མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་ཕ་ནོར་ཕྱིར་རྩིས་སྤྲོད་གནང་ཐུབ་པ་དེར་དམིཊ་བསལ་ཚོར་བ་བྱུང་།

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་
༧གོང་ས་མཆོག་གིས་ཐེག་ཆེན་གཙུག་ལག་ཁང་དུ། རྒྱ་གར་ས་གནས་འདྲ་མིན་ནས་བཅར་བའི་ཆོས་ཞུ་བ་ ༡༡༠༠ གཙོས་ཁྱོན་མི་ ༦༠༠༠ བརྒལ་བར། སློབ་དཔོན་ཀཱ་མཱ་ལཱ་ཤིས་མཛད་པའི་༼སྒོམ་རིམ་བར་མ་༽བཀའ་ཁྲིད་གནང་མགོ་བཙུགས་ཡོད།

རྒྱ་གར་ནང་པའི་དད་ལྡན་པ་ཁག་ཅིག་གིས་རེ་སྐུལ་ཞུས་དོན་ལྟར། དེ་རིང་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། ༸གོང་ས་མཆོག་གིས་བཞུཊ་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་མི་རིགས་ཁག་དང་། རྒྱ་གར་གྲོང་ཁྱེར་དང་ས་གནས་འདྲ་མིན་ནས་བཅར་བའི་ཆོས་ཞུ་བ་ ༡༡༠༠ གཙོས་པའི་ངྷ་སའི་བོད་རིཊ་སེར་སྐྱ་མང་ཚོཊ་དང་། ཕྱི་རྒྱལ་ཆོས་ཞུ་བ་བཅས་ཁྱོན་མི་ ༦༠༠༠ བརྒལ་བར། དུས་ཡུན་ཉིན་གསུམ་རིང་རྒྱ་གར་མཁས་པ་ཀཱ་མཱ་ལཱ་ཤིས་མཛད་པའི་༼ སྒོམ་རིམ་བར་མ ༽བཀའ་ཁྲིད་གནང་མགོ་བཙུགས་ཡོད།

གསུང་ཆོས་མགོ་འཛུགས་མ་གནང་གོང་། ༸གོང་ས་མཆོག་གིས་རྒྱ་གར་གྲོང་ཁྱེར་དང་ས་གནས་འདྲ་མིན་ནས་བཅར་བའི་ཆོས་ཞུ་བ་ཚོར། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་མགོན་པོ་ཀླུ་སྒྲུབ་རྣམ་གཉིས་གཙོས་སྐྱེས་ཆེན་དམ་པ་མང་པོ་ཞིག་གི་འཁྲུངས་ཡུལ་རྒྱ་གར་ཆགས་ཡོད་སྐོར་དང་། བོད་ཀྱི་ནང་ཆོས་རྒྱ་གར་ནས་ཐད་ཀར་བོད་ལ་དར་བ་ཡིན་ཚུལ། འདས་པའི་ལོ་ངོ་སྟོང་ཕྲག་གི་རིང་བོད་པ་ཚོས་དཔལ་ནཱ་ལེན་ཌ་ནས་བརྒྱུད་པའི་ནང་པའི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་གནང་སྟེ། ནང་བསྟན་རྒྱུན་འཛིན་དང་དར་སྤེལ་གང་ལེགས་གནང་ཐུབ་ཡོད་སྐོར་གསུངས་སོང་།

ཁོང་གིས་གསུངས་དོན “ནང་ཆོས་གང་ལས་བྱུང་སའི་ཡུལ་མི་ཚོས་དུས་རབས་ཉེར་གཅིག་པའི་ནང་། སངས་རྒྱས་པའི་ཆོས་ལ་དོ་སྣང་བྱས་ཏེ་འདིར་ཕེབས་པར་དམིགས་བསལ་འཚམས་འདྲི་ཡོད། ངས་ནམ་རྒྱུན་ནང་ཆོས་འགྲེལ་བཤད་རྒྱག་སྐབས། རྒྱ་རིགས་ཆོས་གྲོགས་ཚོ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་རེད་ཟེར་ནས་གུས་འདུད་ཞུ་ཡི་ཡོད། རྒྱ་གར་འཕཊ་ཡུལ་ནི་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ་དང་། སངས་རྒྱས་ཆོས་ཀྱི་འབྱུང་ཁུངས་ཆགས་ཡོད་སྟབས། འཕགས་ཡུལ་གྱི་མི་རྣམས་ང་ཚོའི་གུ་རུ་རྗེ་ (GURU JI ) ༼དགེ་རྒན༽ཆགས་ཡོད་པ་རེད་ ” ཅེས་གསུངས་སོང་།

༸གོང་ས་མཆོག་གིས་མུ་མཐུད་རྒྱ་གར་དུ་ནང་པའི་ཆོས་ལུཊ་ཉམས་ཆག་ཕྱིན་པའི་གནས་སྟངས་ངོ་སྤྲོད་དང་འབྲེལ། “དེ་སྔོན་ང་རང་གིས་སཱ་རཱ་ཎཱ་ཐི་ལ་རྒྱ་གར་ཆོས་གྲོགས་ཨོ་ཝ་དེ་ཝ་ལགས་དང་ཁུ་རུ་ཤི་ན། ཌེ་པཱ་ཊིན་ལགས་སོགས་མི་བཞི་ལ་གསང་བ་འདུས་པའི་དབང་བསྐུར་བ་རེད། ཁོང་རྣམ་པ་ང་ཚོའི་དགེ་རྒན་གྱི་ལུང་པའི་མི་ཞིག་ཆགས་ཡོད་སྟབས། མི་མང་ཉུང་ལ་མ་ལྟོས་པར་དམིཊ་བསལ་རྡུལ་མཚོན་དཀྱིལ་འཁོར་བཞེངས་ཏེ་གསང་པ་འདུས་པའི་དབང་བསྐུར་བ་རེད། དབང་བསྐུར་བའི་སྐབས་ཁོང་ཚོས་མིག་ཆུ་གཏོང་གི་འདུག་ལ། སྐད་བསྒྱུར་དགེ་བཤེས་ངག་དབང་བསམ་གཏན་ཡང་ངུས་པ་རེད། ང་རང་ཡང་ངུས་ཏེ་ང་ཚོ་ཚང་མར་ཚོར་བ་ཤུགས་ཆེན་པོ་བྱུང་ ”ཞེས་གསུངས་ཏེ། རྒྱ་གར་དུ་ནང་ཆོས་ཉམས་ཆག་ཕྱིན་ཡོད་ཀྱང་། སྔོན་ཆད་རྒྱ་གར་མཁས་པ་ཚོས་གང་བསླབ་པ་རྣམས་བོད་པ་ཚོས་ལོ་ངོ་སྟོང་ཕྲག་རིང་ཉར་ཚགས་བྱས་ཏེ། ད་ཆར་རྒྱ་གར་གྱི་ཕ་ནོར་ཕྱིར་རྩིས་སྤྲོད་ཞུ་རྒྱུའི་གོ་སྐབས་བྱུང་བ་དེར་དམིགས་བསལ་ཚོར་བ་བྱུང་ཡོད་སྐོར་གསུངས་བྱུང་།

ཡང་༸གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་ལོ་ངོ་བཞི་སྟོང་ཙམ་གྱི་གོང་ནས་རྒྱ་གར་ནང་རིག་པའི་ལམ་ནས་བརྟག་དཔྱད་གཏོང་རྒྱུའི་ལམ་སྲོལ་དར་མགོ་ཚུགས་ཡོད་སྟབས། རྒྱ་གར་དུ་ནང་པའི་ལྟ་གྲུབ་ལས་གཞན་པའི་ལྟ་གྲུབ་མི་འདྲ་བ་དང་ཆོས་ལུགས་མི་འདྲ་བ་མང་པོ་ཞིག་བྱུང་ཡོད་པ་དང་། ལྟ་གྲུབ་ཀྱི་རྒྱབ་ལྗོངས་ཡོད་པའི་ཆོས་ལུགས་དེ་དག་ནི་རྒྱ་གར་གྱི་གཅེས་ནོར་ཆགས་ཡོད་ཚུལ། བོད་ལ་མཚོན་ནའང་གཞི་རྩའི་ཆ་ནས་ནང་པའི་ཡུལ་གྲུ་ཆགས་ཡོད་ཀྱང་། བོད་མི་ཚོས་གཞུང་ཆེན་མོར་སློབ་གཉེར་གནང་སྐབས། གཞན་ལུགས་དགག་པ་དང་རང་ལུགས་འཇོག་ཐབས་སུ་ནང་པའི་ལྟ་གྲུབ་ཁོ་ན་ཙམ་མིན་པར། གནའ་རབས་རྒྱ་གར་ལྟ་གྲུབ་ཁག་གི་རྣམ་གཞག་ཐོག་སློབ་སྦྱོང་བྱེད་ཀྱི་ཡོད་ཚུལ་གསུངས་སོང་།

མཇུག་ཏུ་༸གོང་ས་མཆོག་གིས་དུས་རབས་ཉེར་གཅིག་པའི་ཆོས་པ་ཞིག་ལ་ཆ་མཚོན་ན། སོ་སོའི་ཁ་ནས་འདོན་པ་འདོན་རྒྱུ་དང་སེམས་ནས་སྨོན་ལམ་རྒྱག་རྒྱུ་ཙམ་གྱིས་མི་ཆོག་པར། རང་གིས་དད་མོས་བྱེད་སའི་ཆོས་ལུགས་གང་དེའི་གཞི་ལམ་འབྲས་གསུམ་དང་། ལྟ་གྲུབ་རྣམ་གཞག་གི་གལ་གནད་སྐོར་ཤེས་རྟོགས་གནང་སྟེ། ཤེས་ནས་དད་པ་ཐོབ་པ་ཞིག་གནང་དགོས་སྐོར་དང་། སོ་སོའི་ཆོས་ལུགས་ལ་དད་པ་དམ་ཚིག་གཙང་མ་ཡོད་ན། ཉིན་ཞག་ཕྲུགས་གཅིག་ཏུ་ཆོས་ལུགས་དེའི་སློབ་གསོའི་རྒྱ་ལས་མ་བརྒལ་བ་ཞིག་གནང་དགོས་རྒྱུ་ལས། ཁ་ནས་ཆོས་པའི་མིང་ཞིག་འཁྱེར་ཏེ། ལག་ལེན་ངོ་མའི་ཐོག་གཞན་ལ་སྐྱག་རྫུན་བཤད་པ་དང་མགོ་སྐོར་གཏོང་བ། ཐུབ་ཚོད་བཤད་དེ་རང་སེམས་ཉོན་མོངས་ཀྱིས་དབང་དུ་ཕྱིན་ན་ཡག་པོ་མེད་ཚུལ་དང་། ནང་པ་ཚོར་མཚོན་ནའང་། བཅོམ་ལྡན་འདས་ལ་དངོས་སུ་མཇལ་རྒྱུ་ལས་ཁོང་གིས་གསུངས་པའི་བཀའ་སྡེ་སྣོད་གསུམ་གཙོས་གསུང་རབས་རྣམས་ལ་སློབ་སྦྱོང་བྱས་ཏེ། དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱ་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་ཡོད།

༸གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་ཀྱི་ཐོག་མར་ཆོས་ཞུ་བ་ཚོར་ནང་ཆོས་ལས་གསུངས་པའི་བདག་གམ་ང་། གང་ཟག་ཟེར་བ་ཅི་འདྲ་ཞིག་ཡིན་མིན་དང་། བདག་གམ་ང་། གང་ཟག་ལ་ཐོག་མ་ཡོད་མེད་དང་དེར་མཐའ་མ་ཡོད་མེད། གནད་དོན་དེའི་ཐོག་ཆོས་ལུགས་གཞན་པ་ཚོས་འགྲེལ་བཤད་ཇི་ལྟར་རྒྱག་བཞིན་ཡོད་ཚུལ་སོགས་གསེད་གྲོལ་གནང་ཡོད།

གསར་འགོད་པས་རྒྱལ་ས་ལྡི་ལི་ནས་བཅར་བའི་རྒྱ་གར་ཆོས་ཞུ་བ་ཞིག་ལ་བཅར་འདྲི་ཞུས་པར། མ་གཞི་ང་རང་གི་ཆོས་ལུགས་ཧིན་རྡུ་ཡིན་ནའང་། ནམ་རྒྱུན་ང་རང་ནང་པའི་ཆོས་ལུགས་ཀྱི་སྒོམ་ཉམས་ལེན་གནང་སྟངས་ཐོག་དམིགས་བསལ་དོ་སྣང་ཆེན་པོ་ཡོད་ཅེས་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༩ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 7

  1. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

    ས་ཡ་དྲུག་གི་ཁོག་པའི་སྙིང་དང་སེམས་ཅན་ཀུན་གྱི་ཐོད་པའི་མིག།
    མི་ཕྱེད་དད་པའི་མེ་སྒྲོགས་འཛིན་པ་མི་ཡི་རྣམ་རོལ་ལྷ་ཡི་ལྷ།།
    གནོད་སྦྱིན་ནག་པོའི་སྙིང་ཁམས་ལ་ཡང་དཀར་བོ་དགེ་བའི་སིམ་འཛུལ་བ།།
    སྤྱན་ཟུང་ཕྱག་ཟུང་དང་ལྡན་སྐྱབས་མགོན་མི་ཡི་ཤ་ཚུགས་འཛིན་པའི་ལྷ།

    Reply
  2. ནད་པ says:
    ལོ་ 14 སྔོན།

    རྗེ་བཙུན་འཇམ་དཔལ་ངག་གི་དབང་པོའི་སྐུ།།
    སྙིང་རྗེའི་གཏེར་ཆེན་བློ་གྲོས་བཟང་པོའི་གསུང་།།
    ཡེ་ཤེས་མཐུ་སྟོབས་གསང་བའི་བདག་པོའི་ཐུགས།།
    ༸ རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོའི་སྡེ།།
    ཡོངས་རྫོགས་བསྟན་པའི་བདག་པོར་ཞབས་བརྟན་གསོལ།།

    རྙིང་མའི་ཁྲི་འཛིན་སྐྱབས་རྗེ་དམ་པ་རྫ་རོང་འཁྲུལ་ཞིག་རིན་པོ་ཆེའི་གསུང་བྱིན་གསོལ་འདེབས་ཡིན།།

    Reply
  3. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    ཆོས་ཀྱི་རིགས་པས་ཆོས་མིན་ཕམ་མཛད་ཅིང་།།
    ཆོས་དང་མཐུན་པའི་ཆོས་ཀྱི་རྒྱལ་མཚན་འཛིན།།
    ཆོས་ཀྱིས་དུལ་ཞིང་ཆོས་ཀྱི་སློབ་དཔོན་མཆོག།
    ཆོས་ཀྱི་རྒྱལ་པོ་ཆེན་པོར་ཆོས་ཀྱིས་བསྐྲུན།།

    Reply
  4. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    བྱམས་སྙིང་བརྒྱན་དུ་བཞེས་པའི་ཐུགས་ཀྱི་སྐུ༎
    འགྲོ་ལ་བརྩེ་བའི་་ཆོས་ཀྱི་སྦྲང་ཆར་སྙིལ།
    ངུར་སྨྲིག་བརྒྱན་དུ་འཆང་བའི་གཟུགས་ཀྱི་སྐུ༎
    བཞིན་བཟང་དཀྱིལ་འཁོར་འཛུམ་གྱིས་འགྲོ་བ་འདྲེན༎
    བླ་མ་དམ་པའི་མཛད་བཟང་བ་དན་དཀར༎
    སྲིད་གསུམ་ཡངས་རྩེ་སྲིད་པའི་རྩེ་མོ་འཕྱུར།
    མཛད་པའི་ཞབས་རྗེས་མེ་ཏོག་སྲིད་པའི་བརྒྱན༎
    མཛད་བཟང་ཞི་བདེ་གསེར་གྱི་རྒྱལ་མཚན་སྒྲེངས༎
    བླ་མ་དམ་པའི་གསེར་ཞལ་དཀྱིལ་འཁོར་ལས༎
    བླ་མ་དམ་པ་འཛུམ་གྱི་མེ་ཏོག་འཕྲོས།
    བླ་མ་དམ་པའི་གསུང་དབྱངས་དབྱར་གྱི་རྔ།
    ཐོས་འཛིན་ལམ་དུ་རོལ་བ་ཨེ་མ་སྨད།

    Reply
  5. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །
    འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །
    ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །
    རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག །

    དཔལྡན་བླ་མའི་རྣམ་པར་ཐར་པ་ལ། །
    སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །
    ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །
    བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །

    Reply
  6. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    ཆེ་བའི་ཆེ་མཆོག་རྒྱལ་ཀུན་སྙིང་རྗེའི་གཟུགས། །
    ལྷག་པའི་ལྷར་གྱུར་འཕཌ་མཆོག་སྤྱན་རས་གཟིཌ། །
    དུས་ཀྱི་མཐར་གྱུར་སྙིགས་ལྔའི་འགྲོ་བའི་སྐྱབས། །
    ལྷག་པའི་ཁྱད་གྱུར་བོད་ཀྱི་དབུགས་དབྱུང་མཆོག །

    Reply
  7. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། །
    ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
    སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །
    ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese