མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲན་རྩོམ་བྱ་དགའ་གནང་།

བོད་ཀྱི་དུས་བབ།
༢༠༡༢/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་སྔ་དྲོ
ར་བཞུགས་སྒར་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། སློབ་མའི་ཚགས་པར་གྱི་རྩོམ་སྒྲིག་པས་གོ་སྒྲིག་གནང་བའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་སྟབས་བདེ་ཞིག་ཚོགས་སོང་། སྐུ་མགྲོན་གཙོ་བོར་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཕེབས་འདུག་ལ། གཞན་དགེ་འདུན་ཆོས་འཕེལ་བསམ་བློའི་དཔྱད་རྩོམ་འགྲན་བསྡུར་གྱི་དཔྱད་འདེམས་པ་རྩོམ་པ་པོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་དང་། དོན་འགྲུབ་རྒྱལ་གྱི་རང་མོས་སྙན་ངག་འགྲན་བསྡུར་གྱི་དཔྱད་འདེམས་པ་བུད་མེད་རྩོམ་པ་པོ་གཟུངས་ཕྱུག་སྐྱིད་ལགས་དང་སློབ་མ་སྐོར་ཞིག་བཅས་ཕེབས་འདུག ཚོགས་འདུའི་སྟེང་སུ་ཇཱ་བོད་ཁྱིམ་གྱི་འཛིན་རིམ་ ༡༡ པའི་སློབ་མ་ཤ་བོ་མཆོད་རྟེན་ལགས་སུ་དགེ་འདུན་ཆོས་འཕེལ་བསམ་བློའི་དཔྱད་རྩོམ་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་སྟེ་གཟེངས་རྟགས་དང་མཉམ་དུ་ཧིན་སྒོར་ ༣༠༠༠ ཕུལ་སོང་ལ།  དོན་འགྲུབ་རྒྱལ་གྱི་རང་མོས་སྙན་ངག་འགྲན་བསྡུར་ཁྲོད་ཀྱི་ཨང་དང་པོ་ཐོབ་མཁན་གྷོ་པ་པུར་བོད་ཁྱིམ་གྱི་འཛིན་རིམ་བཅུ་གཅིག་པའི་སློབ་མ་སེང་གདོང་སྐྱབས་ལ་གཟེངས་རྟགས་དང་མཉམ་དུ་ཧིན་སྒོར་ ༣༠༠༠ བཅས་ཀྱི་བྱ་དགའ་སྤྲད་སོང་།   

སྐབས་དེར་སྐུ་མགྲོན་གཙོ་བོ་ས་རཱ་མཐོ་སློབ་ཀྱི་སློབ་སྦྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས། ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་མཁན་གྱི་སློབ་མ་གཉིས་ལ་བྱ་དགའ་གནང་བ་དང་འབྲེལ། བོད་མི་རིགས་ཀྱི་རིག་གཞུང་དང་གཞོན་སྐྱེས་ཚོའི་བསམ་བློའི་གོ་རྟོགས་སྤེལ་ཆེད་དང་གཞི་རིམ་སློབ་གྲྭའི་སློབ་མའི་སྐད་ཡིག་གི་གནས་ཚད་ཡར་རྒྱས་ཆེད་ཚགས་པར་འདོན་སྤེལ་བྱས་པར་བསྔགས་བརྗོད་དང་། ཐོག་མར་གསར་འཛུགས་གནང་མཁན་ཚོས་དམིགས་ཡུལ་བཟང་པོ་ཞིག་གི་ཐོག་འབད་བརྩོན་གནང་བ་ལྟར། མ་འོངས་སློབ་གྲྭ་ཐོན་པའི་རྗེས་སུའང་ཐོག་མའི་དམིགས་ཡུལ་ལྟར་འགྲོ་ཐུབ་པའི་ཐད་ནས་གསར་བ་རྣམས་ལ་ལམ་སྟོན་གནང་དགོས་པའི་རེ་སྐུལ་བཅས་གནང་སོང་།

ཁོང་གིས་གསུངས་དོན“ བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་བཞིན་པ་དེ་བོད་ལོགས་སུ་འཚོ་གནས་བྱེད་དགོས་ཀྱི་འདུག་ཅེས་རྗོད་ཀྱི་ཡོད་པ་རེད། དེའི་དགོས་པ་རྒྱུ་མཚན་གང་ཡིན་ཞེ་ན། བོད་མི་རིགས་འདིར་འཛམ་གླིང་རྒྱལ་ཁབ་གཞན་དང་མི་མཐུན་པའི་རིག་གཞུང་གང་ཡོད་པ་དེ་མི་རིགས་རང་གི་སྐད་ཡིག་ཐོག་ཡོད་པ་དང་། རྒྱ་ནག་གཞུང་གིས་བཙན་གནོན་འོག་བོད་སྐད་ཡིག་རིག་གཞུང་དང་བཅས་པ་གཏོར་བཤིག་གཏོང་གི་ཡོད་སྟབས། གལ་སྲིད། ང་ཚོས་སྐད་ཡིག་སྲུང་སྐྱོབ་མ་བྱས་པ་ཡིན་ན། ད་ལྟའི་དུས་ཙམ་མིན་པར་མ་འོངས་པར་འཛམ་གླིང་འདིའི་སྒང་གི་རིག་གཞུང་རྩ་ཆེན་ཞིག་མེད་བརླག་ཏུ་འགྲོ་ཉེན་ཡོད། མི་རབས་རྗེས་མ་དག་ལ་བརྒྱུད་སྤྲོད་ཀྱིས་སྐད་ཡིག་རྒྱུན་འཛིན་ཡུན་གནས་ཐུབ་པ་བྱ་ཆེད། སྐད་ཡིག་སྲུང་སྐྱོབ་ཡར་རྒྱས་གཏོང་དགོས་པ་ཆགས་ཡོད། མི་རིགས་ཤིག་རང་དབང་ཐོག་སྐད་ཡིག་སྲུང་སྐྱོབ་བྱེད་པ་ལས་ཁོར་ཡུག་ཅིག་ངེས་པར་དུ་བསྐྲུན་དགོས་སྟབས།  མ་འོངས་པར་བོད་མི་རེ་ངོ་རེས་འགན་འཁུར་དགོས་པ་དང་ལྷག་པར་དུ་མི་རབས་གསར་པ་རྣམས་ཀྱི་རང་གི་རིག་གཞུང་ལ་འབད་པ་བྱས་ཏེ་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ལ་རང་ནུས་ཡོད་དགུ་འདོན་དགོས་པ་རེད”ཅེས་བརྗོད་བྱུང་།

སློབ་མའི་ཚགས་པར་གྱི་ཐེངས་དང་པོའི་རྩོམ་ཡིག་འགྲན་བསྡུར་དེ་ནི། ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༤ བའི་ཚེས་ ༡༥ ཉིན་མགོ་འཛུགས་ཀྱིས་ཕྱི་ཟླ་ ༥ བའི་ཚེས་ ༡༥ བར་སུ་ཇཱ་བོད་ཁྱིམ་དང་ས་རཱ་མཐོ་སློབ། ནོར་གླིང་མཐོ་སློབ། ཤེས་རབ་དགའ་ཚལ་སློབ་གླིང་། ངྷ་སྟེང་བོད་ཁྱིམ། ངྷ་ཤོད་བོད་ཁྱིམ། གྷོ་པ་པུར། ཅོང་ངྷི་ར་བོད་ཁྱིམ། བྷེལ་ཀོལ་བོད་ཁྱིམ། སེ་ལ་ཀོལ་བཅས་སློབ་གྲྭ་ ༡༠ ལྷག་གི་རྩོམ་ཡིག་ ༥༠ ཙམ་འབྱོར་ཡོད་འདུག

གསར་འགོད་པས་དགེ་འདུན་ཆོས་འཕེལ་བསམ་བློའི་དཔྱད་རྩོམ་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་སློབ་མ་ཤ་བོ་མཆོད་རྟེན་ལགས་སུ་བཅར་འདྲི་ཞུས་པར “ ངས་ནམ་རྒྱུན་བོད་ཡིག་དང་དབྱིན་ཡིག་གི་དཔྱད་རྩོམ་དང་། བོད་ནང་གི་དཔེ་ཚོགས་ཁག་དང་དུས་དེབ་རིགས་མང་པོ་ཀློག་གི་ཡོད། སློབ་སྦྱོང་གི་ཞོར་དུ་སློབ་གྲྭའི་དུས་དེབ་ཀྱི་རྩོམ་སྒྲིག་པར་བསྡད་དེ་རྩོམ་ཡིག་མང་པོ་བྲིས་མྱོང་ཡོད་ལ་བྱ་དགའ་ཁ་ཤས་ཀྱང་ཐོབ་མྱོང་ཡོད། ད་ཐེངས་ཕྱི་ལོགས་ཀྱི་རྩོམ་ཡིག་འགྲན་བསྡུར་ནང་བྱ་དགའ་ཐོབ་པས་དགའ་བོ་བྱུང་སོང” ཞེས་བརྗོད་བྱུང་།

ཡང་དོན་འགྲུབ་རྒྱལ་གྱི་རང་མོས་སྙན་ངག་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་སློབ་མ་སེང་གདོང་སྐྱབས་ལགས་སུ་བཅར་འདྲི་ཞུས་པར“ ང་རང་ལ་མཚོན་ན་དམིགས་བསལ་རྩོམ་ཡིག་གི་གོ་རྟོགས་ཡོད་མཁན་ཞིག་མིན་ཡང་། ནམ་རྒྱུན་སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་རྩོམ་ཡིག་འབྲི་བཞིན་ཡོད་ལ་བྱ་དགའ་ཡང་རེ་ཟུང་ཐོབ་མྱོང་ཡོད། ༢༠༠༨ ལོ་ནས་བཟུང་ལོ་ལྟར་ཤེས་རིག་ལས་ཁུངས་ཀྱི་རྩོམ་ཡིག་འགྲན་བསྡུར་ཁྲོད་བྱ་དགའ་བླངས་མྱོང་ཡོད་། ང་རང་ཆུང་དུས་ངའི་ཕ་རྒན་གྱི་བོད་ནང་གི་༼སྦྲང་ཆར་༽ དུས་དེབ་དང་༼ གེ་སར་སྒྲུང་༽སོགས་ཉོས་ཏེ་ང་ལ་མཐུན་རྐྱེན་སྐྲུན་གྱི་ཡོད། བྱུང་ན་ང་རང་གིས་མ་འོངས་པར་དེ་སྔ་བྲིས་པའི་རྩོམ་ཡིག་ཁག་ཕྱོགས་བསྒྲིགས་བྱས་ཏེ་དེབ་ཆུང་ཞིག་འདོན་དགོས་བསམ་ཡོད” ཅེས་བརྗོད་བྱུང་།

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese