མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུ་ཇཱ་བོད་ཁྱིམ་སློབ་མའི་གདུང་སེམས་མཉམ་སྐྱེད་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཕུར་བའི་ཉིན་བཞུགས་སྒར་ཐེན་ཆེན་གཙུག་ལག་ཁང་གི་སྒོ་འགྲམ་དུ། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ ༡༦༠ ཙམ་གྱིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཏེ། གཞིས་བཞུགས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་གནང་སོང་།

ཕྱི་ཟླ་ ༥ ཚེས་ ༣༡ ཉིན་གྱི་ཞོགས་པར་བཞུགས་སྒར་དྷ་སའི་ཐེག་ཆེན་གཙུག་ལག་ཁང་གི་སྒོ་འགྲམ་དུ། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ ༡༦༠ ཙམ་གྱིས་སློབ་མའི་རང་རྟོགས་ཞེས་པའི་ལས་འགུལ་ཞིག་སྤེལ་ཏེ། ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་གནང་ཡོད་པ་དང་། ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཆུང་ཤོས་ལོ་ ༡༣ དང་ཆེ་ཤོས་ལོ་ ༢༢ ཡིན་འདུག ལས་འགུལ་སྐབས་བོད་ནང་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་མཚོན་ཆེད། སློབ་ཕྲུག་ ༤༠ ལྷག་གིས་སྐྲ་བཞར་ཏེ་མགོ་རིལ་བཟོས་ཡོད་པ་མ་ཟད། བཙན་གནོན་དབང་སྒྱུར་འོག་གི་བོད་མིའི་དཀའ་སྡུག་དང་ན་ཟུག་རྣམས་སྙན་ངག་གི་ལམ་ནས་གྱེར་འདོན་དང་། རྒྱ་གཞུང་གིས་བོད་མི་ཚོར་བཙོན་འཇུག་མནར་གཅོད་གཏོང་བཞིན་བའི་སྣང་བརྙན་འཁྲབ་སྟོན། དེ་བཞིན།  ལས་འགུལ་དང་སྟབས་བསྟུན་༼སློབ་མའི་རང་རྟོགས༽ཞེས་པའི་ཚགས་པར་ཞིག་འགྲེམས་སྤེལ་བྱས་ཏེ།  རྩོམ་ཡིག་གི་ལམ་ནས་བོད་ནང་གི་ཛ་དྲག་གནས་སྟངས་གསལ་འདོན་དང་གཞིས་བཞུགས་བོད་མིར་གདུང་སེམས་མཉམ་སྐྱེད་གནང་ཡོད་པ་རེད།

སུ་ཇཱ་བོད་ཁྱིམ་སློབ་མའི་ལས་འགུལ་དེ་ནི། འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ཀྱིས་གོ་སྒྲིག་སྣེ་ཁྲིད་གནང་བ་ཞིག་ཡིན་པ་དང་། འདས་པའི་ཕྱི་ཟླ་ ༤ བའི་ནང་དུའང་འཛིན་རིམ་བཅུ་བའི་སློབ་ཕྲུག་ཚོས་གོ་སྒྲིག་འོག བོད་ནང་གི་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་སྐྱེད་མཚོན་ཆེད། སློབ་གྲྭའི་ནང་སློབ་ཕྲུག་བུ་རྣམས་ཀྱིས་སྐྲ་བཞར་ཏེ་མགོ་རིལ་བཟོ་བའི་ལས་འགུལ་ཞིག་སྤེལ་ཡོད་པ་མ་ཟད། ཉེ་ཆར་ལྡི་ལིར་ཟས་བཅད་ངོ་རྒོལ་གྱི་ལས་འཆར་ཞིག་སྒྲིག་ཡོད་ཀྱང་། གནམ་གཤིས་དང་མཐུན་རྐྱེན་དཀའ་ངལ་གྱི་རྐྱེན་པས་བསྐྱོད་མ་ཐུབ་པར་བརྟེན། ཉིན་བཅུའི་དབྱར་ཁའི་གུང་གསེང་གི་དུས་ཡུན་སྤྱད་དེ་སློབ་ཕྲུག་རང་ངོས་ནས་རང་རྟོགས་ལས་འགུལ་འདི་སྤེལ་བ་ཞིག་ཡིན་འདུག 

འབྲེལ་ཡོད་སློབ་ཕྲུག་ཅིག་གིས་ཐེངས་འདིའི་ལས་འགུལ་སྐོར་ངོ་སྤྲོད་གནང་དོན། “བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོས་རང་ལུས་མེ་ལ་སྒྲོན་ཏེ་བོད་དོན་བདེན་པའི་འཐབ་རྩོད་གནང་བཞིན་པར་མ་ཟད། བོད་ནང་གི་ཤེས་ལྡན་པ་དང་དགེ་རྒན། སློབ་ཕྲུག་ཚོས་ཀྱང་བོད་པའི་སྐད་ཡིག་རིག་གནས་ཀྱི་བདག་དབང་རྩོད་ལེན་གནང་བཞིན་ཡོད་སྟབས། ང་ཚོ་སློབ་ཕྲུག་ཚོའི་ངོས་ནས་ཁོང་ཚོའི་རླབས་ཆེན་གྱི་ལས་འགུལ་དག་ལ་རྒྱབ་སྐྱོར་དང་། ང་ཚོའི་སེམས་པ་ནམ་ཡང་ཁོང་ཚོ་དང་མཉམ་དུ་ཡོད་པ་གསལ་སྟོན་བྱ་ཆེད་ལས་འགུལ་འདི་སྤེལ་བ་ཡིན། ” ཅེས་བརྗོད་དེ། ཕྱི་ཟླ་ ༥ ཚེས་ ༣༡ ཉིན་གྱི་ཞོགས་པ་ནས་མགོ་བཙུགས་ཏེ་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་དང་། ཕྱི་ཟླ་ ༦ ཚེས་ ༢ ཉིན་བཞུགས་སྒར་ཉེ་འཁྲིས་བོད་ཀྱི་འགྲེམས་སྟོན་ཁང་དུ་སློབ་ཕྲུག་རྣམས་ཀྱིས་བྲིས་པའི་བོད་དོན་དང་འབྲེལ་བའི་རི་མོ་འགྲེམས་སྟོན། ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོ་མོག་གྷན་སྲང་བར་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་རྗེས། སློབ་ཕྲུག་རྣམས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདུ་འཛོམས་ཐོག་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་གསོག་སྒྲུབ་ཀྱིས་མཚན་འཕུད་གནང་རྒྱུ་ཡིན་འདུག 

སུ་ཇཱ་བོད་ཁྱིམ་སློབ་གྲྭའི་རང་རྟོགས་ལས་འགུལ་ཁྲོད། སྔ་རྗེས་ཐེངས་གཉིས་ལ་སྐྲ་བཞར་ཏེ་མགོ་རིལ་བཟོས་ཡོད་པའི་འཛིན་རིམ་བཅུ་བའི་སློབ་མ་ལྷ་མོ་ལགས་སུ་བཅར་འདྲི་བྱས་པར། ཁོ་མོས་ “ང་ཚོའི་ཕ་ཡུལ་ལ་མཚོན་ན། བུ་མོ་ཚོས་སོ་སོའི་ཁྱོ་ག་གྲོངས་པ་སོགས་ཐབས་ཟད་ཨུ་ཐུག་གི་གནས་སྟངས་ལ་གྱར་སྐབས། མྱ་ངན་མཚོན་ཆེད་སྐྲ་བཞར་ཏེ་མགོ་རིལ་བཟོ་ཡི་ཡོད་པ་རེད། ང་རང་གིས་མགོ་རིལ་བཟོ་དགོས་དོན་ནི། བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་པའི་རྩ་དོན་ཆེད། སོ་སོའི་རྩ་ཆེའི་རིན་ཆེན་སྲོག་ཀྱང་བློས་གཏོང་གནང་བཞིན་ཡོད་སྟབས། རང་ཉིད་ཀྱང་བོད་པ་ཞིག་ཡིན་པའི་ཆ་ནས་སེམས་ཀྱིས་མ་བཟོད་པར་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། སོ་སོའི་སྐྲ་བཞར་ཏེ་ཁོང་རྣམ་པའི་མཛད་རྗེས་ལ་རྒྱབ་སྐྱོར་དང་། སྐུ་སྲོག་ཤོར་མཁན་རྣམས་ལ་མྱ་ངན་མཚོན་ཆེད་ཡིན།” ཞེས་བརྗོད་སོང་།

ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་༼སློབ་མའི་རང་རྟོགས༽ཚགས་པར་སྟེང་། སུ་ཇཱ་སློབ་གྲྭའི་འཛིན་གྲྭ་སོ་སོ་དང་སློབ་ཕྲུག་མི་སྒེར་བཅས་ཀྱིས་བཅད་ལྷུག་སྤེལ་གསུམ་གྱི་སྒོ་ནས་གདུང་སེམས་མཉམ་སྐྱེད་ཀྱི་རྩོམ་ཡིག་ ༢༠ ལྷག་འགྲེམས་སྤེལ་བྱས་ཡོད་པ་དང་། འཛིན་རིམ་བརྒྱད་པའི་སློབ་མ་ཡོངས་ཀྱིས་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ། ༼གྱད་མི་དཔའ་བོ༽ཞེས་པའི་སྙན་རྩོམ་ཞིག་ཕུལ་ཡོད་པའི་ནང་། མེས་པོ་བཙན་པོའི་དཔའ་སྙིང་བྲང་ནས་བརྡར།། རིགས་ཞེན་ལ་རྒྱའི་དཔུང་རྡང་བོད་ནས་མཆེད།། མི་རིགས་ཤིག་གི་ཆགས་འཇིག་ཞེ་འཁོན་དེས།། རིགས་ཀྱི་འདུ་ཤེས་དམར་པོ་མེ་ལ་བསྟིམས།། སྙིང་སྟོབས་མེ་རླབས་གངས་རིའི་ཞིང་ནས་འཕྱུར།། བདེན་དོན་གླུ་སྒྲ་འཛམ་གླིང་ཧྲིལ་བོར་ཁྱབ།། ཚེ་སྲོག་མཆོད་མེར་ཕུལ་བའི་གྱད་མི་ཚོར།། བསྔགས་བརྗོད་མྱ་ངན་སྟོང་གི་རྗེས་དྲན་ཞུ།། ཞེས་བཀོད་འདུག 

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༡༢ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

མཆན། 3

  1. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    ང་ཚོ་བོད་ཁ་བ་གངས་ཅན་པ་རྣམས་ཀྱི་ལས་དབང་ལ་ལྷ་སྡེ་མི་སྡེ་ཀུན་གྱིས་དོན་དམ་པའི་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་ཀྱི་མི་འདུག ཞི་བདེ་དང་དྲང་བདེན། ད་དུང་འགྲོ་བ་མིའི་ཐོབ་ཐང་ཞེས་པ་ཁ་ཙམ་ཚིག་ཙམ་རེད།།

    Reply
  2. བསང་ཆུ་འབྲུག་བྷེ། says:
    ལོ་ 14 སྔོན།

    མ་ཡུམ་སློབ་གྲྭའི་གཅེས་ཕྲུག་ཚོས་དུས་ལ་བབ་པའི་ལས་འགུལ་ཞིག་སྤེལ་བར་རྗེས་སུ་ཡི་རངས་ཞུ།

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ་་་་སློབ་ཕྲུག་ཚོ་་་་་བོད་མི་རིགས་ལ་དུང་བ་ཟབ་ན་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རོགས་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese