མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་དང་རྒྱ་ནག་གི་ཡིག་ཐོག་དམག་འཁྲུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཨ་རིའི་གཞུང་གིས་ ༢༠༡༡ ལོའི་འཛམ་གླིང་རྒྱལ་ཁབ་ ༢༠༠ ཙམ་གྱི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཐོག་སྙན་ཐོ་ཞིག་བཏོན་རྗེས། རྒྱ་ནག་གིས་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་འདུག

ཨ་རིའི་སྙན་ཐོའི་སྔོན་གླེང་ནང་ཨ་རིའི་རྒྱལ་དོན་དྲུང་ཆེ་ཧཱེ་ལཱ་རེ་ཡིས། སྙན་ཐོ་དེ་ནི་ཨ་རིའི་ལངས་ཕྱོགས་ཙམ་མིན་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་རྩ་འཛིན་འོག་ཉམས་ཞིབ་བྱས་པ་ཞིག་ཡིན་པ་དང་། ཨ་རིའི་གཞུང་དང་གྲོས་ཚོགས་ཀྱིས་སྙན་ཐོ་ནང་འཁོད་ལྟར་ངོས་འཛིན་ཐོག་ཕྱི་འབྲེལ་སྲིད་ཇུས་འཛིན་རྒྱུ་ཡིན་པར་བཀོད་འདུག

རྒྱ་ནག་སྐོར་གྱི་སྙན་ཐོའི་ནང་། རྒྱ་གཞུང་གི་བཀོལ་ཇུས་འོག་མི་མང་དམར་གསོད་བཏང་རིགས།ཆབ་སྲིད་གནད་དོན་ཐད་ཀྱི་འཛིན་བཟུང་རིགས། མང་ཚོགས་དང་ཆབ་སྲིད་བཙོན་པར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་སྐོར། མི་མང་པོ་ཞིག་གར་སོང་ཆ་མེད་དུ་འགྲོ་བཞིན་པའི་གནས་བབ།གསར་འགྱུར་བརྒྱུད་ལམ་དང་སྨྲ་བརྗོད་རང་དབང་སྟེང་དམ་དྲག་བྱེད་ཀྱིན་པ། གང་བྱུང་མི་མང་ལ་དྲག་གནོན་བྱེད་ཀྱི་ཡོད་པ་སོགས་རྒྱ་གཞུང་གིས་མི་མང་གི་རང་དབང་ལ་བརྩི་བཀུར་མེད་པ་གསལ་ཡོད་འདུག

 ཨ་རིའི་སྙན་ཐོ་དེ་ཕྱིར་བསྒྲགས་བྱས་འཕྲད་རྒྱ་ནག་གིས་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་ཡོད་ཅིང་། དེའི་ནང་ཨ་རིས་རང་གི་ཡུལ་མིའི་ཞི་རྒོལ་(Occupy Wall Street movement) བ་ཚོར་སྡུག་རྩུབ་དང་དྲག་སྤྱོད་ཀྱི་སྒོ་ནས་མགོ་གནོན་ཐབས་བྱས་པ། ཨ་རི་འཛམ་གླིང་གི་མེ་མདའི་དྲག་ཤུགས་སྤྱོད་པའི་མགོ་ཁྲིད་རྒྱལ་ཁབ་ཅིག་ཡིན་པ། ཨ་རིའི་མི་མང་བརྒྱ་ཆ་ ༣༥ ནས་ ༥༠ གྱི་ལག་ཏུ་མེ་མདའ་ཡོད་པ། ཨ་རི་ནི་འཛམ་གླིང་ནང་གི་བཙོན་པ་ཆེས་མང་ཤོས་སུ་གྱུར་ཡོད་པ། ལས་མེད་ཀྱི་གྲངས་འབོར་ཆེ་རུ་ཕྱིན་ཏེ་དབུལ་ཕྱུག་གི་ཧེ་བག་ཆེན་པོ་ཤོར་བ། མི་མང་གི་ཤེས་ཡོན་དངུལ་རྩིས་ཉུང་དུ་བཏང་བ།  ཨ་རིའི་མི་སེར་ས་ཡ་ ༥༠༠ ཙམ་ལ་འཕྲོད་བསྟེན་ཉེན་སྲུང་ཁག་འཁུར ་(Health insurance) མེད་པ་སོགས་ནི།  ཨ་རིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོལ་རོལ་དང་བརྩི་བཀུར་མེད་པའི་བྱ་སྤྱོད་ཅིག་རེད་ཅེས་བཀོད་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 7

  1. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    ཡ་ཡ། མི་ལ་ལས་རྒྱ་དམར་འདི་སྨྲ་བརྗོད་རང་དབང་ཅན་དང་དྲང་བདེན་ཅན་ལ་བསྒྱུར་གྲབས་བྱས་འདུག་ག།
    ཨ་རིས་ཁ་ཆེའིི་རྒྱལ་ཁབ་ལ་དམག་དྲངས་དགོས་པའི་རྒྱུ་མཚན་ཆ་མ་འཚལ་ཀྱང་གང་ལྟར་དཀྱིལ་ཤར་ཁ་ཆེའི་ཡུལ་གྲུ་ནང་དྲག་པོའི་སྲིད་དབང་སྒེར་འཛིན་ཅན་དང་གུ་དོག་པའི་ཁ་ཆེའི་ལྟ་གྲུབ་མཁན་མང་པོ་མེད་པར་བཟོས་པ་རེད་ལ། ལྷག་པར་དུ་བུད་མེད་དམར་གསོད་དང་ཁ་སྣ་གཅོད་དྲེག་བྱེད་སྲོལ་མང་པོ་ཞིག་མེད་པ་ཕྱིན་ཡོད་པ་རེད། སྤྱིར་སྟངས་དམག་འཁྲུག་རྒྱགས་རྒྱུ་ཟེར་བ་དེ་ཧ་ཅང་འཇིགས་སུ་རུང་བ་དང་མི་འོས་པ་ཞིག་ཡིན་པ་མ་ཟད་མི་སེར་དཀྱུས་མར་དཀའ་ངལ་མང་པོ་འཕྲད་ངེས་ཀྱང་། དེ་ནི་རང་དབང་དང་དམངས་གཙོའི་བཅོས་བསྒྱུར་བྱེད་དགོས་ན་ཡོང་སྲིད་པའི་ཆོས་ཉིད་ཞིག་རེད། མ་གཞི་ཨ་རིས་འཇིག་སྐུལ་རིང་ལུགས་པ་དམིགས་འབེན་དུ་བཟུངས་ནས་ཐལ་ཆ་ཆེ་བའི་དམག་འཁྲུག་བརྒྱབས་ཡོད་ཀྱང་དེའི་ནང་ལེགས་ཉེས་ཀྱི་ཆ་མང་པོ་ཡོད་པ་རེད། ཁ་རྒྱུན་ལ། སྟག་མོ་ཚང་འཛིང་ལྟ་བུའི་འཐབ་མོ་མ་བྱས་ན། ཞགས་པ་དོན་ཡོད་འདྲ་པོ་ག་ནས་འཐོབ། ཟེར་སྲོལ་ཡོད་པ་རེད། འོན་ཀྱང་ད་རེས་རྒྱ་ནག་གིས་དྲང་བདེན་ཡིན་མདོག་གིས་ཨ་རིར་སྐྱོན་བརྗོད་བྱས་པ་དེ། རང་སྐྱོན་རི་བོ་ཙམ་ཡང་ཁོང་དུ་སྦས། གཞན་སྐྱོན་ཟ་རུ་གང་དེ་ནམ་མཁར་འཕྱར། ཞེས་པ་ལས་མ་འདས། མ་ཟད་རྒྱ་ནག་ཨ་རིའི་གོང་དུ་འཛམ་གླིང་གཙོར་འཛིན་ལ་འདོད་མོས་ཆེན་པོ་ཡོད་པ་རེད། རེད་དེ་དམངས་གཙོ་དང་རང་དབང་འགྲོ་བ་མིའི་འཐོབ་ཐང་སོགས་གང་གི་ཆ་ནས་ཀྱང་ཆེས་རྗེས་ལུས་ཅན་ཡིན་པས་འགྲན་ཟླར་མི་འཕོད། དེས་ན་རྒྱ་ནག་ཨ་རིར་སྐྱོན་བརྗོད་བྱེད་པའི་ནུས་པ་འདང་ངེས་མི་འདུག་ལ་རང་ཉིད་ཀྱིས་ཞིམ་སྐྱག་སྦས་པ་ལྟ་བུའི་གྲངས་ཉུང་མི་རིགས་ལ་འཛིན་པའི་སྲིད་ཇུས་འོག་དམར་གསོད་དང་མནར་གཅོད་བཙོན་འཇུག། མི་ཆོས་ལས་འདས་པའི་རྡུང་རྡེག་ཚ་ནན་སོགས་འཚམས་འཇོག་བྱས་ན་མ་རེད་པས། ད་དུང་ཀྲུང་གོ་ཧྲིལ་པོ་དམངས་གཙོ་དང་འགྲོ་བ་མིའི་འཐོབ་ཐང་སྨྲ་བརྗོད་རང་དབང་སོགས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་འཐོབ་ཐང་ཆ་ཚང་ལོངས་སུ་སྤྱད་བཅུགས་ན་ད་གཟོད་ཁྱོད་ཀྲུང་གོ་ཨ་རིར་སྐྱོན་བརྗོད་བྱེད་པའི་ནུས་པ་ལྡན་ཡོད། དེ་མིན་ཁྱོད་ཀྲུང་གོ་ཇུས་གཏོག་སྡུག་ཁ་བཙུམས་ཟེར་རྒྱུ་ཡིན།

    Reply
  2. thapkegyatso says:
    ལོ་ 14 སྔོན།

    ཨ་རིས་རྒྱལ་ཁབ་མང་བོ་ཞིག་དམག་འཁྲུག་རྒྱབ་པ་བདེན་ཅིང་།ཨ་རིའི་མི་སེར་གྱིས་མེ་མདའ་བཟུང་ཆོག་པའང་རྩ་ཁྲིམས་ཀྱིས་གཏན་འབེབས་རང་བཞིན་རེད།ཡིན་ཡང་རྒྱ་ནག་གི་སྐད་ཆ་ལ་ཆ་འཇོག་བྱེད་མི་འོས་ཤིང་།དེ་བས་ཀྱང་བདེན་པར་གཏན་ནས་རློམ་མི་ཉན།ཐ་ན་རྒྱ་ནག་གི་སྐད་ཆ་ལ་གཞི་འཛིན་སའང་མེད།རྒྱ་ནག་གིས་རང་དང་ཁྱིམ་མཚེས་རྒྱལ་ཁབ་བོད་སོགས་ཀྱི་ལོ་རྒྱུས་ག་འདྲར་བརྗོད་ཀྱིན་འདུག ༸རྒྱལ་བ་རིན་པོ་ཆེ་ལ་མཚན་ག་འདྲས་འབོད་ཀྱིན་འདུག བོད་ཀྱི་གཞོན་ནུ་ཚོགས་པ་སོགས་ལ་མིང་ག་འདྲ་འདོགས་ཀྱིན་འདུག མི་སུ་ཡིན་ཡང་བསམ་བློ་ཞིབ་ཏུ་ཐོངས་དོན་མེད་དུ་ཚིག་འདྲ་མིན་གྱིས་གང་བྱུང་དུ་གཡམ་རྒྱུག་མ་བྱེད།

    Reply
  3. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    རྒྱལ་ཁབ་གཉིས་ཀྱི་བར་སྐྱོན་བརྗོད་བྱེད་རེས་བྱས་པ་བཞིན་གཉིས་ཀར་བདེན་ཆ་ཡོད་ཐག་ཆོད་རེད། གང་ལྟར་ཚོང་ཁེ་ཁོ་ནའི་ཆེད་རང་གཞན་གྱི་མི་མང་ཚང་མ་སྡུག་ལ་སྦྱར་དང་སྦྱོར་བཞིན་པ་རེད། དྲང་བདེན་གྱི་སྒོ་ནས་རང་གི་མི་སེར་སྐྱོང་མཁན་ཕལ་ཆེར་མེད་ཅེས་བཤད་ཆོག

    Reply
  4. བུ་ཡུག says:
    ལོ་ 14 སྔོན།

    རྒྱ་རྒན་འདི་ཚང་གི་ཧམ་པ་ལྟོས་དང་ད་དུང་ཨ་རིས་སྡུག་རྩུབ་དང་མགོ་གནོན་ཐུབ་བྱེད་ཀྱི་འདུག་ཟེར། འདི་ཚང་གི་དྲག་གནོན་དང་མནར་གཅོད་དྲག་ཆེས་གཉེན་རྟོག་སོགས་འོག་དུ་སྦས་ཡོད་ན་མ་གཏོགས་

    Reply
  5. མངའ་རིས་བུ། says:
    ལོ་ 14 སྔོན།

    གཅན་བཟོད་རྒྱམ་འདི་རིག་པ་རྣོ་སེ་ཡོད།
    ཁྱེད་ཀྱི་བསམ་ཚུལ་དེར་ང་ཡང་མོས་པ་ཡོད།
    ང་ཚོས་ཨ་རི་ནི་ལྷ་ལྟ་བུ་ཞིག་ཏུ་བརྩི་བཞིན་ཡོད། ཅི་བྱས་ཐམས་ཅད་དག་པར་སྣང་མཁན་ཞིག་རེད། ང་ཚོས་ངེས་པར་དུ་བདེན་པ་ལ་བདེན་པ་ཤོད་དགོས།
    ཨ་རི་ཡིས་མཚོ་ཁུག་གི་རྒྱལ་ཁབ་མང་པོ་ཞིག་ལ་དམངས་གཙོ་དང་འཇིགས་བསྐུལ་རིང་ལུགས་ཞེས་ཁ་གཡར་ནས་ཉོམ་ཆུང་ལ་ཐུབ་རྩོད་གཏོང་བཞིན་ཡོད། མ་ཟད་ཨི་རག་ལ་བྷུ་ཤུ་ཡིས་དམག་འཁྲུག་གཤོམ་དགོས་པའི་རྒྱུ་མཚན་ཨི་རག་ལ་ཆེས་འཇིགས་པའི་མི་ལྡེབ་གསོད་གཏོང་རྒྱུའི་མཚོན་ཆ་ཡོད་རབས་བཤད་ནས་རྒྱབ་པ་རེད། འོན་ཀྱང་རྗེས་སུ་མཚོན་ཆ་དེ་རིགས་གང་ཡང་མ་རྙེད་དུས། གཞི་ནས་དམངས་གཙོ་བཅོས་བསྒྱུར་བྱེད་པའི་ཆེད་དུ་ཡིན་ཅེས་བཤད་སོང། དམག་འཁྲུགས་ཀྱི་ནང་དུ་མི་སེར་དཀྱུས་མ་འབུམ་ཕྲག་མང་པོ་བསད་ཡོད། དེ་ཚོར་འཛམ་གླིང་རྒྱལ་ཁབ་དང་འགྲོ་བ་མི་ཡི་ཐོབ་སྟངས་རྩོད་མཁན་ཚོ་ཁ་བཙུམས་ནས་བསྡད་ཡོད། དེ་བཞིན་ཨབ་གྷ་ནིས་ཏན་ལ་དམག་འཁྲུག་རྒྱབ་ཡོད། དེ་ཡི་ནང་དུའང་མི་སེར་དཀྱུས་མ་འབུམ་ཕྲག་མང་པོར་བསད་ཡོད། མ་ཟད་ཁྱིམ་མཚེས་རྒྱལ་ཁབ་པ་ཀིས་ཏན་གྱི་མངའ་ཁོངས་ལ་ཆོག་མཆན་མེད་པར་མེ་ཤུགས་འཕུར་མདེལ་སོགས་འཕེན་ཏེ་ཁོང་ཚོའི་དམག་མི་དང་མི་སེར་དཀྱུས་མ་མང་པོ་བསད་ཡོད། འོན་ཀྱང་ཨ་རི་ཡིས་དེ་དག་ཐམས་ཅད་འཇིགས་བསྐུལ་རིང་ལུགས་པ་བསད་ཡོད་ཅེས་སྒྲོགས་ཀྱིན་ཡོད། ངོས་རང་ཨ་རིར་ཐེང་མང་འགྲོ་མཁན་ཞིག་ཡིན་པས། ཨ་རིའི་ཁང་སའི་ཉེ་འགྲམ་གྱི་སྒེར་གྱི་ས་ཐོག་ཏུ་ཕྱིན་ནས་ཁོང་ཚོས་ལམ་སེང་མེ་མདའ་འཁྱེར་ནས་ཡོང་གི་འདུག ངོ་མ་སྐྱི་གཡའ་ཞིང་འཇིགས་སུ་རུང་པའི་ཚོར་སྣང་དེ་འདྲ་ང་དང་ང་འདྲ་བར་མི་མང་པོར་བྱུང་འདུག ཁོང་ཚོའི་མི་སེར་ཕལ་ཆེ་བར་དེང་རབས་ཀྱི་མེ་མདའ་ཐོགས་ཡོད།
    མ་ཟད་ཨི་རག་གི་བཙོན་ཁང་ནང་ལ་ཨ་རི་ཡི་དམག་གིས་བཙོན་པ་ཚོར་མི་སྤྱོད་ལས་འདས་པའི་ཐུབ་ཚོད་བཏང་བ་ཡུ་ཌུཔ་ནང་དུ་གཟིགས་དང། གཅེར་བུར་གཅིག་གི་སྟེང་དུ་གཞན་ཞིག་བཞག་པ་མཐོང་རྒྱུ་འདུག འོན་ཀྱང་ཨ་རི་ཡི་དམག་གིས་དེ་ལྟར་བྱེད་པའི་གནས་ཚུལ་བྱུང་མཚམས་ཨ་རི་ཡིས་འདི་ལྟར་བརྗོད་ཀྱིན་འདུག དམག་མི་དེ་ཡི་སེམས་ཁམས་བདེ་མོ་བྱུང་མི་འདུག ཡང་ན་དམག་མི་དེ་ཆང་རག་གིས་བཟི་འདུག་ཅེས་རྟག་ཏུ་གཡོལ་ཐབས་ཁོ་ནར་འབད་བཞིན་འདུག
    ངོ་མ་འཛམ་གླིང་འདིར་ཆེ་བས་ཆུང་ཟོས་རྐྱང་རེད། ང་ཚོ་བོད་པ་ཚོར་ཨ་རི་ཡིས་རྒྱ་ནག་ལ་སྐད་ཆ་ཤོད་པ་དག་ནི་ཁོང་ཚོ་རང་གི་ཁེ་ཕན་ལས་གཞན་གང་ཡང་མེད། དོན་དམ་ངོ་མའི་དམངས་གཙོའི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་ན། རྒྱ་ནག་གི་སྟེང་དུ་གྱིས་དང། གཞི་ནས་ང་ཚོར་ཁོང་ཚོས་རོགས་པ་བྱེད་ཀྱི་ཡོད་པར་ཤེས་ཐུབ།
    དེ་མིན་ཚོང་གི་ཁེ་ཕན་ཁོ་ན་རེད།

    Reply
  6. སྐར་མདའ། says:
    ལོ་ 14 སྔོན།

    རྒྱ་གཞུང་གིས་བཏོན་པའི་སྙན་ཐོ་དེར་དྲང་བདེན་རེ་ཟུང་ཡོད་ངེས་ཀྱང་། འཛམ་གླིང་སྟེང་རྒྱ་ནག་ལས་ནག་ཉེས་ཁྲམ་ཅན་ཆེ་ཤོས་ཤིག་ཟུར་དུ་མེད། དཔེར་ན། རྒྱ་ནག་ནང་བཙོན་པ་ཆེས་མང་དྲགས་པ་དེས་རྒྱ་གཞུང་གི་བཟོ་གྲྭ་ཁག་དང་། སློབ་གྲྭ གཞུང་ལམ། གྲོང་ཁྱེར་སོགས་ཀྱི་ཁང་རྩེག་བཅས་མང་ཆེ་བ་གླ་མེད་བཙོན་པ་ཚོས་ངལ་རྩོལ་འབའ་ཞིག་ལ་བརྟེན་ནས་བཟོ་སྐྲུན་བྱས་པ་རེད། ད་དུང་ཧ་ཅང་མང་་་་་་་་་

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    རྒྱ་ནག་གིས་ཨ་རིར་བཤད་པ་ལས་བདེན་པ་མང་པོ་འདུག་སྙམ། ཨ་རིས་འཛམ་གླིང་གི་ཞི་དྲག་གཉིས་ཐད་ཀྱི་མི་གྲངས་པོ་ཞིག་བསད་ཡོད་པ་རེད། དམག་འཁྲུག་ཀྱང་རིམ་པ་མང་པོ་ཞིག་བརྒྱབས་པ་ཚང་མའི་མིང་ལ་༼ཞི་བདེའི་དམག་འཁྲུག་༽ཅེས་ཐ་སྙད་གསར་བ་སྙིང་རྗེ་པོ་ཞིག་བཏགས་ཡོད་པ་རེད། དོན་ལ་ཨེ་རག་གཙོས་ཁ་ཆེའི་རྒྱལ་ཁབ་མང་པོ་ཞིག་གི་མི་སེར་དཀྱིས་པ་མང་པོ་དམར་བསད་དང་སྡུག་བསྔལ་གྱི་མཚོར་བརྫངས་ཡོད་པ་བཤད་ཀྱང་ཕན་ཐོག་མེད་ཚོད་སྐྱེལ་ཡོད་པ་རེད།
    ད་དུང་ཨ་རའི་མི་སེར་མང་ཆེ་བར་ཨ་རིའི་མི་ནི་འཛམ་གླིང་གི་མི་ངོ་མ་བོ་དེ་ཡིན་པ་དང་། གཞན་དག་ནི་ཁོང་ཚོས་དབང་བསྒྱུར་བྱའི་ཡུལ་ཡིན་པའི་འདུ་ཤེས་དེ་ཡོད་ཀི དེ་ནི་ཁོང་ཚོའི་སློབ་ཚན་དུའང་ཡོད་པ་རེད་ཟེར། གང་ལྟར་ང་རྒྱལ་ཆེ་ཞིང་སྒོར་མོ་ཁོ་ན་བསམ་མཁན་གྱི་མི་རིགས་རེད་འདུག་ཨང་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese