མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་བློན་ནའེ་རོས་བོད་ཐོག་འཛིན་པའི་སྲིད་བྱུས་ནོར་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༠
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པ་ནས་ཉིན་གསུམ་རིང་ངྷ་སར་ལྡི་ལི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཕྱི་དྲིལ་ལས་ཁུངས་མཉམ་འབྲེལ་གོ་སྒྲིག་འོག རྒྱ་གར་བོད་དོན་རྒྱལ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་བཞི་བ་མགོ་འཛུགས་སྟེང་། ༧གོང་ས་མཆོག་ཆིབས་སྒྱུར་བཀའ་སློབ་བསྩམ་སོང་།

ཕྱི་ཕྱི་ཚེས་ ༩ ནས་ཚེས་ ༡༡ བར་ཉིན་གསུམ་རིང་ངྷ་ས་ཟློས་གར་ཚོགས་ཁང་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བཞི་བ་འཚོགས་བཞིན་ཡོད་པ་དང་། ཚོགས་ཆེན་ཉིན་དང་པོའི་སྐུ་འགྲོན་གཙོ་བོར་༧གོང་ས་མཆོག་དང་། དེ་བཞིན་རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་བ་ལཱ་ལེ་ཊི་མན་སེན། རྒྱ་གར་གྲོས་ཚོགས་འཐུས་མི་ལྕམ་ཅཱན་ཌི་རེ་ཤི་ཀུ་མར། བཀའ་ཁྲི་བློ་བཟང་སེང་གེ་མཆོག གཞན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་གཞོན་པ། ལྡི་ལི་དོན་གཅོད་བསྟན་པ་ཚེ་རིང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་ཚོགས་ཞུགས་གནང་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་སྟེང་རྒྱ་གར་ས་གནས་གང་ས་ནས་བོད་དོན་རྒྱབ་སྐྱོར་བ་ ༡༥༠ ལྷག་ཚོགས་བཅར་མཉམ་ཞུགས་བྱས་འདུག

ཚོགས་ཆེན་སྟེང་༧གོང་ས་མཆོག་གིས་རྒྱ་ནག་གཞུང་གིས་བོད་ལ་དབང་སྒྱུར་བྱས་ཡོད་ཀྱང་བོད་མིའི་ནང་བསམ་བློར་དབང་སྒྱུར་ཐེབས་མེད་པ། རྒྱ་གར་ནས་དར་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་གཙོ་བར་གྱུར་བའི་བོད་ཀྱི་རིག་གཞུང་ནང་པ་ཙམ་མ་ཡིན་པར་སྤྱི་ཚོགས་ཁྱོན་ཡོངས་ལ་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་ནས་ཁོང་གིས། “དུས་རབས་མང་པོའི་གོང་ནས་བོད་དུ་བོད་རིགས་ཁ་ཆེ་ཆོས་ལུགས་པ་ཡོད་པ་དང་། དེང་སང་ཁོང་ཚོ་མང་པོ་ཞིག་ཤཱི་རེ་ནཱ་གྷར་དུ་གཞིས་ཆགས་ཡོད་ཅིང་། ཁོང་ཚོའི་ཆོས་ཁ་ཆེ་ཆོས་ལུགས་ཡིན་ཡང་བོད་ཀྱི་རིག་གཞུང་གི་ལྟ་སྤྱོད་ཤུགས་ཆེན་པོ་ཡོད་སྟབས། ཁོང་ཚོ་དུས་རྒྱུན་འཚེ་བ་མེད་པ་དང་བྱམས་སྙིང་རྗེ་ལྡན་པ་རྐྱང་ཡིན། ཟླ་རྗེ་མར་ང་ཁོང་ཚོར་བལྟ་རུ་འགྲོ་རྒྱུ་ཡིན་”ཞེས་གསུངས་སོང་ལ། དེ་ལྟ་བུའི་བོད་ཀྱི་རིག་གཞུང་དང་འཛམ་གླིང་གི་སྣེ་གསུམ་པར་འབོད་པའི་བོད་ཀྱི་ཁོར་ཡུག་བོད་མི་ཙམ་མིན་པར་ཨེ་ཤ་ཡ་དང་རྒྱ་ཆེ་ས་ནས་འཛམ་གླིང་སྤྱི་གཅེས་སྤྲས་བྱ་གཞི་ཞིག་ཡིན་པ། བོད་དང་རྒྱ་གར་གཉིས་བར་ལོ་རྒྱུས་དང་རིག་གཞུང་གང་གི་ཐད་ནས་དམིགས་གསལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ། ད་ལྟ་ཁོང་གིས་སྲིད་དབང་མི་རབས་གསར་པར་རྩིས་སྤྲོད་བྱས་ཡོད་པ་དང་མི་ཚེ་ལྷག་མ་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་ཐད་ནུས་ཤུགས་འདོན་རྒྱུ་ཡིན་པ། ཚོགས་ཞུགས་པ་རྣམས་ཚོགས་འདུར་བཅར་ཐུབ་པ་ཙམ་མ་ཡིན་པར་ཚོགས་ཆེན་སྟེང་གྲོས་བསྡུར་གང་བྱུང་རིགས་ཕྱིར་ཕེབས་རྗེས་ལག་ལེན་བསྟར་རྒྱུ་གལ་ཆེ་ཤོས་ཡིན་པ་སོགས་ཀྱི་བཀའ་སློབ་བསྩལ་ཡོད།

དེ་བཞིན་རྒྱ་གར་མི་སྣ་ཁག་ཅིག་གིས་རྒྱ་གར་གྱི་སྲིད་བློན་དང་པོ་ནའེ་རོ་ཡིས་བོད་ཐོག་བཟུང་པའི་རྒྱ་གར་གཞུང་གི་སྲིད་ཇུས་ལ་ནོར་འཁྲུལ་ཤོར་ཡོད་པ། བོད་ཀྱི་གནད་དོན་ནི་རྒྱ་གར་གྱི་བདེ་འཇགས་དང་རིག་གཞུང་གང་གི་ཐད་ནས་གཡོལ་ཐབས་མེད་པའི་རྩ་དོན་ཞིག་ཆགས་ཡོད་པ། རྒྱ་ནག་གིས་བོད་བཅིངས་འགྲོལ་གཏོང་རྒྱུ་ཡིན་ལུགས་ཁ་ལ་ཁྱེར་ཏེ་བོད་མི་རྣམས་བྲན་གཡོག་ཅན་དུ་བསྒྱུར་ཡོད་པ། བོད་ནས་འབབ་པའི་ཆུ་ཆེན་དག་དང་བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཨེ་ཤ་ཡ་དང་ལྷག་པར་དུ་རྒྱ་གར་ལ་འགན་ཆེན་པོ་ཡོད་པ། བོད་འདི་འཛམ་གླིང་ནང་བསྐྱར་དུ་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཏུ་གནས་ཐུབ་རྒྱུར་རྒྱབ་སྐྱོར་དང་མཉམ་ལས་འཐབ་རྩོད་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཚུལ་སོགས་ཀྱི་སྐོར་བརྗོད་སོང་།

བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཨ་རི་དང་རྒྱ་ནག་ནི་རྒྱ་གར་ཕྱི་འབྲེལ་ཐད་གལ་ཆེན་པོ་ཆགས་ཡོད་པ་དང་། རྒྱ་གར་དང་རྒྱལ་སྤྱིའི་གནས་བབ་ཐད་རྒྱ་གར་གཞུང་གིས་ཁོང་ཚོ་དང་ཕྱི་འབྲེལ་འཛིན་རྒྱུ་གལ་ཆེན་པོ་ཡིན་ཡང་། བོད་ནི་རྒྱ་གར་གྱི་བདེ་འཇགས་ཐད་གཞན་ལས་གལ་ཆེན་པོ་ཡིན་སྐོར། འདས་པའི་ལོ་ ༥༠ ལྷག་རིང་རྒྱ་གར་གཞུང་དམངས་གཉིས་ནི་རྒྱལ་ཁབ་གཞན་གང་ལས་ཀྱང་བོད་མི་ཚོར་བཀའ་དྲིན་ཆེན་པོ་དང་། འབྲེལ་ལམ་རྒྱུན་རིང་ཤོས། ཡིད་ཆེ་བློ་གཏད་འཕེར་ཤོས་དེ་ཡིན་སྐོར་སོགས་གསུངས་སོང་།

ཚོགས་ཆེན་ཉིན་དང་པོར་འབྲེལ་ཡོད་རྒྱ་གར་དང་བོད་མིའི་གནད་ཡོད་མི་སྣ་ཁག་ཅིག་གིས་ད་ལྟའི་བོད་ནང་གི་གནས་བབ། བོད་དང་རྒྱ་དཀར་ནག་གི་ཕྱི་འབྲེལ། བོད་ཀྱི་ཉེན་འཚབ་རང་བཞིན་གྱི་ཁོར་ཡུག་གནས་བབ་དང་དེས་ཁྱིམ་མཚེས་རྒྱལ་དག་ལ་ཐེབས་པའིཤུགས་རྐྱེན། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དག་གི་བོད་དོན་ལས་འགུལ་ལ་བསྐྱར་ཞིབ་དང་དེ་དག་གི་ཤུགས་རྐྱེན་སོགས་ཀྱི་ཐད་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་ཅིང་། ཉིན་གཉིས་པར་ནང་ཁུལ་སྡེ་ཚན་ཁག་བགོས་ཐོག རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རྒྱ་སྐྱེད་བྱ་ཕྱོགས་དང་། རྒྱ་གར་གྱི་སློབ་གྲྭ་ཁག་དང་མཐོ་སློབ་ཁག གཙུག་ལག་སློབ་ཆེན་སོགས་ཀྱི་ནང་བོད་དོན་གོ་རྟོགས་སྤེལ་ཕྱོགས། ད་སྔའི་བོད་ཐོག་འཛིན་པའི་རྒྱ་གར་གཞུང་གི་སྲིད་ཇུས་བསྐྱར་ཞིབ་བྱ་རྒྱུར་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཚོས་ནུས་པ་ཇི་ལྟར་འདོན་དགོས་པ་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱ་འཆར་དང་། ཉིན་གསུམ་པར་གྲོས་ཆོད་གཏན་འབེབས་བྱ་རྒྱུ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་དང་བོད་མིའི་གཞིས་ཆགས་ཁག་གི་འགན་འཛིན་བཅས་ཀྱི་བར་མཉམ་ལས་བྱ་ཕྱོགས་སྐོར་གྲོས་བསྡུར་བྱ་རྒྱུ་བཅས་ཡིན་འདུག

ཐེངས་འདིའི་ཚོགས་ཆེན་སྟེང་རྒྱལ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་བ་ ༡༥༠ ལྷག་མཉམ་ཞུགས་བྱས་ཡོད་འདུག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༠༣ ལོར་ཅཱན་ངྷི་གར་དུ་ཚོགས་ཡོད་པ་དང་། ཚོགས་ཆེན་ཐེངས་གཉིས་པ་ ༢༠༠༦ ལོར་རྡོ་རྗེ་གདན་དུ་ཚོགས། ཚོགས་ཆེན་ཐེངས་གསུམ་པ་ ༢༠༠༩ ལོར་ལྡི་ལིར་ཚོགས་ཡོད་འདུག

གནས་ཚུལ་རྒྱས་པ་ཕྱི་ཚེས་ ༢༠ ཉིན་གྱི་དུས་བབ་ཚགས་པར་ལ་གཟིགས།

གསར་འགོད་པ།  བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༡ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༦ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 2

  1. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    དེང་སང་རྒྱ་གར་ནང་དུ་ཤེས་ཡོན་པ་མིན་གང་ལྟར་ཀྱང་ཆབ་སྲིད་ལ་དོ་སྣང་ཡོད་མཁན་གྱི་གྲས་སུ་༼རྒྱ་གར་གྱི་སྲིད་བློན་དང་པོ་ནའེ་རོ་ཡིས་བོད་ཐོག་བཟུང་པའི་རྒྱ་གར་གཞུང་གི་སྲིད་ཇུས་ལ་ནོར་འཁྲུལ་ཤོར་ཡོད་༽པ་ངོ་མ་རེད། སྐད་ཆ་འདི་ངས་ཀྱང་རྒྱ་གར་བ་མང་པོའི་ཁ ནས་གོ་མྱོང་། ད་སྔོན་མ་ནི་ནོར་ཡོད་མེད་གང་ལྟར་ཡང་མི་ལོ་༥༠ ནས་༦༠ འདས་ཟིན་པ་རེད།
    རྒྱ་གར་གཞུང་དང་མི་དམངས་མཁས་བླུན་སུ་ཡིན་ཡང་བོད་འདི་ལ་ལྟ་སྟངས་༼བོད་ནི་རྒྱ་གར་གྱི་བདེ་འཇགས་ཐད་གཞན་ལས་གལ་ཆེན་པོ་ཡིན་སྐོར། འདས་པའི་ལོ་ ༥༠ ལྷག་རིང་རྒྱ་གར་གཞུང་དམངས་གཉིས་ནི་རྒྱལ་ཁབ་གཞན་གང་ལས་ཀྱང་བོད་མི་ཚོར་བཀའ་དྲིན་ཆེན་པོ་དང་། འབྲེལ་ལམ་རྒྱུན་རིང་ཤོས། ཡིད་ཆེ་བློ་གཏད་འཕེར་ཤོས་དེ་ཡིན་༽ཟེར་བ་སོགས་བདེན་པ་ངོ་མ་ཡིན་ཚེ། ད་ནི་བོད་དོན་ཐོག་ལ་དངོས་སུ་ཁ་གྲགས་རན་རེད། ལས་ཀ་བྱེད་རན་རེད།

    Reply
  2. གནས་ཚང་། says:
    ལོ་ 14 སྔོན།

    རྒྱ་གར་ཚོས་ཁ་ལ་མ་ཉན། རྒྱ་ནག་གིས་ག་ལེར་འགྲམ་ལྕག་བཞུ་གི་རེད་ལ། དེ་དུས་༼སིམ་ལའི་ཆིངས་ཡིག༽གླེང་ཡོང་གི་རེད། གལ་ཏེ་ང་རང་བཀའ་ཁྲི་ཡིན་ན། སྐབས་དེར་ཐོག་མར་རྒྱ་གར་གཞུང་གིས་ཡོངས་ཁྱབ་ཀྱི་ངོས་ནས་བོད་ལ་བཟོད་གསོལ་ཞུ་དགོས་ཞེས་བཤད་སྲིད། གལ་སྲིད་དེ་ལས་ལྡོག་ན། ལ་དྭགས་བཅས་པའི་མངའ་ཁོངས་ཕལ་ཆེ་བ་རྒྱ་ནག་གིས་འཕྲོག་སྲིད་པ་ནི་ཟུར་བལྟས་ལེབ་མཐོང་རང་རེད། ལྟད་མོ་དེ་མགྱོགས་པོར་སླེབས་ངེས་ཡིན་པས། བོད་པ་ཚོར་གྲ་སྒྲིག་ཡོད་དམ། ངོས་ཀྱིས་བལྟས་ན་ཅི་ཡང་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese