མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུའུ་ཝེ་ཆོན་རྒན་ཡོལ་བཏང་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གཞུང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་དཔོན་རིགས་ཚོ་བརྗེ་སྤོར་དང་། བོད་རྒྱ་འབྲེལ་མོལ་ལ་འགན་འཁུར་མཁན་ཀྲུའུ་ཝེ་ཆོན་རྒན་ཡོལ་བཏང་འདུག

ཉེ་ཆར་ཧོང་ཀོང་མེན་པའོ་གསར་ཤོག་གིས་གནས་ཚུལ་སྤེལ་དོན།  ཐེངས་མང་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་གནང་མཁན། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པ་ཀྲུའུ་ཝེ་ཆོན་ལས་གནས་ནས་རྒན་ཡོལ་ལ་བཏང་ཡོད་པ་དང་། ཁོའི་ཚབ་ལ་དེ་སྔོན་བོད་ཁུལ་དུ་ཡུན་རིང་ལས་དོན་སྒྲུབ་མྱོང་བའི་ད་ལྟའི་རྒྱ་ནག་ཅང་ཞིས་ཞིང་ཆེན་གྱི་སྲིད་གྲོས་མགོ་གཙོ་(ཀྲུའུ་ཞི)ཀྲང་ཡིས་ཅཱོང་བསྐོ་བཞག་བྱས་ཡོད་པ་དང་། དེ་བཞིན། དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པ་ཧུང་ཡའེ་ཅིན་ཅཱང་ཞིས་ཞིང་ཆེན་གྱི་སྲིད་གྲོས་མགོ་གཙོར་ལས་བསྒྱུར་བྱས་འདུག 

ཀྲང་ཡིས་ཅཱོང་ནི་ད་ལྟ་ལོ་ ༥༧ ཡིན་པ་དང་། དེ་སྔོན་ཁོས་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཡི་ལས་གནས་ཁུར་མྱོང་ཡོད་པ་མ་ཟད།  ༢༠༠༦ ལོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་རྒྱུན་ལས་དྲུང་ཆེ་གཞོན་པ་དང་ཁྲིམས་སྲིད་ལྷན་ཁང་གི་དྲུང་ཆེ་བཅས་ཁུར་མྱོང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ པའི་ནང་རྒྱ་ནག་ཅཱང་ཞིས་ཞིང་ཆེན་གྱི་སྲིད་གྲོས་མགོ་གཙོར་ལས་སྤོར་བྱས་ཏེ་ཟླ་ ༤ ལས་མ་འགོར་བར། རྒྱ་གཞུང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པར་བསྐོས་ཡོད་པ་རེད།

ཀྲུའུ་ཝེ་ཆོན་ནི་ད་ལྟ་ལོ་ ༦༥ ཡིན་པ་དང་།  དེ་སྔོན་ཡུའུ་གྷོ་སི་ལ་ཝི་ཡཱ་ (Yugoslavia) ནང་རྒྱ་གཞུང་གསར་འགོད་པའི་ལས་ཀ་གཉེར་སྐབས། ཁོའི་རླངས་འཁོར་རྡབ་སྐྱོན་བྱུང་སྟེ་རྒྱ་ནག་གཞུང་ཚབ་ཀྱི་ཆུང་མ་དམར་གསོད་བཏང་བར་བརྟེན། ཡུའུ་གྷོ་སི་ལ་ཝི་ཡཱ་ཁྲིམས་ཁང་གིས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། ཕྱིར་རྒྱ་ནང་དུ་ལོག་སྟེ་མི་དམངས་ཉིན་རེ་གསར་ཤོག་གི་རྩོམ་སྒྲིག་པའི་ལས་ཀ་གཉེར་ཡོད་པ་དང་།  ༡༩༩༨ ལོ་ནས་བཟུང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པའི་འགན་ཁུར་བ་མ་ཟད། བོད་རྒྱ་ཞི་མོལ་སྐབས་རྒྱ་གཞུང་གི་མགྲིན་ཚབ་པ་གཙོ་བོའི་འགན་ཁྱེར་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༣ ཉིན་རྒྱ་ནག་དབུས་དམར་ཤོག་སློབ་གྲྭར་སློབ་སྦྱོང་དུས་བབ་ཚགས་ཤོག་སྟེང་། ཀྲུང་ཝེ་ཆོན་གྱིས་རྒྱ་གཞུང་གི་མི་རིགས་སྲིད་ཇུས་ལ་བཅོས་བསྒྱུར་དགོས་སྐོར་གྱི་རྩོམ་ཡིག་ཅིག་སྤེལ་ཏེ། རྒྱ་ནག་གི་མི་སེར་ལག་དེབ་སྟེང་གི་མི་རིགས་ཀྱི་ཐོ་མིང་ཕྱིར་བསྡུ་དང་། མི་རིགས་རང་སྐྱོང་ལམ་ལུགས་མེད་པ་བཟོས་ཏེ། གྲངས་ཉུང་མི་རིགས་སློབ་གྲྭ་ཁག་རྒྱ་རིགས་སློབ་གྲྭ་དང་མཉམ་བསྲེས་བྱ་དགོས་པ་བརྗོད་པར་བརྟེན། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་པོ་བྱུང་ཡོད།

ཧུང་ ཡའེ་ཅཱིན་ནི་ད་ལྟ་ལོ་ ༥༩ ཡིན་ལ། དེ་སྔོན་ཧྲང་ཧེ་གྲོང་ཁྱེར་གྱི་གུང་གཞོན་ཚོགས་པའི་དྲུང་ཆེ་དང་། ཧྲང་ཧེ་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ། ༢༠༠༣ ལོ་ནས་རྒྱ་གཞུང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པར་བསྐོས་ཡོད་ ལ། ཐེངས་འདིར་ཅཱང་ཞིས་ཞིས་ཆེན་གྱི་སྲིད་གྲོས་མགོ་གཙོར་ལས་བསྒྱུར་བྱས་འདུག

ཐེངས་འདིའི་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པའི་ལས་གནས་བརྗེ་སྤོར་བྱ་སྟངས་ཏེ། རྒྱ་གཞུང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་དཔོན་རིགས་བརྗེ་སྤོར་གྱི་རྒྱུན་སྲོལ་དང་མ་འདྲ་བ་ཞིག་ཆགས་ཡོད་སྟབས། གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཤུགས་ཆེན་པོ་བྱེད་བཞིན་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༨ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༩ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 15

  1. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    རྒྱ་རྒན་རེའི་སྐེ་ན་དར་དཀར་རེ། རྒྱ་དཔོན་ཚོས་བོད་་ཀྱི་རིགས་གཞུང་ལ་གདེང་འཇོག་བྱེད་རྩིས་ཡོད་པ་འདྲ།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    ཨོ་རེད། ང་ཚོའི་སྐུ་ཚབ་དགོངས་ཞུ་གནང་བ་དང་རྒྱ་རྒན་འདི་གནས་དབྱུངས་བཏང་པ་གཉིས་ཀར་འབྲེལ་མེད་སྲིད་ཀྱང་དོན་དག་གཅིག་མཚུངས་ཡིན་སྲིད་དེ། སྐུ་ཚབ་གཅིག་གིས་རེ་བ་མི་འདུག་སྙམ་པ་དང་གཞན་ཞིག་གིས་ནི་ཅི་ཡང་འཇོན་གྱི་མི་འདུག་ཞེས་ནས་ཡིན་སྲིད།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    རྒྱ་ནག་གི་དཔོན་རིགས་ཚོ་དང་རྒྱ་ནག་མི་དམངས་ཚང་མར་རྒྱ་ནག་གི་ཆབ་སྲིད་ལ་འགྱར་བ་གཏོང་རེ་དང་འགྲོ་རེ་ཡོད་པ་ཤིན་ཏུ་གསལ་བོ་རེད། འོན་ཀྱང་སྐྲག་ས་གཅིག་ཡོད་པ་དེ་ནང་གི་རྙོག་དྲ་རེད།་བོད་དང་ཤིན་ཅིང་། སོག་པོ་དང་ད་དུང་རྒྱ་ནག་ལྷོ་བྱང་སོགས་ནང་ཏུ་དཀའ་རྙོག་འདྲ་མིན་ལྷག་པའི་དོགས་པ་དེས་དེང་གི་དཔོན་རིགས་སུ་ཡིན་ཡང་གློ་རྡེག་པའི་འགྱུར་བ་ཞིག་གཏོང་མི་ནུས་པ་དོན་དངོས་རེད། འོན་ཀྱང་བཤད་དགོས་པ་དང་ཤེས་དགོས་པ་ནི་རྒྱ་ནག་ལ་འགྱུར་བ་སོང་བའམ། དམངས་གཙོའི་ལམ་དུ་སོང་ན་ང་ཚོ་བོད་གྱི་བདག་དབང་ཏག་གཅོད་ཅི་འདྲ་ཡོང་མིན་དང་ཚད་གཞི་གང་འདྲ་ཞིག་ཐོབ་མིན། མདོར་ན་རྒྱ་ནག་དམངས་གཙོར་གྱུར་རྗེས་ང་ཚོའི་གནད་དོན་ལ་གྲོས་བསྡུར་བྱ་དགོས་ན་ཅི་འདྲ་ཞིག་ཆགས་ས་རེད། རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་མ་ཕྱིན་བར་དུ་བོད་དོན་ཏག་གཅོད་བྱེད་པར་རེ་བ་མེད་པ་ཡིན་ནམ།
    ཨོ་ད་སྐད་ཆ་འདི་ཚོ་ཚང་མ་སྔར་ཚང་མས་བཤད་ཟིན་པ་རྣ་ལམ་དུ་བང་བང་གྲགས་བཤིན་པ་ཞིག་རེད་པ། ང་ཚོ་ཚང་མས་འདིར་བཤད་བཤད་པ་ཚང་མ་བསམ་ཚུལ་རྙིང་པ་རྙིང་སྡིག་ཅིག་ལས་བསམ་ཚུལ་གསར་པ་དང་བློ་རིག་གསར་པའི་དཔྱད་མཆན་ཞིག་ནི་སུས་བཏབ་མེད་ཅིང་འདེབས་ཀྱང་མི་ནུས་ཏེ། ཆབ་སྲིད་ལ་སློབ་སྦྱོང་མཁན་གྱི་བྱ་ཚང་འདིའི་ནང་ནས་འཚར་ལོངས་བངུ་བས་སོ།།
    དེ་བས་ནང་ཁུལ་ལ་ཁྱོད་ངན་ང་བཟང་གི་ཡི་གེ་ཐར་ཐོར་རེ་བྲིས་ནས་མི་ཚེ་སྐྱེལ་རྒྱུ་རེད་དོ།།
    ཀུ་རེ་ཡིན། ཚང་མས་བསམ་ཚུལ་གང་ཡོད་འདིར་སྤུངས་ཤོག དེ་ནས་རིག་པ་གསར་པ་རེ་ཟུར་དུ་ཐོན་ཡོང་ངེས།

    Reply
  4. བཙན་པོའི་བུ། says:
    ལོ་ 14 སྔོན།

    དེ་སྔོན་༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་དགོངས་ཞུ་གནང་རྗེས་ཆན་འདེབས་པ་མི་ཉུང་བ་ཞིག་གིས་ཁོང་གཉིས་ལ་ཁ་བརྡུང་ཚད་མེད་བཏང་སོང་། འོན་ཀྱང་ཆན་འདེབས་པ་སུ་ཞིག་གིས་ཀྱང་ད་རེས་རྒྱ་དམར་དེ་ཡང་ལས་གནས་ནས་སྤུད་པའམ་དགོངས་པ་ཞུས་པ་ཚོད་དཔག་ཐུབ་མེད། དེའི་རྟགས་མཚན་ནི་ང་ཚོ་ཚང་མ་གླན་པ་ལུག་ཤ་སྟག་ཡིན་སྟབས་ཚོར་བ་རྗེས་འབྲང་པ་ཙམ་ལས་རྗེས་དཔག་རང་བཞིན་གྱིས་མངོན་དཔག་བྱེད་ཐུབ་མཁན་སུ་ཡང་མེད་པ་རེད། དེ་གཅིག་ཡིན། འཐབ་ཕྱོགས་གཅིག་འགྱུར་གྱི་ལས་འགན་དེ་བོད་དོན་གཅིག་པོ་མ་རེད། དེས་གྲངས་ཉུང་མི་རིགས་ཚང་མའི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད་པ་རེད། དེས་ན་ད་རེས་རྒྱ་རྒན་དེ་དགོངས་ཞུ་བཏང་པ་དེ་ཡང་གནད་དོན་མང་པོ་དང་འབྲེལ་བ་ཡོད་ངེས་ལ་བོད་རྒྱའི་གནད་དོན་དེ་ཡང་འབྲེལ་བ་མེད་པ་མ་རེད། ཉེ་སྔོན་རྒྱ་རྒན་དེས་གྲངས་ཉུང་མི་རིགས་རྣམས་ཧན་རྒྱ་རིགས་སུ་བསྒྱུར་ཐབས་ཀྱི་རྩོམ་ཡིག་ཞིག་བྲིས་པ་དེས་རྒྱལ་སྤྱིའི་སྟེང་གླེང་སློང་མི་ཉུང་བ་ཞིག་བྱུང་བ་རེད་ལ་དེའི་ཐོག་ནས་རྒྱ་དམར་གྱིས་གྲངས་ཉུང་མི་རིགས་ལ་འཛིན་པའི་མི་མངོན་པའི་སྲིད་བྱུས་ལ་དོགས་གཞི་ཡང་མི་ཉུང་བ་ཞིག་བྱུང་པ་རེད། དེ་ཙན་དུ་མ་ཟད་བོད་རིགས་ནང་ཚུད་ཀྱི་གྲངས་ཉུང་མི་རིགས་ཁག་ལ་སེམས་ཚབ་ཀྱང་བསླངས་པ་རེད། མི་མང་པོ་ཞིག་གིས་ཁོ་པའི་རྩོམ་ཡིག་དེ་ཁོ་པ་སྒེར་གྱི་བསམ་ཚུལ་ཙམ་མིན་པར་དེ་བས་དེ་ནི་རྒྱ་ནག་གིས་མེ་མ་སྤར་གོང་ནས་དུ་བ་བཏང་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེས་ན་རྒྱ་དམར་གྱིས་ཁོ་པའི་རྩོམ་ཡིག་དེ་ལས་འཕྲོས་པའི་གླེང་སློང་དེ་རིགས་ལས་གཡོལ་ཆེད་དང་ཡང་ན་ཁོ་པའི་རྩོམ་དེ་རྒྱ་གཞུང་གིས་མི་རིགས་ཁག་ལ་འཛིན་པའི་ལང་ཕྱོགས་གསལ་སྟོན་བྱེད་ཀྱི་མེད་ལུགས་གསལ་སྟོན་ཆེད་རྒས་གཡོལ་ཞེས་པའི་མིང་སྙན་པོ་ཞིག་བཏགས་ནས་ཁོ་པ་གནས་དབྱུངས་བཏང་པ་ཡིན་སྲིད། དེང་གི་དུས་ཚོད་འདིར་རྒྱ་ནག་གི་ལྟ་བ་གུ་ཡངས་ཅན་གྱི་དཔོན་རིགས་ལ་མཁྲེགས་འཛིན་པ་རྣམས་ཟུར་འབུད་བྱེད་པའི་གོ་སྐབས་ཤིག་བྷོ་ཤི་ལས་ཀྱི་སྤྲད་ཡོད་པ་རེད། དེས་ན་ཁོ་ཚོས་གོ་སྐབས་དེ་དམ་འཛིན་བྱེད་ཀྱི་ཡོད་སྲིད་པ་རེད། ཁྱོད་ཚོར་བསམ་ཚུལ་ཅི་ཡོད་གསུངས་དང་།

    Reply
  5. སྐར་མདའ། says:
    ལོ་ 14 སྔོན།

    རྒྱ་གཞུང་གི་མི་སྣ་འདི་གཉིས་ཀའི་སྐེ་དམཪ་པོ་གསོན་འབྲེག་བྱེད་དགོས་པ་ནི་གཅིག་མཚུངས་རེད། སྤྱང་ཀི་དང་འཕར་བ་ནང་བཞིན་ཤ་གཟན་གཅིག་ལས་གཅིག་ལྷག་ཡིན། བོད་ལ་རེ་བ་མེད། རྒྱ་ནག་དང་མཉམ་དུ་བོད་ལ་རེ་བ་ཡོད་རེ་སྐན།

    Reply
  6. གནས་ཚང་། says:
    ལོ་ 14 སྔོན།

    རྒྱ་རི་དང་སྐལ་བཟང་རྒན་ཡོལ་དང་ཀྲུའུ་ཝེ་ཆོནརྒན་ཡོལ་དུས་མཉམ་ཡིན་པས། བོདམི་ཚོས་ངེས་པར་གཟབ་གཟབ་མ་བྱས་པ་ཡིན་ན། དེང་སྐབས་བོད་མི་ཚོས་རང་ལུས་མིེར་བསྲེག་གི་ལས་འགུལ་འདིར་གྲུབ་འབྲས་གང་ཡང་མེད་པ་བཟོ་མི་སྲིད་པ་མིན་པས། ངེས་པར་དུ་གཡོ་འོག་ཏུ་མ་ཚུད་པ་གནང་རོགས་ཞེས་འབོད་བསྐུལ་ཞུ་གི་ཡོད། དེང་ཕྱིན་མ་འགྱོད་པ་གནང་རྒྱུའང་བོད་མི་ཡོངས་ཀྱི་མིག་མདུན་དུ་བསྟར་ཡོད།

    Reply
  7. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    བོད་རེ་བས་ཕུང་། རྒྱ་དོགས་པས་ཕུང་། ཟེར་བ་ཅིས་མི་བདེན་གཅན་གཟན་སྤྱང་ཀིའི་ཚབ་ཏུ་འཕར་བ་སླེབས་པར་ཁྱད་པར་ཞིག་ཨེ་ཡོད། དགའ་བའི་སྐོར་བྲོ་དང་རང་རང་ས་ནས་དགའ་སྟོན་བྱེད་དགོས་པ་ཨེ་རེད། ཏཱིང་སྡུག་ཤི་རྒྱབས་ནས་ཅཱང་ལ་རེ་བ་ཡོད་རབས་བཤད་སོང་། དེ་ནས་ཅཱང་སྲིད་སྟེགས་ལས་བབས་དུས་ཧུའུ་འདི་བློ་རྒྱ་ཆེ་རབས་དང་བོད་ལ་རེ་བ་ཡོད་རབས་བཤད་སོང་། ད་དུང་སླེབས་ལ་ཉེ་བའི་འབྱུང་འགྱུར་གྱི་སྲིད་འཛིན་གསར་པ་དེ་༧པཎ་ཆེན་སྐུ་གོང་མ་དང་ཐུགས་འབྲེལ་ཆེ་རབས་དང་བོད་ལ་རེ་བ་ཡོད་རབས་རྐྱང་བཤད་ནས་མི་ཚེ་སྐྱེལ་བ་དང་ཅི་ཡང་མི་ལས་པར་རེ་འབོད་ཁེར་རྐྱང་ལ་བཅོལ་བའི་ལམ་ལུགས་འདི་བོད་མི་རིགས་ཀྱི་གནའ་ནས་ད་བར་ཡོད་ཡོད་པའི་གཤིས་རྒྱུད་ངོ་མ་དེ་རེད། དོན་དངོས་བྱས་ན་ཀྲུའུ་ཝེ་ཆོན་ཤི་བསྒུག་ལ་ཕྱིན་པའི་ཚབ་ཏུ་བོད་རིགས་སི་ཐར་ཁོང་སླེབས་ན་ཁོང་ག་ཚོད་སྡུག་ཀྱང་ཁོང་གི་ཁྲག་རྒྱུན་ཞུར་ས་གཏན་ནས་མི་འདྲ། ཀྲང་ཡཱི་ཅཱོང་ཁོ་པའི་གནས་རིམ་འཕར་སྟངས་ཀྱི་མྱུར་ཚད་ལ་ཅིག་བལྟོས་དང་ཀྲུང་ནན་ཧེའེ་ལ་བློ་དཀར་གཞུང་དྲང་ཅན་དང་བཀའ་གསུང་ཅི་བསྒྲུབ་ཞུ་མཁན་ཞིག་ཡིན་པ་མ་ཟད། དེ་སྔོན་བོད་ཁུལ་དུ་ལས་ཀ་བྱེད་མྱོང་ཡོད་ཙང་བོད་མི་རིགས་ལ་དྲག་སྣོན་གང་འདྲ་བྱེད་དགོས་མིན་ཆ་རྒྱུས་ཡ་རྒྱུས་ཡོད་ཙང་། ད་རེས་ཁོ་པར་གོ་སྐབས་དེ་རགས་ཙང་ཁོ་པའི་གདོང་གི་རྣམ་འགྱུར་དེས་བོད་དང་བོད་མི་རིགས་ལ་དམ་བསྒྲགས་སྔར་ལས་ལྷག་པ་དང་དྲག་སྣོན་སྔར་ལས་ལྷག་པ་ཞིག་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་པ་མཚོན་ཐུབ།
    དེས་ན་ཡུན་རིང་ཐེངས་མང་ཅོག་ཙེ་གཅིག་གི་སྟེང་གསོལ་སྟོན་ལ་རོལ་མྱོང་བའི་རྒྱ་ཡི་ཀྲུའུ་ཝེ་ཆོན་དང་བོད་ཀྱི་སྐུ་ཚབ་རྣམ་གཉིས་དུས་ཐུང་ནང་རྒྱ་དེ་རྒས་ཡོལ་ལ་བཏང་བོད་དེ་གཉིས་རྩ་དགོངས་ཞུས་བྱས་པ་དེས་མི་རྣམས་ཧང་སང་དུ་བཅུགས་པ་རེད། འོ་ན་བོད་རྒྱའི་འབྲེལ་མོལ་ལ་གྲུབ་འབྲས་མི་ཐོན་པ་དེ་ཀྲུང་ནན་ཧེ་ནས་ཀྲུའུ་ཝེ་ཆོན་གྱིས་མི་འཇོན་པ་རེད་ཟེར་ལབ་པ་རེད། ཡང་ན། བོད་ཀྱི་སྐུ་ཚབ་རྣམ་པ་གཉིས་ཀྱིས་ཁོང་རང་ཉིད་ཀྱིས་འཇོན་མ་སོང་དང་འཇོན་གྱི་མི་འདུག་ལབ་པ་རེད། དེ་ནི་ཡ་མཚན་སྐྱེ་གཞི་ཞིག་རེད་འདུག། འོན་ཀྱང་ང་ཚོར་འཐོབ་བྱའི་འབྲས་བུ་རང་སྐྱོང་ཡིན་ན་འདྲ་རང་བཙན་ཡིན་ནའང་འདྲ། གང་ལྟར་ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་དམར་ཤོག་སྲིད་གཞུང་མགོ་རྟིང་མ་ལོག་བར་དུ་ཁག་པོ་བྱས་པ་རེད། དེས་ན་གནས་སྐབས་རིང་རེ་བའི་ཀློང་དུ་འཁྱམས་རྒྱུ་མ་གཏོག་ཐབས་ལམ་གཞན་འགགས་ཚར་བ་རེད་དོ།

    Reply
  8. ཀེ་ཏ་ཀ says:
    ལོ་ 14 སྔོན།

    ༧གོང་ས་མཆོག་གི་ཡང་དག་པའི་བཞེངས་ཕྱོགས་དང། བོད་མི་མང་གི་ཁ་ཞེ་གཉིས་མེད་ཀྱི་མངོན་འདོད་ལ་འཁྱོག་བཤད་ཚད་ལས་བརྒལ་བ་བྱེད་མཁན་གྱི་ཀྲུང་ནན་ཧེའི་ཨབ་ཕྲུག་ཅིག་འདི་ལྟར་མི་ཚེ་རྫོགས་སོང་བར། བོད་མི་ཚོས་སྐྱོ་གདུང་སེམས་ལ་ཉར་བཞིན་དགའ་བའི་སྐོར་བྲོ་ཞིག་རྒྱག་ཐུབ་ག་ཚོད་ཡག་པོ་མི་འདུག རང་རང་གནས་སར་དགའ་སྟོན་བྱ་རོགས།།

    Reply
  9. ཀེ་ཏ་ཀ says:
    ལོ་ 14 སྔོན།

    ཆབ་སྲིད་ཀྱི་སྐད་ཆ་བཤད་སྟངས་བྱས་ན། ཀྲུའུ་རྒན་ཡོལ་ཕྱིན་པ་དེས་བོད་རྒྱ་འབྲེལ་མོལ་ལ་སྔར་ལས་རེ་བ་རྒྱབ་ཆོག་གི་རེད་འདོད། བཀའ་ཁྲི་བློ་བཟང་སེང་གེ་ད་རྒྱ་ནག་གི་གྲོགས་པོ་མཁས་དབང་ཚོར་བཀའ་བསྡུར་གནང་ནས་བོད་ཀྱི་ཆབ་སྲིད་ལ་དབང་བསྒྱུར་རོགས་ཨ། ད་ལྟ་བར་གྲགས་འགུལ་གེ་མ་བྱུང་མོད། ད་དུང་རེ་བ་རྒྱབ་ནས་བལྟས་བསྡད་ཡོད།

    Reply
  10. ཀེ་ཏ་ཀ says:
    ལོ་ 14 སྔོན།

    བཙན་བྱོལ་ནང་དུ་རྒྱ་ནག་གི་སྐོར་ཤེས་མཁན་ཡོད་མེད་གནད་དོན་འདིས་ཀྱང་གསལ་བཤད་ཞེ་དྲག་གནང་འདུག སེམས་སྐྱོ་བོ་ཞིག་རེད་དེ། གསར་འགོད་པས་འདི་འདྲའི་གསར་འགྱུར་བཀྲ་ཤིས་པ་ཞིག་ཁྱེར་ནས་སླེབས་པར་ཐུགས་རྗེ་ཆེ་ཞུ། འཛམ་གླིང་ཤར་ནུབ་ཀྱི་གསར་ལམ་ཁག་སྔོགས་ནས་དཀའ་ལས་བརྒྱབས་པ་དེ་ཆུང་ཆུང་མ་རེད། ཡག་བྱུང་ཞུ་རྒྱུ་ཡིན།།།།

    Reply
  11. ཀེ་ཏ་ཀ says:
    ལོ་ 14 སྔོན།

    ད་དུང་སྐེད་ལ་གོན་པའི་ཁ་བཏགས་དཀར་པོ་དེས། ཁོས་ད་བར་བོད་རིགས་གཙོས་མི་རིགས་གཞན་ལ་གཉའ་གནོན་ཁྲིམས་འགལ་ཚད་ལས་བརྒལ་བ་བྱས་པའི་ལོ་རྒྱུས་ཕྱིར་དྲན་བྱེད་དུ་བཅུགས་ཡོད་པ་ཐེ་ཚོམ་བྲལ། ཁ་བཏགས་དཀར་པོ་དེ་ལག་པ་འཆང་ཐེངས་རེར་སྔར་བྱས་ལ་འགྱོད་སེམས་ཀྱིས་ཁ་བཏགས་ལྕེབས་ཐག་ཀྱང་བྱེད་རྒྱུ་དྲན་མོད། དེ་འདྲ་མི་གནང་བར། མ་འོངས་པར་རྒྱ་ནག་གི་དཔོན་ངན་རུལ་སུངས་ཀྱི་ནག་ཉེས་ཐེར་འདོན་བྱས་ཏེ། ཀྲུའུ་རང་དང་རང་གི་ཁྱིམ་རྒྱུད་ལོ་རྒྱུས་ནས་དཀར་འདོན་བྱེད་ཨེ་ཐུབ་འབད་བརྩོན་བྱ་རོགས། བྱུང་ན། བྲོས་བྱོལ་དུ་ཕེབས་ཤོག ༧གོང་ས་མཆོག་དང་བོད་མི་མང་ལ་འགྱོད་གཤེགས་ཞུ་རུ་ཕེབས་ཤོག

    Reply
  12. ཀེ་ཏ་ཀ says:
    ལོ་ 14 སྔོན།

    ཀྲུའུ་ཡི་གདོང་པ་མཐོང་ན། གཅར་རྡུང་ཚད་ལས་བརྒལ་བ་བྱས་རྗེས་རྒན་ཡོལ་སྔ་ནུར་བཏང་བ་འདྲ་བོ་ཞིག་མི་འདུག་གམ། ད་འདིའི་རྒྱབ་ན་ལྟད་མོ་ག་ཚོད་མེད་དམ། སྔོན་ལ་ཐོན་ནས་ཀྲུང་ཧྭ་གཅིག་འགྱུར་གྱི་དར་ཆ་སྒྲེང་མཁན་འདིར་དེ་རིང་གློ་བུར་དཔོན་གནས་ཅི་གང་མེད་པར་ཆགས་པ་འདི་བོད་ཀྱི་བདེན་དོན་ནས་བཤད་ན། ལག་ཉིས་ཐལ་མོ་རྡེབ་འོས་པ་ཞིག་ཡིན་པ་རེད། ད་སྐུ་ཞབས་རྒྱ་རིའི་དགོངས་ཞུ་དེའང་ཕྱིར་འཐེན་བྱས་ན། ཨ་ལ་སྐུ་རྩེད་ཡིན། གང་ལྟར་ཡག་སོང། མི་གསོད་ལག་དམར་ཧུའུ་དང་དེའི་མེ་མདའ་ཀྲུའུ་གཉིས་སྔ་ཕྱིར་རྒས་ཡོལ་ལ་འགྲོ་བར་ཤོག རྒྱ་བོད་མི་མང་ལ་བདེ་སྐྱིད་ལྡན་པར་ཤོག གྲངས་ཉུང་མི་རིགས་ཀྱི་ལས་དོན་ཡར་རྒྱས་ཡོང་བར་ཤོག་ཅེས་ཀྲུའུ་ལ་ཁ་བཏགས་ཤིག་ཏུ་ཚབ་ཏུ་ཕུལ་ལོ།།

    Reply
  13. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    རེད། རྒན་ཡོལ་དང་དགོངས་ཞུ་སྔ་ཕྱིར་ཐོན་པའི་སྔོན་དུའང་སྐུ་ཚབ་ཀྱིས་སེམས་ཚབས་དགོངས་ཚུལ་ཞིག་ཨ་རིའི་སྡེ་ཚན་ཞིག་ལ་ཕུལ་བའང་སྣེ་ཁྲིད་ཅིག་ཡིན་སྲིད།
    ཕྱོགས་གཞན་ཞིག་ནས་བོད་རྒྱ་ཕྱོགས་གཉིས་ཀས་ལག་པ་ཕྱིར་འཐེན་བྱས་པའང་མི་ཚང་མའི་མིག་གིས་མཐོང་སར་བྱས་པ་རེད་་་་རྣམ་འགྱུར་འདིས་ཆག་སྒོ་ཚབས་ཆེན་ཞིག་གི་འགོ་སློང་སྲིད་པ་ཞིག་མ་རེད་ཅེས་བཤད་མི་ཐུབ ་་་ཧེ་ཧེ་་་་་་ལྟོས་ཨ་་་་

    Reply
  14. རོང་ཕྲུག says:
    ལོ་ 14 སྔོན།

    གྲངས་ཉུང་མི་རིགས་ལ་རྣམས་གདུག་རྩུབ་གཏོང་མཁན་གྱི་ཧོ་ཡིས་ལག་གཡས་ཡིན་ལ། མི་ཤ་ཟ་མཁན་གྱི་གསོན་འདྲེ་ཞིག་ཀྱང་ཡིན། གསར་བ་སླེབས་པའི་གཟའ་འཁྱོག་དེ་ཡང་ཀྲོ་ལས་སྡུག་མིན་ཡག་པ་མིན་པ་ཐག་གཅོད་ཡིན། གུང་ཇག་ཕམ་པར་མ་རྒྱབ་ན་ཀྲོ་རྒན་གཡོལ་བྱས་པས་ང་ཚོ་ལ་བརྟག་རྒྱུ་ཅི་ཡང་མེད།

    Reply
  15. ཤག་སྒང་པ། says:
    ལོ་ 14 སྔོན།

    རེད། རྒལ་ཡོལ་དང་དགོངས་ཞུ་སྔ་ཕྱིར་ཐོན་པ་འདི་ལའང་བརྟག་རྒྱུ་ཞིག་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese