མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་ ༡༢ པ་སྨན་རི་གླིང་དུ་ཚོགས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་བའི་ཉིན་བདུན་རིང་བོན་གཞིས་སྨན་རི་གླིང་དཔེ་མཛོད་ཁང་དུ། གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་ ༡༢ པ་ཚོགས་ཤིང་། དཔལ་རྒྱལ་བ་སྨན་རི་ཁྲི་འཛིན་མཆོག་མཛད་སྒོའི་ཚོགས་མགོན་དུ་ཕེབས་ཏེ་བཀའ་སློབ་གསུང་བཤད་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༣ ནས་ ༩ བར་བོན་གཞིས་ཐོབ་རྒྱལ་གསར་བའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་དུ། “གཡུང་དྲུང་བོན་གྱི་སྐོར་”བགྲོ་གླེང་ཐེངས་ ༡༢ པ་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་དང། དམིགས་བསལ་སྐུ་མགྲོན་སྨན་རིའི་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག  བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་མཆོག གཞན་ཡང་། གདན་ས་སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དང་། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ། ས་གནས་གཞིས་དྲུང་དང་བཤད་སྒྲུབ་སློབ་གླིང་གི་དཔེ་ཁྲིད་དགེ་རྒན། ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཕྲུག་བཅས་མཉམ་ཞུགས་གནང་ཡོད་འདུག 

བགྲོ་གླེང་མཛད་སྒོའི་ཐོག་དཔལ་རྒྱལ་བ་སྨན་རི་ཁྲི་འཛིན་མཆོག་གིས། ཆོས་རྒྱུད་གཞན་གྱི་མི་སྣ་ཆེ་ཁག་དུ་མས་གཉའ་ཁྲིའི་ཡར་སྔོན་བོད་ཀྱི་ལོ་རྒྱུས་སྐོར་བོན་པོ་རང་གིས་ཁུངས་སྐྱེལ་དགོས་པ་མ་ཟད། སྲོང་བཙན་སྔོན་གྱི་བཙན་པོའི་རྒྱལ་རབས་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་དང་ཆོས་དང་རིག་གཞུང་མཐའ་དག་ཀྱང་དེ་བཞིན་ཡིན་སྐོར་གསུངས་ཀྱིན་ཡོད་པར་བརྟེན། ང་ཚོའི་ངོས་ཀྱང་དེའི་སྐོར་ལ་དོ་སྣང་དང་བགྲོ་གླེང་བྱ་རྒྱུ་གལ་ཆེན་ཡིན་ཚུལ་དང་། བགྲོ་གླེང་གསུང་བཤད་སྐབས་ཕལ་སྐད་ལ་སྣང་ཆུང་མི་བྱེད་པར་ཕལ་སྐད་ཀྱི་ནུས་པ་ལ་བསམ་གཞིགས་དགོས་རྒྱུ་གལ་ཆེན་ཡིན་པ། དེ་བཞིན། གཞུང་ཆེན་མོའི་ཚིག་དང་བརྡ་རྙིང་སོགས་ཀྱི་རིགས་རེད་ཅེས་བཀོལ་མེད་དུ་མི་འཇོག་པར། ཡང་ནས་བསྐྱར་དུ་བེད་སྤྱོད་བྱས་ན་ག་ལེར་གོམས་རྒྱུ་ཡོད་པའི་སྐོར་བཀའ་སློབ་གསུངས་བཤད་གནང་ཡོད་པ་རེད།

ཉིན་བདུན་རིང་གི་བགྲོ་གླེང་དངོས་གཞིའི་སྐབས། སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་། བཤད་སྒྲུབ་སློབ་དཔོན། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། སློབ་དགེ་པད་མ་དགྲ་འདུལ། བྱ་དུར་བསོད་ནམས་བཟང་པོ། ཨཅྰརྱ་བཟང་མོ་བཅས་གདན་ཞུའི་བགྲོ་གླེང་པ་དག་གིས།  “གནའ་རབས་བོན་དང་ཧི་མ་ཡའི་འབྲེལ་བའི་སྐོར།”དང་། “བོན་ཕྲུག་ཁག་གི་ད་ལྟའི་འགན་འཁྲི་དང་མ་འོངས་ལངས་ཕྱོགས།” “བོད་ཀྱི་ཐུན་མིན་སྲོལ་རྒྱུན་རིག་གནས་སྐོར་གྱི་རྒྱུན་ཤེས།” “དུས་རབས་བདུན་པའི་སྔོན་གྱི་བོད་ཡིག་གི་བྱུང་ཁུངས་སྐོར།”  “བོན་གཞིས་ཐོབ་རྒྱལ་གསར་པའི་བྱུང་རབས་དང་ད་ལྟའི་གནས་བབ།”  “གནའ་རབས་བོན་དང་འབྲེལ་བའི་བརྡ་སྤྲོད་རིག་པ།” སོགས་བརྗོད་གཞི་ཁག་གི་ཐད། ཆུ་ཚོད་སྐར་མ་ ༤༥ རེར་གཏམ་བཤད་གནང་རྗེས། སྐར་མ་ ༣༠ རེའི་ནང་ཚོགས་བཅར་བ་དག་གི་དོགས་སློང་དང་དྲི་བར་ལན་འདེབས་དང་། མཇུག་མཐར་༼རིག་རྩལ་འགྲན་པའི་གར་སྟེགས༽ཞེས་པའི་ལེ་ཚན་གོ་སྒྲིག་གནང་སྟེ། བགྲོ་གླེང་གོ་སྒྲིག་ཚོགས་པའི་ངོས་ནས་ཚོགས་ཞུགས་པ་ཡོངས་ལ་གཡུང་དྲུང་བོན་གྱི་རྒྱུན་ཤེས་སྐོར་ནས་དྲི་བ་དྲིས་ལན་གནང་སྟེ། ནམ་རྒྱུན་གྱི་འཚོ་བའི་ཁྲོད་གནས་པའི་བོན་སྐོར་གྱི་ཤེས་བྱར་དོ་སྣང་དང་གོ་རྟོགས་སྤེལ་ཡོད་པ་རེད།

གཞན་ཡང་། བགྲོ་གླེང་དང་སྐབས་བསྟུན་ནས་ཞང་ཞུང་སྨར་ཡིག་ལ་སོགས་པའི་ཡིག་གཟུགས་དང་རྩོམ་ཡིག་འགྲན་བསྡུར་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་མ་ཟད།  མཇུག་སྡོམ་མཛད་སྒོའི་ཐོག་དཔལ་རྒྱལ་བ་སྨན་རི་ཁྲི་འཛིན་མཆོག་ནས། ཡིག་གཟུགས་དང་རྩོམ་ཡིག་འབྲི་མཁན་ལེགས་གྲས་རྣམས་ལ་བྱ་དགའི་གསོལ་རས་གནང་ཡོད་པ་དང་།  ཐེངས་འདིའི་བགྲོ་གླེང་ཐོག་ཝཱ་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་། ལྡི་ལི་མཐོ་སློབ། ཅན་ལྡི་སྒར་མཐོ་སློབ། མ་སི་རི་བོད་ཁྱིམ། ས་གནས་ཉིན་སློབ་གྱི་འཛིན་རིམ་བཅུ་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་བཅས་ཁྱོན་བསྡོམས་མི་གྲངས་ ༢༡༨ མཉམ་ཞུགས་བྱས་ཡོད་འདུག

གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཚོགས་འདུ་དེ་ནི་དཔལ་རྒྱལ་བ་སྨན་རི་ཁྲི་འཛིན་མཆོག་གི་དགོངས་བཞེད་ལྟར། ༢༠༠༠ ལོ་ནས་མགོ་བཙུགས་ཏེ་ཕྱོགས་མཐའི་སློབ་གྲྭ་ཁག་གི་དབྱར་ཁའི་གུང་གསེང་དང་སྟབས་བསྟུན། ལོ་རེ་བཞིན་གཡུང་དྲུང་བོན་གྱི་ཆོས་དང་རིག་གཞུང་སྐོར་ལ་བགྲོ་གླེང་ཐེངས་རེ་ཚོགས་བཞིན་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༩ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

མཆན། 4

  1. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    གཡུ་དྲུང་བོན་གྱི་བགྲོ་གླེང་པ་ཡོངས་ལ་འཚམས་འདྲི་ཞུ། མ་ཟད་དེང་སྐབས་བོན་བཀའ་བསྟན་སོགས་གང་ཅིར་ཕུན་སུམ་ཚོགས་པོ་ཞེ་དྲག་འདུག་པས་དེ་ལྟ་བུའི་རིག་གཞུང་འདི་སྔར་ནས་སྟོན་པ་གཤེན་རབ་ནས་བརྒྱུད་དེ་བྱུང་ཡོད་དམ་གང་ཡིན་གསུངས་རོགས་ཞུ། དྭོགས་པར་འདི་ལྟ་བུའི་རིག་གཞུང་སྔར་ནས་བོད་ས་ཐོག་ཏུ་ཡོད་བཞིན་དུ་རྒྱ་གར་ནས་ནང་ཆོས་དར་འཕེལ་ཆེད་མི་རབས་ནས་མི་རབས་སྐུ་ལས་བསྐྱོན་དགོས་དོན་གང་ཡིན་དང་། ལྷག་པར་ད་ལྟའི་བོན་དང་ཆོས་གཉིས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མི་འདྲ་བ་ཆེས་མི་སྣང་བས་གསལ་བཤད་ལེགས་པོ་ཞིག་ཀུན་སློང་བཟང་པོ་ཞིག་གིས་གནང་རོགས་ཞུ།

    Reply
  2. ཁྲི་གཡུང་དྲུང་། says:
    ལོ་ 14 སྔོན།

    བཀུར་འོས་རྩོམ་སྒྲིག་པ་ལགས།
    ཉེ་བའི་ཉིན་བཞིའི་རིང་་་་་་ཞེས་པ་དེ་ཡང་་་་་་་་་་་ཉིན་བདུན་རིང་་་་བཅོས་རོགས་ཞུ།
    ཐུགས་རྗེ་ཆེ།

    Reply
  3. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    བོན་པོའི་ལོ་རྒྱུས་དང་རིག་གཞུང་ནི་་བོད་ས་རང་ལ་བྱུང་བའི་གཅེས་ནོར་དང་བོད་པ་ཚང་གི་གཅེས་ཉར་བྱ་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་རེད།
    ཡིན་ན་ཡང་སྟོན་པ་ཤེས་རབ་ཞེས་པའི་བོན་ཆོས་གསུངས་པ་པོ་དེ་བོད་པ་ཡིན་མིན་དང་གང་དུ་འཁྲུངས་མིན་ནི་གསལ་པོ་མེད་པ་ལྟ་བུ་སྣང་།
    བོད་ཀྱི་ལོ་རྒྱུས་ནང་འཁྲུངས་ཡུལ་ལ་མི་མཐུན་པ་ཁ་ཤས་ཡོད་པ་འདྲ་། བོད་པ་ཡིན་མིན་དང་འཁྲུངས་ཡུལ་གང་ནས་ཡིན་མིན་གསལ་པོ་ཞིག་བཀའ་གནང་རོགས་ཞུ།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    གཡུང་དྲུང་བོན་གྱི་བགྲོ་གླེང་ཐེངས་༡༢ པར་འཚམས་འདྲི་ཞུ། གནའ་བོན་དང་དེང་བོན་བར་མི་འདྲ་བའི་ཁྱད་ཆོས་རྣམ་གྲངས་ཅི་ཡོད་ལགས་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese