཉེན་ཉེ་མང་པོ་ཞིག་ཀྱང་བོད་པ་ཡིན་སྟབས། སོ་སོའི་ནང་མིའི་ངོས་ཐད་ནས་ཀྱང་བོད་པ་དང་འབྲེལ་བ་ཤུགས་ཆེན་པོ་ཆགས་ཀྱི་ཡོད་པ་བརྗོད་ཡོད་ལ། དེ་བཞིན། བོད་ནང་གི་ད་ལྟའི་གནས་སྟངས་དང་འབྲེལ་བའི་དྲི་བར་ལན་འདེབས་སྐབས། ཁོང་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མེད་པའི་དཀའ་ངལ་ཞིག་གི་འོག་སོ་སོའི་ངོས་ནས་འཐབ་རྩོད་བྱས་ཏེ། མི་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེ་ནི། ཧ་ཅང་གི་སེམས་པ་སྐྱོ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་ལ། གནས་ཚུལ་དེ་ཡིས་བོད་པའི་སྤྱི་ཚོགས་དང་རྒྱལ་སྤྱིའི་སྒང་ཤུགས་རྐྱེན་ཏན་ཏན་སླེབས་ཀྱི་ཡོད་མོད། མུ་མཐུད་འགྲོ་བཞིན་པའི་མེར་བསྲེགས་ལས་འགུལ་ཐད་ཁོ་རང་ངོས་ནས་སེམས་ཤུགས་སྤར་ཐབས་སོགས་གང་ཡང་ཞུ་ཡི་མེད་སྐོར་བརྗོད་ཡོད་པ་རེད།

དངོས་གཞིའི་རྐང་སྤོལ་རྩེད་འགྲན་དབུ་འཛུགས་མ་བྱས་པའི་སྔོན་ལ། རྩེད་ཐང་དབུ་འབྱེད་དུ་ས་གནས་ཀང་ར་རྫོང་གི་རྒྱ་གར་བུ་མོའི་རུ་ཁག་དང་། བོད་ཁྱིམ་མཉམ་འབྲེལ་བུ་མོའི་རུ་ཁག་གཉིས་ཀྱི་བར་དུས་ཡུན་སྐར་མ་ ༣༠ རིང་མཛའ་འབྲེལ་རྐང་སྤོལ་རྩེད་འགྲན་ཞིག་བྱས་ཏེ། བོད་ཁྱིམ་མཉམ་སྦྲེལ་བུ་མོའི་རུ་ཁག་གིས་ཕར་སྤོ་ལོ་ ༢ བླུགས་པ་དང་། ཀང་ར་བུ་མོའི་རུ་ཁག་ཚུར་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར་བོད་ཁྱིམ་མཉམ་སྦྲེལ་བུ་མོའི་རུ་ཁག་རྒྱལ་ཡོད་པ་རེད། ཕྱི་དྲོ་ཆུ་ཚོད་ ༢ དང་ཕྱེད་ཀའི་སྟེང་རྒྱལ་ཡུམ་ཆེན་མོ་རྗེས་དྲན་བུམ་པའི་རྐང་སྤོལ་རྩེད་འགྲན་ཐེངས་ ༡༨ ཐོག་མའི་རྩེད་འགྲན་དེ། ཀ་ལི་མན་ཊོན་དོན་འགྲུབ་གླིང་དང་སྦོག་ར་བཀྲ་ཤིས་འཕེལ་རྒྱས་གླིང་རུ་ཁག་གཉིས་པར་རྩེད་འགྲན་གནང་སྟེ། ཕྱོགས་གཉིས་ཀྱིས་ཕར་ཚུར་ལ་སྤོ་ལོ་ ༡ རེ་བླུགས་ཏེ་འདྲ་མཉམ་ཆགས་ཡོད། ཕྱི་དྲོ་ཆུ་ཚོད་ ༤ དང་ཕྱེད་ཀའི་སྟེང་། མོན་གྷོ་འདོད་དགུ་གླིང་དང་སྦེལ་ཀོབ་བདེ་སླར་རུ་ཁག་གཉིས་བར་རྩེད་འགྲན་གནང་སྟེ། མོན་གྷོ་འདོད་དགུ་གླིང་རུ་ཁག་གིས་སྤོ་ལོ་ ༡ བླུགས་ཤིང་།  བྷེལ་ཀོབ་བདེ་སླར་རུ་ཁག་གིས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར་མོན་གྷོ་འདོད་དགུ་གླིང་རུ་ཁག་རྒྱལ་ཡོད་པ་རེད།

ཐོག་མའི་རྩེད་འགྲན་སྐབས་སྡེ་ཚན་ ༦ དུ་ཁག་བགོས་ཀྱིས་ནང་ཁུལ་རེས་མོས་རྩེད་འགྲན་གནང་སྟེ། སྡེ་ཚན་སོ་སོའི་རྩེ་ཕུད་ ༦ དང་ལྷག་འཕྲོས་བརྒྱ་ཆ་མཐོ་ཤོས་ ༢ བཅས་རུ་ཁག་བརྒྱད་བདམས་རྒྱུ་ཡིན་པ་ལྟར། སྡེ་ཚན་ ༦ སོ་སོར་ཁག་བགོས་རུ་ཁག་དག་ནི། སྡེ་ཚན་༼ཀ༽ནང་། དོན་འགྲུབ་གླིང་ཀ་ལི་མན་ཊོན། སྦོག་ར་བཀྲ་ཤིས་འཕེལ་རྒྱས་གླིང་། མེའོ་ཆོས་འཕེལ་གླིང་རུ་ཁག་གསུམ་དང་། སྡེ་ཚན་༼ཁ༽ནང་།  ཝ་ར་ན་མཐོ་སློབ་རུ་ཁག  པུ་ནེ། བོད་ཁྱིམ་རུ་ཁག་གསུམ། སྡེ་ཚན་༼ག༽ནང་། ནོར་གླིང་། གྷོ་བ། ལྡི་ལི་མཉམ་འབྲེལ། སྡེ་ཚན་༼ང༽ནང་། ཤི་ལོང་གངས་ལྗོངས། ཅོན་དྷི་ར་མཉམ་འབྲེལ། ཅེ་ནེ་རུ་ཁག་གསུམ། སྡེ་ཚན་༼ཅ༽ནང་།  དྷ་ས། བལ་ཡུལ་འཕགས་ཞིང་། གྷོ་བ་ལེ་བྷར་ཌི་རུ་ཁག་གསུམ། སྡེ་ཚན་༼ཆ༽ ནང་། བདེ་སྐྱིད་གླིང་མོན་གྷོ་ཌི། བྷེལ་ཀོབ། ཨོ་རི་ས་ཕུན་ཚོགས་གླིང་། དྷ་ལ་ཧོ་སི་ཕུན་ཚོགས་གླིང་རུ་ཁག་བཞི་བཅས་ཡིན་པ་རེད།

འདི་ལོའི་རྩེད་འགྲན་གྱི་རྟིང་རྩོད་རྒྱལ་ཁ་ཐོག་མཁན་ལ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་ཧིན་སྒོར ༢༥༠༠༠ དང་། ཅེ་ནའེ་བོད་དོན་རྒྱབ་སྐྱོར་བ་ལྕམ་ཨ་ཞཱ་རེའ་ལགས་ཀྱིས་ཧིན་སྒོར་ ༥༠༠༠༠ བཅས་ཁྱོན་བསྡོམས་བྱ་དགའ་ཧིན་སྒོར་ ༧༥༠༠༠ འབུལ་རྒྱུ་ཡིན་པ་དང་།  ཨ་ཞཱ་རེའ་ལགས་ཀྱིས་ ༢༠༡༠ དང་ ༢༠༡༡ ལོ་གཉིས་ཀྱི་རྟིང་རྩོད་རྒྱལ་ཁ་ལེན་མཁན་ལའང་ཧིན་སྒོར་ ༥༠༠༠༠ རེ་བྱ་དགའི་སྦྱིན་བདག་གནང་ཡོད་པ་རེད། འདི་ལོའི་རྩེད་འགྲན་སྤྱིའི་འགྲོ་གྲོན་ཧིན་སྒོར་ ༡༡༠༠༠༠༠ དང་ཡོང་འབབ་ཧིན་སྒོར་ ༥༠༠༠༠༠ ལས་མེད་སྟབས། དགའ་ལྡན་ཕོ་བྲང་གིས་ཧིན་སྒོར་ ༥ ༣༢༨༩༢ གསོལ་རས་བསྩལ་ཡོད་འདུག   ཐེངས་འདིའི་རྩེད་འགྲན་ལྟད་མོ་བའི་འཛིན་བྱང་ལ་ཚད་གཞི་མི་འདྲ་བ་རིགས་གསུམ་ཡོད་པ་དང་། དམིགས་བསལ་རྐུབ་སྟེགས་ཡོད་པའི་འཛིན་བྱང་ལ་ཧིན་སྒོར་ ༢༠༠༠ དང་། འགྲན་ཐེངས་ཡོངས་རྫོགས་སྡེབས་འཚོང་འཛིན་བྱང་ལ་ཧིན་སྒོར་ ༣༠༠ ། ཉིན་རེའི་འགྲན་ཐེངས་འཛིན་བྱང་ལ་ཧིན་སྒོར་ ༥༠ བཅས་ཡིན་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 9

  1. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    རྒྱལ་ཡུམ་ཆེ་མོའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་གནང་བར་འཚམས་འདྲི་ཞུ། རྒྱལ་ཁབ་ཞིག་དང་ཡུལ་ལུང་ཞིག་འཛམ་གླིང་སྟེང་འཚོ་གནས་ཐུབ་པ་དགོས་ན་ཕྱོགས་གང་ས་ནས་རྒྱལ་ཁབ་གཞན་དང་མཐུན་པར་རྐང་རྩེད་རུ་ཁག་སོགས་དགོས་ཤིང་། དེ་ཡང་སྒྲིག་གཞི་སྒྲིག་འཛུགས་ཁ་གསལ་སྤྱོད་བདེ་དང་ལྡན་པ་དང་དེ་ཡང་མཛའ་གྲོགས་ཨང་དང་པོ་དང་། འགྲན་བསྡུར་ཨང་གཉིས་པའི་ལག་ལེན་མེད་ན་ལོ་ལྟར་རྩེད་འགྲན་པ་དང་ལྟད་མོ་བའི་ཁྲོད་ནས་ཚུལ་མིན་གྱི་རྙོག་དྲྭ་ཡོང་གི་ཡོད་པས་དེ་ནི་མ་འོངས་པའི་གཞོན་སྐྱེས་ཚོར་བཞག་པའི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པས་ལས་ཀྱི་སྣེ་མོ་བས་དགོངས་པ་ངེས་པར་དུ་བཞེས་དགོས།།

    Reply
  2. བུ་ཡུག says:
    ལོ་ 14 སྔོན།

    གཞིས་ལུས་བོད་མི་རྣམས་རེ་རེ་བཞིན་མེ་ལྕེ་ཁྲོད་ནས་ཡལ་བཞིན་པའི་ཧ་ཅང་གི་ཛ་དྲག་གི་དུས་སྐབས་འདིར། བཙན་བྱོལ་དུ་གནས་པའི་སྤུན་ཟླ་རྣམ་རྩེད་མོ་སྣ་ཚོགས་ལ་མགོ་འཁོར་ནས་ཧ་ཧ་དང་དགོད་སྒྲའི་ཁྲོད་ནང་ཁུལ་ཕྱོགས་ཞེན་གྱིས་འཐེན་འཁྱེར་ལ་རོལ་བཞིན་པ་འདི་ནི། ཧ་ཅང་གི་སྐྱོ་བའི་གནས་ཞིག་མ་ཡིན་ནམ། སྤུན་ཟླ་དག་བསམ་བློ་ཐོངས་དང་ང་ཚོ་ད་དུང་འདི་ལྟར་བསྡད་ན་བཙན་བྱོལ་དུ་འོང་བ་ལ་དགེ་བ་མཆིས་སམ། འདི་ནི་རྒྱལ་ཞེན་པ་ཞིག་གི་སེམས་ནས་བརྡོལ་བའི་སྙིང་གཏམ་ཡིན། བོད་རྒྱལ་ལོ།

    Reply
  3. ཐོ་རེངས། says:
    ལོ་ 14 སྔོན།

    རྡུལ་སྐྱ་དེས་མིག་ནད་གསར་བར་ཞིག་མ་བཟོས་ན་ཡག་པོ་འདུག
    ངོས་གནས་རྒྱ་གར་ལ་སྐྱབས་བཅོལ་བ་ཞིག་གི་ཉམས་འདུག །

    Reply
  4. རེབ་ཐོག་མདའ says:
    ལོ་ 14 སྔོན།

    ཡག་པོ་རེད།
    ཡིན་ཡང་སྦི་རི་གཞིས་ཆགས་གམ་ཅོང་རྡི་ར་གཞིས་ཆགས་མཉམ་རུབ་གི་རུ་ཁག་ལྟ་བུ་ཞིག་ཡིན་ན་དེ་དོན་སྙིང་མི་འདུག།
    གང་ཡིན་ཟེར་ན་ལོ་དག་པར་རྙོག་དྲ་ཡོད་ཡོད་རེད། དཔེར་ན་དེ་རིང་འགྲན་བསྡུར་མཐའ་མའི་འགྲན་བསྡུར་མཇུག་བསྡུ་ལ་ཉེས་དུས་ཅོང་རྡ་རའི་རུ་ཁག་གི་རྙོག་དྲ་བཟོ་བ་ལྟ་བུ་རེད། མ་ཟད་དེ་རིང་ཅོང་རྡ་ར་རུ་ཁག་གི་ནང་དུ་ཡོད་པའི་ཕོ་ཞིག་གི་རྣམ་འགྱུར་དངོས་གནས་ཡག་པོ་མི་འདུག་འགྲན་བསྡུར་གི་མགོ་སྔ་མེད་ལ་རྙོག་དྲའི་རྣམ་པའི་ངང་ནས་བསྡད་འདུག།
    མ་ཟད་མཐའ་མ་དེ་རྙོག་དྲ་ཛ་དྲག་པོ་མ་བྱུང་ཡང་ཁོང་ཚོ་ལྟ་བུ་རུ་ཁག་མ་འོངས་བར་འདི་འདྲའི་རྩེ་མོ་ནང་དུ་མེད་པར་བཟོས་ན་མ་གཏོགས་ཡོངས་ས་མ་རེད

    Reply
  5. འཁྲུངས་སྐར། says:
    ལོ་ 14 སྔོན།

    ད་དངོས་གནས་ཡིན་ལས་གཞི་འདི་ནི་གཞུང་དམངས་གཉིས་ལ་འབྲེལ་བ་ཡོད་དུས་དཔལ་འབྱོར་ཐད་ལ་ཐབས་ཤེས་ཡག་ཤོས་ནི་བླ་མ་ཞིག་ལ་སྐྱབས་བཅོལ་ཡག་དེ་ཡིན

    Reply
  6. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 14 སྔོན།

    རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་རྟགས་མའི་འགྲན་བསྡུར་གྱི་ཉི་མ་རེ་རེའི་མཛད་རིམ་དང་གྲུབ་འབྲས་སྙིང་བསྡུས་འདིར་གཟིགས་གནང་ན་འགྲིགས།
    http://www.tibetansports.org/

    Reply
  7. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    སྙིང་རྗེ་འུ་ཚང་སྐྱོ་དྲགས་པས་རེད་མ་གཏོགས་ཐད་ཀར་དྲ་ལམ་ནས་བལྟ་ཐུབ་ཀི་རེད་་་་ཡིན་ནའང་འུ་ཚང་ལ་ཐད་ཀར་མ་ཟད་སྤྱིར་བཏང་དྲ་བའི་ཐོག་ནས་ཐག་རིང་གི་སྤུན་ཟླ་ཚོར་བསྟན་ཐུབ་ཀྱི་ཡོད་པ་མ་རེད་་་་་གཞུང་སྒེར་སུ་ཡིན་ཡང་འདིའི་ཕྱོགས་ལ་ཐབས་ཤེས་རེ་གནང་ན་ཡག་པོ་ཡོད་པ་རེད་་་་

    Reply
  8. ཤུལ་ལུང་རྡོ་རྗེ། says:
    ལོ་ 14 སྔོན།

    སྤྲོ་སྣང་འཕེལ་བའི་འདྲ་པར་ཡང་མངས་ཙམ་དུས་ཐོག་ཏུ་སྤེལ་རོགས།

    Reply
  9. ར་ས་ཕོ་ཉ། says:
    ལོ་ 14 སྔོན།

    རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་གྱི་ཉིན་རེའི་གནས་ཚུལ་དུས་ཐོག་འགོད་རོགས། འདི་གའི་གྲྭ་བཙུན་དང་གཞིས་མི་ཚོས་ར ་ཐུགས་གནང་འདུག་པས་དེ་ལས་གཞོན་སྐྱེས་མང་པོར་བོད་ཡིག་ལའང་དོ་སྣང་སྐྲུན་གྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese