མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇོ་ནང་བར་ཞབས་སྟེཊ་གཅིག་ཕུལ་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་དམིགས་བསལ་ཚོགས་ཆེན་ཐོག་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ཞབས་སྟེགས་གཅིག་དང་། ཇོ་ནང་པར་དམིགས་བསལ་གྱི་སྐུ་ཚབ་གཅིག་གི་ཞབས་སྟེགས་འབུལ་གཏན་འཁེལ་འདུག  

ཉེ་ཆར་བཀའ་སྤྱི་ཐུན་མོང་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་སྐོར་གོ་བསྡུར་གནང་ཆེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག  ཕྱི་ཟླ་ ༩ པའི་ཚེས་ ༢༥ ནས་ ༢༨ པར་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པབཞུགས་སྒར་དུ་ཚོགས་གཏན་འཁེལ་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དྲུང་ལས་ཁུངས་ཀྱིས་ཚོགས་འཆར་ཡོད་པའི་དམིགས་བསལ་ཚོགས་ཆེན་སྟེང་དང་བླངས་ཚོགས་ཞུགས་པ་མཉམ་ཞུགས་བྱེད་སྟངས་ཀྱི་ཐད་ལ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་འདུག

གསར་འགོད་གསལ་བསྒྲགས་ནང་དང་བླང་ཚོགས་ཞུགས་གནང་ཕྱོགས་ཀྱི་ཐད་ལ། དམིགས་བསལ་ཚོགས་ཆེན་གྱི་ལས་རིམ་གཏན་འབེབས་ནང་གསལ་ལྟར། དོན་ཚན་ ༤ པ་ཚོགས་མིའི་ཡོང་ཁུངས་ཀྱི་ནང་གསེས་ (ཕ) རྒྱུན་གཏན་བོད་དོན་ཐོག་ཐུགས་སྣང་དང་འགན་འཁུར་ལས་འགུལ་གནང་མཁན་རྒྱ་བལ་འབྲུག་གསུམ་ནས་མི་གྲངས་ ༣༥ དང། དེ་མིན་ནས་མི་གྲངས་ ༥༠ ལས་མ་མང་བ་བཅས་བཅར་འཐུས་དང་། དེའི་ནང་ནས་མི་གྲངས་ ༢༥ གཞོན་སྐྱེས་རང་ལོ་ ༣༠ མན་གྱི་ཆེད་ཟུར་བཅད་གནང་རྒྱུ་བཅས་གསལ་བ་ལྟར་ཡིན་པ་དང། ནང་གསེས་ (ཕ) པའི་འོག་གི་མཆན། ༡༽ རྒྱ་བལ་འབྲུག་གསུམ་ལ་དང་བླངས་ཞབས་སྟེགས་ ༣༥ ཡོད་ཁོངས་ནས་ཟུར་འཛར་དང་པོའི་ནང་མེད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ ཆེད་དུ་ཟུར་བཅད་བྱ་རྒྱུ། ཉེ་སྔོན་གྱི་གསལ་བསྒྲགས་ནང་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༤ ཚེས་ ༡༦ ཉིན་གུང་བར་སྙན་ཞུ་འབྱོར་ཟིན་ཁག་ཅེས་གསལ་བའི་ཐད། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༦ ཚེས་ ༢ ཉིན་བཀའ་སྤྱི་ལྷན་ཚོགས་ཐོག་བཀའ་བསྡུར་གནང་བའི་མཐའ་དོན། དམིགས་བསལ་ཚོགས་ཆེན་ཐད་ཆབ་སྲིད་ཀྱི་གནད་དོན་གལ་ཆེས་མཚོན་གྲོས་གཞི་བྱེ་བྲག་པའི་ཐོག་གྲོས་བསྡུར་གནང་གི་ཡོད་སྟབས། དེའི་ཚོགས་མིའི་ཡོང་ཁུངས་ཀྱང་མི་འདྲ་བས། སྙན་ཞུ་འབྱོར་ཁག་ནས་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ཞབས་སྟེགས་གཅིག་སྲི་ཞུའི་ཚོགས་ཆེན་སྐབས་ཀྱི་གནས་སྟངས་སྔར་རྒྱུན་ལྟར་གནང་རྒྱུ་དང། ཇོ་ནང་པར་དམིགས་བསལ་ཐོག་སྐུ་ཚབ་གཅིག་གི་ཞབས་སྟེགས་འབུལ་རྒྱུ་བཅས་གཏན་འབེབས་གནང་ཞིང། དེ་མིན་ངོས་བཞེས་གནང་རྒྱུ་མིན་པའི་ཐག་གཅོད་གནང་ཡོད།  དང་བླངས་ཚོགས་མིའི་ཁོངས་འཛུལ་ཞུགས་ཐད། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༦ ཚེས་ ༡༥ ནས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༧ ཚེས་ ༣༡ བར་སྙན་ཞུ་ཇི་འབྱོར་ཆ་ཚང་རིམ་གསོག་གིས་མཐར་རྒྱན་སྐྱུར་གྱི་ལམ་ནས་གཏན་འཁེལ་ བྱུང་བ་རྣམས་ལ་ཚོགས་བརྡ་འབུལ་རྒྱུ། ཞེས་བཀོད་འདུག

ཡང་གསལ་བསྒྲགས་ནང་། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་ཐོག་ཞུགས་མཁན་གྱི་ད་བླངས་ཚོགས་ཞུགས་པ་རྣམས་ཀྱི་ཐུགས་སྣང་གནང་དགོས་པ་ཁག་ནི། དང་པོ། དང་བླངས་ཚོགས་ཞུགས་པ་རྣམས་ངེས་པར་དུ་དང་བླངས་དཔྱ་ཁྲལ་གཙང་འབུལ་གནང་མཁན་ཡིན་དགོས། གཉིས་པ། དེའི་ཕྱིར་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་ ༡,༣ དང། ད་བར་དཔྱ་ཁྲལ་ཆ་ཚང་སྒྲུབ་འབུལ་ཟིན་པའི་རྟགས་ཐེལ་འཁོད་པའི་ཤོག་ངོས་ཀྱི་པར་བཤུས། གསུམ་པ། ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ངམ། འབྲེལ་ཡོད་དཔྱ་ཁྲལ་བསྡུ་མཁན་གྱི་ཚོགས་པ།  སྡེ་ཚན་ནས་དཔྱ་ཁྲལ་ཆ་ཚང་གཙང་འབུལ་ཟིན་པའི་ངོས་སྦྱོར་བཅས་གང་རུང་སྙན་ཞུའི་མཉམ་ངེས་འབུལ་དགོས་ཀྱི་ཡོད་འདུག བཞི་བ། དང་བླངས་ཚོགས་ཞུགས་ཀྱི་ཞུ་སྙན་རྣམས་ཡིག་ཐོག་སྦྲགས་བརྒྱུད་དམ། གློག་འཕྲིན་ E-mail ལག་བརྒྱུད Fax བརྒྱུད་བཅས་གང་རུང་ཐོག་འབུལ་དགོས། སྤྱི་ལྷན་ཚོགས་དྲུང་ལས་ཁུངས་སུ་ E-mail དང་ Fax བརྒྱུད་ཞུ་སྙན་འབུལ་གཏོང་གནང་རྒྱུ་ཡིན་ཚེ་དེ་དག་གི་ཞལ་བྱང་དང། ཨང་གྲངས་གཤམ་གསལ། Email#tibetanparliament@tibet.net Fax# 01892-224593

ལྔ་པ། ཞལ་པར་ཐོག་དང་བླངས་ཚོགས་ཞུགས་གནང་རྒྱུའི་འབྲེལ་བ་བྱུང་རིགས་ཚོགས་ཞུགས་ཀྱི་རྒྱན་ཁོངས་འཇུག་རྒྱུ་མིན་པ་བཅས་དང། དྲུག་པ།  དང་བླངས་ཚོགས་མིའི་ཁོངས་ཚུད་ཚེ་ཚོགས་བརྡ་འབུལ་རྒྱུས་མཚོན་འབྲེལ་ལམ་ཞུ་བདེའི་ཆེད། ད་ལམ་ཚོགས་ཞུགས་ཞུ་སྙན་མཉམ་དོ་བདག་སོ་སོར་འབྲེལ་བ་བྱ་ཡུལ་ཞལ་བྱང་དང། E mail ཞལ་བྱང། ཞལ་པར་ཨང་གྲངས་བཅས་ངེས་པར་གཏོང་གནང་དགོས། ཞེས་བཀོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༩ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 11

  1. མངའ་རིས་བུ། says:
    ལོ་ 13 སྔོན།

    དྲ་གྲོགས་དོན་འགྲུབ་བཀྲ་ཤིས་ལགས།
    ལན་གནང་བར་བཀའ་དྲིན་ཆེ།
    ཁྱེད་ཀྱི་ང་ལ་་་་མ་རྟོགས་ལོག་པར་རྟོགས་པ་་་རྟོག་པ་ཞེས་གསུང་འདུག་ངས་མ་རྟོགས་ལོག་པར་རྟོག་པ་དེ་འདྲའི་སྐད་ཆ་གང་ཡང་བཤད་མེད་གང་ལྟར་དེ་ནི་ཁྱེད་རང་གིས་སྣང་ཚུལ་ཞིག་རེད། གཞན་ཡང། ང་ཡིས་དྲིས་པ་དེར་ཁྱེད་ཀྱིས་མ་རྟོགས་ལོག་པར་རྟོག་པའི་ལན་བྲིས་གནང་འདུག
    གང་ཡིན་ཟེར་ན། ང་ཡིས་དྲིས་པ་ནི། བཀའ་རྒྱུད་ཆེ་བཞི་ཆུང་བརྒྱད་ཅེས། བཀའ་རྒྱུད་ཆེ་བ་དང་བཀའ་རྒྱུད་ཆུང་བ་ཞེས་མི་འཐད་པར་ཐལ། དེ་གཉིས་ཀ་སྟོན་པ་གཅིག་གི་བསྟན་པ། དགེ་རྒན་གཅིག་གི་དགེ་ཕྲུག་ཡིན་པའི་ཕྱིར་ཞེས་བརྗོད་འདོད་པ་ཡིན། འོན་ཀྱང་ཁྱེད་ཀྱིས་དེ་མ་རྟོགས་ནས། རྒྱལ་བ་ཇོ་ནང་པ་ཆུང་པ་མིན་པའི་སྒྲུབ་བྱེད་བཀོད་འདུག དེ་ནི་ང་ཡི་དྲི་བ་མ་རྟོགས་པའི་སྐད་ཆ་རང་རེད། ངས་དང་པོ་རང་ནས་རྒྱལ་བ་ཇོ་ནང་པ་ཆུང་བ་ཡིན་པར་ངོས་ལེན་མེད་ཅེས་བཤད་ཟིན།
    ད་དེ་ཚོ་གཡུག་ཞོག གང་ལྟར་ཁྱེད་རང་ཚོས་བོད་ཀྱི་ཆོས་རྒྱུད་གཞན་མ་ཚོ་དང་འདྲ་བར་ཐོབ་ཐང་དེ་ཚོ་ལེན་དགོས། ༸གོང་ས་མཆོག་གིས་དེ་སྐོར་ཡང་ཡང་གསུངས་ཡོད། འོན་ཀྱང་འོག་ནས་དགོངས་པ་འདྲ་ལེན་ནས་ད་བར་ཐག་ཆོད་མེད།
    གཅིག་ཏུ་ནི་ག་གཟི་ཚེ་རིང་པོས་ཇོ་ནང་ས་སྐྱའི་ཁོངས་གཏོགས་ཡིན་པའི་གཏམ་ཉོག་ལུང་པ་གང་བྲིས་ཡོད་པ་ཞིག་མཐོང་བྱུང།

    Reply
  2. དོན་འགྲུབ་བཀྲི་ཤིས། says:
    ལོ་ 13 སྔོན།

    དྲ་གྲོགས་མངའ་རིའི་བུ་དང་། ཡུལ་གྱར་བ་སོགས་ཀྱི་ཇོ་ནང་བའི་སྐོར་དང་ངས་རྩོམ་ཡིག་སོགས་ལ་བསམ་ཚུལ་འདོན་པ་ཐུགས་རྗེ་ཆེ་ཞུ་བ་ཡིན། ཡིན་ཡང་ངས་བསམ་ཚུལ་བཤད་པ་དེ་ཚོ་གོ་བ་ཕྱིན་ཅི་ལོག་ཏུ་གོ་ཡོད་པ་འདྲ། དེ་ལ་ངས་གསལ་བཤད་ཅུང་ཙམ་ཞིག་བཤད་རྒྱུ་ཡིན།
    མངའ་རིའི་བུ་ལྟ་བུས་༼ དོན་འགྲུབ་བཀྲ་ཤིས་ལེགས། ཁྱེད་རང་སྐུ་རླུང་བཞེངས་དགོས་ཀྱི་མ་རེད། ༽ཟེར་འདུག་དེ་བདེ་པ་རེད། ང་ཡང་གནས་ཚུལ་འདི་འགྲ་ཞིག་གིས་ནམ་ཡང་རླུང་ལིང་གི་མ་རེད་ལ་རླུང་གི་རྣམ་འགྱུར་ཙམ་བསྟན་མེད། དྲ་གྲོགས་མངའ་རིའི་བུ་སོགས་ཀྱི་མ་རྟོགས་པ་དང་ལོག་པར་རྟོགས་པ་ཚོར་བསམ་ཚུལ་ཞིག་བྲིིས་ཡོད་པ་དེ་དག་ལ་ཡོད་སྲང་དང་གསལ་བཤད་ཞིག་བྱས་པ་ཡིན་ཁྱེད་ཚོར་ཐུགས་ཕམ་འདྲ་ཡོད་ནས་དགོངས་སེལ་ཞུ།
    ཡང་མངའ་རིའི་བུའི་ ༼ ཡང་ངས་དཔལ་རྒྱལ་བ་ཇོ་ནང་ལ་མཐོང་ཆུང་ཁྱད་གསོད་བྱས་པ་མེད་ལ་བྱེད་དགོས་དོན་ཀྱང་དེ་ལྟར་བྱེད་དགོས་བསམ་པའང་མེད།
    ཆོས་རྒྱུད་ཆུང་ངུ་ཞེས་བཤད་པ་ནི་ད་བར་དུ་ཆོས་རྒྱུད་གཞན་མ་ཚོར་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་ཡོད་ཀྱང་ཇོ་ནང་པ་ལ་དེ་ལྟར་སྤྲད་མེད། དེ་ཆུང་དྲག་ནས་རེད་དམ། ཡང་ན་ཆེ་དྲགས་པས་རེད། དེ་ལ་རྒྱུ་མཚན་ཞིག་ཡོད་ངེས། ངས་ཆུང་ངུ་ཡིན་པར་ངོས་ལེན་མེད། དེ་ཁྱེད་ཀྱིས་ཤེས་པ་བྱེད་དགོས་༽ཟེར་འདུག་དེ་ངས་སྔོན་མ་ནས་གསལ་བོ་ཤེས་ཀྱིིན་ཡོད་དེ་ངས་གསལ་བཤད་བྱེད་ཆོག་སྔོན་མ་བཙན་བྱོལ་དུ་ཆོས་བརྒྱུད་ཕན་ཚུན་བར་ལ་དཀའ་ལས་མང་པོ་ཞིག་ཆོས་བརྒྱུད་གཞན་པ་ཚོའི་ཡང་མྱོངས་ཡོད་པ་རེད་ཡིན་ཡང་དེའི་སྐབས་སུ་ཇོ་ནང་བ་མེད་པས་རྒྱུ་མཚན་གྱི་གནས་ཚུལ་འདི་བྱུང་བ་ཞིག་རེད། ད་སྐབས་འཇིགས་རྟེན་གཏམ་དཔེ་ལ་སྔ་སྐྱིན་གྱི་ཕྱི་སྐྱིན་བཀག་ཟེར་བ་བཞིན་གྲོས་ཚོགས་རྭ་བའི་ནང་ནས་ངོས་ལེན་དང་ཐག་གཅོད་ད་དུང་བྱ་མ་ཐུབ་པ་བྱུང་ཡོད་པ་ཞིག་རེད། ང་རང་གི་བསྟ་ཚུལ་ཡིན་ན་སྔ་རྗེས་གང་ཡིན་ཡང་ཇོ་ནང་བ་ངོས་ལེན་མི་བྱེད་ཐབས་མེད་རེད་བསམ་ཀྱིན་ཡོད། མགྱོགས་པོ་ཐག་གཅོད་བྱས་ནས་ཡག་པོ་འདུག་རྙོགས་དྲ་བྱས་ན་ཐོབ་བྱ་གང་ཡང་ཡོད་པ་མ་རེད།
    ཡང་མངའ་རིའི་བུའི་ ༼ཁྱོད་རང་གིས་སྒྲུབ་བྱེད་དེ་ཚོ་ཏག་ཏག་གནས་ཡོད་དམ། སྟོན་པ་གཅིག་གི་བསྟན་པ། དགེ་རྒན་གཅིག་གི་དགེ་ཕྲུག་ཡིན་ན། འོ་ན་བཀའ་རྒྱུད་ལ་ཆེ་བཞི་ཆུང་བརྒྱད་ཅེས་པར་ཆ་རྐྱེན་དེ་ཚོ་ཚང་མི་འདུག་གམ། ༽ཟེར་འདུག་དེ་ངས་བཤད་པ་དེ་ཏག་ཏག་ཡོད་དེ་བཀའ་རྒྱུད་ཆེ་བཞིི་ཆུང་བརྒྱད་དང་དཔལ་ལྡན་རྒྱལ་བ་ཇོ་ནང་གཉིས་ཀྱི་གནས་ཚུལ་གཏན་ནས་མི་འདྲ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཡོངས་རྫོགས་བཀའ་བརྒྱུད་པས་ཁོངས་གཏོགས་ཡིན་ཡིན་པ་རེད། དཔལ་ལྡན་རྒྱ་བ་ཇོ་ནང་བ་སྔོན་ནས་ད་ལྟའི་བར་དུ་ས་དགེ་བཀའ་རྙིང་གང་གི་ཁོངས་གཏོགས་ཡིན་པ་གནའ་དེང་གི་མཁས་པ་སུའི་ཀྱང་གསུང་ཡོད་པ་མ་རེད་། ཁོང་ཚོ་ལོ་ངོ་སྟོང་ལ་བགལ་བའི་ལོ་རྒྱུས་ཡོད་པ་རེད་དེ་གཏན་ནས་འདྲ་གི་མ་རེད། ལོ་རྒྱུས་དེ་ཚོ་ནག་སུབ་བཏང་ན་ང་ཚོ་བོད་པ་ཚང་གི་ཞབས་འདྲེན་རེད། དྲ་གྲོགས་ཡུལ་གྱལ་བ་ཟེར་བ་དེའི་ད་ལན་ཚོགས་ཆེན་འདིར་ཇོ་ནང་པའི་སྐུ་ཚབ་ཞུགས་ཀྱང་ཆོག་ལ་མ་ཞུགས་ཀྱང་ཆོག དེ་ཙམ་གྱིས་བོད་བསྟན་སྲིད་ལ་འགྱུར་ལྡོག་གང་ཡང་འགྲོ་གི་མ་རེད་ཟེར་བ་དེ་ཁྱོད་ཀྱི་ནོར་འཁྲུལ་རེད། ང་ཚོ་ཙན་བྱོལ་བ་ཟེར་བ་དེ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་རེད། ང་ཚོའི་འོས་འགན་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་པ་གོང་འཕེལ་གཏོང་ཆེད་རེད། དེ་ཡིན་ན་ང་ཚོའི་བརྒྱ་བཤད་སྟོང་བཤད་ག་འདྲ་བྱས་ན། ནང་གི་མི་ལ་ལྟན་རྒྱུ་དང་ཕྱི་ཡི་མི་ལ་ངོམ་རྒྱུ་ཞིག་ཡོད་ནི་བོ། རང་ཅག་རྣམས་ལ་བཀའ་དྲིན་བླ་ན་མ་མཆིས་པ་བདག་ཅག་གི་བསྟོན་པ་མཉམ་མེད་ཤཀྱྰ་སེང་གེས་གསུང་བའི་མདོ་སྔགས་གཉིས་བསྡུས་བའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་དེ་ཆ་ཚང་བ་ཞིག་ཡོད་ཟེར་ནས་༧གོང་ས་མཆོག་གིས་གཙོས་བོད་མི་རྒན་གཞོན་ཡོངས་ཀྱི་ཁ་དབྱངས་སྙན་པོ་སྒྲགས་དང་བསྒྲོགས་བཞིན་པ་དེ་རེད། དེ་ཡིན་ན་དཔལ་ལྡན་རྒྱལ་བ་ཇོ་ནང་བ་མེད་ན་དེ་ཆ་ཚང་བ་ཞིག་བཞགས་ཐུབ་ཀྱིན་ཡོད་པ་མ་རེད། དཔལ་ལྡན་རྒྱལ་བ་ཇོ་ནང་བ་མེད་ན་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ངེས་དོན་གྱི་ཆོས་འཁོར་དབུ་མ་གཞན་སྟོང་དང་དཔལ་དུས་ཀྱི་འཁོར་ལོའི་བྱིན་རླབས་དོན་བརྒྱུད་ཀྱི་རིམ་པ་གཉིས་ཆ་མ་ཚང་བ་ཆག་འདུག་ཡོད་པ་རེད། དཔལ་རྒྱལ་བ་ཇོ་ནང་བ་ནི་མདོ་དོན་མཐར་གཞན་སྟོང་དབུ་མ་དང་བརྒྱུད་དོན་མཐར་རྡོ་རྗེ་རྣལ་འབྱོར་གཉིས་ཀྱི་བཀའ་བབས་པ་ཆག་འདུག་ཡོད་པ་རེད། དེ་ཡུལ་གྱར་བའི་ཤེས་པར་བྱོས། ངས་འདི་ནས་བསམ་ཚུལ་འཁྱལ་མ་འཁྱོལ་ཞིག་བཤད་དེ། ང་ཚོ་དགེ་རྒན་གཅི་གི་དགེ་འཕྲུག་དང་མི་རིགས་གཅིག་གི་སྤུན་ཟླ་ཡིན་པས་ནང་ཕན་ཚུན་ལ་བསམ་ཤེས་བྱོས་ཟེར་བ་ལས་ཕྲག་ཏོག་དང་ཟུར་ཟ་བྱས་ནས་བཤད་པ་མིན། སླད་མར་ཞུག་རྒྱུ་ཞིག་ངས་འདི་ནས་བསམ་ཚུལ་ཞུ་བ་ལ་བསམ་ཤེས་དགོས་ལུགས་ཀྱི་བཀའ་སློབ་ཞིག་མངའ་རིའི་བུ་དང་ཡུལ་གྱལ་གཉིས་ནས་༼ ཁྱེད་རང་ཇོ་ནང་ཡིན་པའི་དབང་དུ་བཏང་ན་ད་ལྟ་མཐུན་པའི་གྲོགས་ག་ཚད་ཀྱི་མང་དུ་གཏོང་ཐབས་གནང་དགོས་པ་ལས། ཁྱི་སྤྱང་ཟུག་ཟུག་བྱེད་དེ་བཤད་བསྡད་པ་ཡིན་ན། རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་རྒྱུ་ལས་ཇོ་ནང་པ་ལ་ཕན་ཐོགས་ཡོང་རྒྱུ་ཞིག་བསམ་ན་ནོར་འཁྲུལ་རེད།
    ངས་རྟག་ཏུ་ཇོ་ནང་པ་ལ་རྒྱབ་སྐྱོར་བྱས་མྱོངས་ལ་མ་འོངས་པ་ལའང་རྒྱབ་སྐྱོར་བྱེད་ངེས་ཡིན། ཁྱེད་ལ་དེ་ལྟ་བུའི་སེམས་ཤུགས་ཡོད་ན་ཁ་བརྡའི་ནང་དུ་ཇོ་ནང་གི་སྐོར་ལ་རྩོམ་ཞིག་སྤེལ་དང་དེ་ཡིས་ཕན་ཐོགས་ངེས ༽སྐད་ཆ་དེ་ཚོ་ཧ་ཅང་ཡག་པོ་རེད་ཁྱེད་དུས་རྟག་ཏུ་ཇོ་ནང་བར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ན་ཁྱེད་ཀྱི་ཁ་བརྡ་དྲ་ཐོག་ལ་ཆོས་བརྒྱུད་ཆེ་བ་བཞི་དང་ཆུང་བ་གཅིག་བོན་པོ་བཅས་ཟེར་བ་ལྟ་བུ་མ་ཡིན་པའི་ཇོ་ནང་བ་ལ་ཕན་ཐོག་ཡོད་པའི་རྩོམ་ཡིག་ཞིག་བཀོད་རོགས་ཞུ་ཟེར་བ་ལས་ང་སྤྲེལ་ལེ་ཁྲབ་སྟོན་ལ་བྱང་ཆ་མེད་ལ་སྤྲེལ་ལེ་ཁྲབ་དགོས་དོན་ཡང་མེད་གནས་སྐབས་བསམ་ཚུལ་རེ་ཡོད་ན་དྲང་བཤད་བྱེད་ཡོང་ཞུ་རྒྱུ་ལས་མེད། ཡང་སྐྱར་རེ་བསྐུལ་ཞུ་རྒྱུ་ཞིག་ལ་བསྟན་འཛིན་ཟེར་བ་དེའི་ ༼ ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཇོ་ནང་ཆོས་རྒྱུད་ལ་བོད་ཀྱི་ཆོས་བརྒྱུད་གཞན་པ་རྣམས་དང་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲོད་དགོས། དེ་མིན་ཕྲུ་གུ་མ་ངུ་དང་འོ་ཐུག་སྤྲོད་ཟེར་བ་ལྟ་བུས་ཕན་ཐོགས་གང་ཡང་མེད།
    གལ་ཏེ་དེ་ལྟར་མ་བྱས་ཚེ་ཚོགས་ཆེན་སྐབས། ང་ཚོས་གྲ་སྒྲིག་བྱེད་བཞིན་ཡོད་པ་བཞིན། ངོ་རྒོལ་གནམ་ས་འགུལ་བ་ཞིག་དང་། འུར་ཟིང་ཁམས་གསུམ་དཀྲོགས་པ་ཞིག་བྱེད་མ་ཐུབ་ན། མི་ལུས་བླངས་བ་དོན་མེད་ཡིན། དེ་བཀའ་སྤྱི་གཉིས་ཀྱི་སེམས་ལ་ཟུངས་ ༽ཟེར་ནས་ཉོགས་བཤད་ཞིག་བྱས་འདུག་པ་དེ་ཚོའི་གཟབ་དགོས་པ་རེད། བཀའ་སྤྱི་ཟེར་བ་དེ་ཁ་ནང་ནས་བཤད་ནས་བཀའ་སྤྱི་རེད་རྩ་མོ་ཞིག་ཡིན་རྒྱུ་རེད། ཁྱོད་མི་གཅིག་གི་བསམ་ཚུལ་ཡིན་རྒྱུ་རེད། བཀའ་སྤྱི་ནི་ང་ཚོའི་ཆེན་པོ་ཡང་རེད་ལ་གཉན་པོ་ཡང་རེད་བཀའ་སྤྱི་ལ་དེ་ལྟར་བཤད་པ་དེ་ཁྱོད་ལ་མཚོན་ཐབས་ཟད་འུ་ཐུག་གི་སྐད་ཆ་ཞིག་རེད་མོད། ཁྱོད་ཀྱི་དེ་སྔོན་དཔལ་ལྡན་རྒྱལ་བ་ཇོ་ནང་བ་ལ་བརྒྱུད་རིམ་ག་འདྲ་ཞིག་ཐོག་ནས་ཕྱག་ལས་གནང་བ་ཡིན། ཁྱོད་ལ་ཇོ་ནང་བ་ལ་སེམས་ཤུགས་ཆེན་པོ་ཡོད་རྒྱུ་རེད། ཁྱོད་ཀྱིས་གནས་ལུགས་དང་རྒྱུ་མཚན་ག་འདྲ་བཀོད་འགྲིག་བྱེད་ནས་ཡོད། སྐད་ཆ་དེ་དགྲ་དགའ་ལ་གཉེན་སྡུག་དགོས་པའི་སྐད་ཞིག་རེད་འདུག ཁྱེད་ཀྱི་ཞེ་འདོད་དེ་ཇོ་ནང་བ་སྐུབ་སྟེགས་ཞིག་གི་ཆེད་དུ་ལས་དཀའ་དེ་འདྲ་གཞིག་མ་སྒྲུབ་ན་ལམ་ཁ་དེ་ལས་གཞན་ཡག་པོ་འཚོལ་རྒྱུ་མི་འདུག་ནས་རྫོབས་རོ་ག་འདྲ་འདུག་ཁྱེད་ཀྱི་བསམ་བློ་ཡག་པོ་ཞིག་བཏང་ན་ཡག་པོ་ཡོད་ས་རེད་མ་གཏོགས་འགྲིག་ཁུ་མི་འདུག
    ངོ་མ་བཤད་ན་འགྲིག་འཛུགས་ཀྱི་ངོས་ནས་མར་མེ་རླུང་གི་ཁྱེར་ན་འཛུམ་མི་ལེ་ལྷ་བྱོས་ཁྱིའི་ཁྱེར་ན་འཛུམ་མུ་ལེ་བྱས་ནས་འདུག་རན་མ་རེད། སྐད་ཆ་འདིའི་རིགས་གཞུང་སྒེར་གཉིས་ལ་འབྲེལ་བ་ཡོད་པ་ཞིག་རེད། ད་ལྟ་ཇོ་ནང་གི་ལས་དཀའ་འདི་༧སྐྱབས་མགོན་རིན་པོ་ཆེན་ནས་བརྒྱུད་ཆོས་དོན་ལས་ཁུངས་དང་ཆོས་བརྒྱུད་བླ་ཆེན་ཡོངས་རྫོགས་ནས་ཐག་བཅད་བྱས་ནས་གྲོས་ཚོགས་ལ་ཐུག་ཡོད་པ་ཀུན་གྱི་མཁྱེན་གསལ་རེད། ཆོས་བརྒྱུད་གཞན་པ་རྣམ་ལ་ཐོབ་ཐེངས་སྐུ་ཚབ་ཞིག་དགོས་ནས་དཔལ་ལྡན་རྒྱལ་བ་ཇོ་ནང་བ་མི་དགོས་པས་རྒྱུ་མཚན་ཡང་དག་ཞིག་བལྟན་པ་འམ། ཡང་ན་ང་ཚོ་ཕྱི་ཚོགས་ཆུང་ཆུང་འདིའི་ནང་ཉོགས་དྲ་འདི་འདྲ་ཞིག་མེད་པ་བཟོ་རྒྱུ་གལ་པོ་རེད་སྙམས། གང་ཡིན་ཟེར་ན་ད་ལྟའི་གནས་སྟེང་འདི་འདྲ་ཞིག་ལ་མི་ཁ་ཤེས་ནས་བོད་མི་ས་ཡ་དྲུག་དང་དེའི་ཆོས་དང་རིག་གཞུང་གི་ཆེད་དུ་ལུས་སྲོགས་ལུང་སྤྱོད་ཕུལ་ནས་ང་ཚོ་ཕྱི་རབ་པ་རྣམས་ལ་ཁ་ཆེམ་བཞགས་ནས་མཐུན་འབྲེལ་གྱི་ལག་ཟུང་དམ་དུ་སྦྲེལ་དགོས་ཡོད་གསུང་ཡོད་པ་ལ་བསམ་བློ་ཞིག་བཏང་དགོས་རྒྱུ་མ་རེད་དམ། དེ་གཅིག་པོ་མ་རེད་ང་ཚོ་ལ་རང་དབང་མེད་ན་ནང་ཁུལ་ལ་ཁ་འགྲིག་ཁོག་མཐུན་ཞིག་ཡིན་ན་བཟང་གི་མོས་དེ་ང་ཚོའི་གནད་ཡོད་ཚང་མའི་སེམས་ལ་ཟུང་།།

    Reply
  3. ཡུལ་གྱར་བ། says:
    ལོ་ 13 སྔོན།

    བོད་ནང་གི་ཇོ་ནང་སྡེ་དགོན་གཉིས་ཀས་བོད་མི་རིགས་ཀྱི་ལས་དབང་རྩོད་བཞིན་ཡོད་པ་ལས་ཇོ་ནང་ཆོས་བརྒྱུད་ཀྱི་ཐོབ་ཐང་ཟེར་བ་བྱེ་བྲག་པ་ཞིག་རྩོད་མཁན་ཉུང་ནའང་བཙན་བྱོལ་སྤྱི་ཚོགས་ནང་མི་འགའ་རེས་རླབས་ཆེ་བའི་ལས་འགུལ་དེ་དག་ཇོ་ནང་པའི་སྲིད་དོན་འཁྲབ་སའི་སྐུབ་སྟེག་ཞིག་གི་ཆེད་དུ་ཤི་འཐམ་རོ་འཐམ་གྱིས་བེད་སྤྱོད་བཞིན་པ་འདི་ནི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆོད་སེམས་ལ་བརྩི་བཀུར་མེད་པ་དང་དམིགས་ཡུལ་ཇེ་ཆུང་དུ་གཏོང་བའི་ངང་ཚུལ་ལགས་ན་སྐབས་འདིར་བེད་སྤྱོད་མ་གཏོང་ན་བཟང་བར་སེམས། ཐོབ་ཐང་རྩོད་པ་ཙམ་ལ་ནི་དགག་བྱ་གང་ཡང་མེད། འོན་ཀྱང་ཐོབ་ཐང་རྩོད་སྟངས་ཤེས་རྒྱུ་དེ་གལ་ཆེན་པོ་རེད། ད་ལན་ཚོགས་ཆེན་འདིར་ཇོ་ནང་པའི་སྐུ་ཚབ་ཞུགས་ཀྱང་ཆོག་ལ་མ་ཞུགས་ཀྱང་ཆོག དེ་ཙམ་གྱིས་བོད་བསྟན་སྲིད་ལ་འགྱུར་ལྡོག་གང་ཡང་འགྲོ་གི་མ་རེད། ཁྱེད་ཅག་གིས་ཁས་ཆོས་བརྒྱུད་ཀྱི་ཐོབ་ཐང་ཟེར་བཞིན་ཡོད་ཀྱང་རྩོད་རྒྱུ་ངོ་མའོ་ཆབ་སྲིད་ཚོགས་པ་ཞིག་གིས་ཐོབ་ཐང་རྩོད་པ་དང་འདྲ་བོ་འདུག འོན་ཀྱང་འདི་ཇོ་ནང་པ་གཅིག་པོ་མིན་པར་ས་དགེ་ཀར་རྙིང་བོན་དང་བཅས་པར་ཁྱབ་འདུག་པས་ཇོ་ནང་པ་གཅིག་པོས་སྐྱོན་ཆ་མིན། གང་ལྟར་ཐོབ་ཐང་རྩོད་པ་ལས་སྡིག་ར་མ་སྐུལ་ཞུ་རྒྱུ་ཡིན། སྡིག་ར་འདྲ་སྐུལ་ནས་བསྡད་ན་ཁྱེད་ཅག་ལ་རྒྱབ་སྐྱོར་ཉུང་དུ་འགྲོ་ངེས་རེད་ལ་དེ་ནས་ལས་དོན་འགྲུབ་རྒྱུའང་ཐག་ཇེ་རིང་རེད། བསམ་ཚུལ་ཙམ་ཡིན།

    Reply
  4. མངའ་རིས་བུ། says:
    ལོ་ 13 སྔོན།

    དོན་འགྲུབ་བཀྲ་ཤིས་ལེགས།
    ཁྱེད་རང་སྐུ་རླུང་བཞེངས་དགོས་ཀྱི་མ་རེད།
    ངས་དཔལ་རྒྱལ་བ་ཇོ་ནང་ལ་མཐོང་ཆུང་ཁྱད་གསོད་བྱས་པ་མེད་ལ་བྱེད་དགོས་དོན་ཀྱང་དེ་ལྟར་བྱེད་དགོས་བསམ་པའང་མེད།
    ཆོས་རྒྱུད་ཆུང་ངུ་ཞེས་བཤད་པ་ནི་ད་བར་དུ་ཆོས་རྒྱུད་གཞན་མ་ཚོར་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་ཡོད་ཀྱང་ཇོ་ནང་པ་ལ་དེ་ལྟར་སྤྲད་མེད། དེ་ཆུང་དྲག་ནས་རེད་དམ། ཡང་ན་ཆེ་དྲགས་པས་རེད། དེ་ལ་རྒྱུ་མཚན་ཞིག་ཡོད་ངེས། ངས་ཆུང་ངུ་ཡིན་པར་ངོས་ལེན་མེད། དེ་ཁྱེད་ཀྱིས་ཤེས་པ་བྱེད་དགོས།
    ཁྱོད་རང་གིས་སྒྲུབ་བྱེད་དེ་ཚོ་ཏག་ཏག་གནས་ཡོད་དམ། སྟོན་པ་གཅིག་གི་བསྟན་པ། དགེ་རྒན་གཅིག་གི་དགེ་ཕྲུག་ཡིན་ན། འོ་ན་བཀའ་རྒྱུད་ལ་ཆེ་བཞི་ཆུང་བརྒྱད་ཅེས་པར་ཆ་རྐྱེན་དེ་ཚོ་ཚང་མི་འདུག་གམ།
    ཁྱེད་རང་ཇོ་ནང་ཡིན་པའི་དབང་དུ་བཏང་ན་ད་ལྟ་མཐུན་པའི་གྲོགས་ག་ཚད་ཀྱི་མང་དུ་གཏོང་ཐབས་གནང་དགོས་པ་ལས། ཁྱི་སྤྱང་ཟུག་ཟུག་བྱེད་དེ་བཤད་བསྡད་པ་ཡིན་ན། རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་རྒྱུ་ལས་ཇོ་ནང་པ་ལ་ཕན་ཐོགས་ཡོང་རྒྱུ་ཞིག་བསམ་ན་ནོར་འཁྲུལ་རེད།
    ངས་རྟག་ཏུ་ཇོ་ནང་པ་ལ་རྒྱབ་སྐྱོར་བྱས་མྱོངས་ལ་མ་འོངས་པ་ལའང་རྒྱབ་སྐྱོར་བྱེད་ངེས་ཡིན། ཁྱེད་ལ་དེ་ལྟ་བུའི་སེམས་ཤུགས་ཡོད་ན་ཁ་བརྡའི་ནང་དུ་ཇོ་ནང་གི་སྐོར་ལ་རྩོམ་ཞིག་སྤེལ་དང་དེ་ཡིས་ཕན་ཐོགས་ངེས།

    Reply
  5. བཙན་ནག་པ། says:
    ལོ་ 13 སྔོན།

    ད་ལྟ་ང་ཚོ་མང་གཙོའི་ལམ་དུ་འཛུལ་རྒྱུའི་བལྟ་གོ་ཙམ་ལས་མང་གཙོའི་ལམ་དུ་འཛུལ་བར་ད་དུང་ལོ་འགའ་ཤས་སྒོར་སྲིད་པ་ཡིན། མང་གཙོ་ཡང་དག་པ་ཞིག་ཡིན་ན་མི་མང་ག་ཚོད་ཀྱི་མང་བའི་རྒྱབ་བསྐྱོར་ཡོད་ན་དེ་ནི་དབུ་འཁྲིད་ཞིག་ཆགས་པ་སྨྲོས་མེད་རེད། འོན་ཀྱང་ད་ལྟའི་འཆར་ལམ་ལུགས་མི་འདྲ་བའི་དབང་ལས་སྤྱི་མཐུས་ལ་ཆ་བཞག་པ་ཡིན་ན། མི་མང་བདུན་སྟོང་ལྷག་ཙམ་རྒྱབ་བསྐྱོར་ཡོད་ཀྱང་སྤྱི་མཐུས་ལ་སླེབ་ཐུབ་ཀྱི་མེད་པ་དེ་དངོས་ཡོད་གནས་སྟང་གཅིག་རེད་ལ། ཡང་མི་གྲངས་ལྔ་བཅུ་ལྔ་གྲངས་ཀྱི་རྒྱབ་བསྐྱོར་ལས་མེད་ཀྱང་སྤྱི་མཐུས་ལ་སླེབ་ཀྱི་ཡོད། དེ་ནི་ཡང་དག་པའི་མང་གཙོ་ཞིག་མིན་པ་ལྐུག་པའི་བལྟས་ཀྱང་ཤེས་ཚོད་རེད།

    Reply
  6. བསྟན་འཛིན། says:
    ལོ་ 13 སྔོན།

    ཇོ་ནང་པར་དམིགས་བསལ་ཐོག་སྐུ་ཚབ་གཅིག་གི་ཞབས་སྟེགས་འབུལ་རྒྱུ་ཟེར་བ་འདི་བརྙས་བཅོས་བྱས་པ་རེད།   ང་ཚོར་དམིགས་བསལ་གྱི་སྐུབ་སྟེགས་དགོས་དོན་མེད།   ང་ཚོར་དགོས་པ་ནི་ཐུན་མོང་གི་ཐོབ་ཐང་དང་ཁེ་དབང་དེ་ཡིན།   འདི་བཀའ་ཁྲི་དང་ཚོགས་གཙོ་གཉིས་ཀྱིས་ཤེས་དགོས།
    ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཇོ་ནང་ཆོས་རྒྱུད་ལ་བོད་ཀྱི་ཆོས་བརྒྱུད་གཞན་པ་རྣམས་དང་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲོད་དགོས།   དེ་མིན་ཕྲུ་གུ་མ་ངུ་དང་འོ་ཐུག་སྤྲོད་ཟེར་བ་ལྟ་བུས་ཕན་ཐོགས་གང་ཡང་མེད།   
    གལ་ཏེ་དེ་ལྟར་མ་བྱས་ཚེ་ཚོགས་ཆེན་སྐབས།   ང་ཚོས་གྲ་སྒྲིག་བྱེད་བཞིན་ཡོད་པ་བཞིན།   ངོ་རྒོལ་གནམ་ས་འགུལ་བ་ཞིག་དང་།   འུར་ཟིང་ཁམས་གསུམ་དཀྲོགས་པ་ཞིག་བྱེད་མ་ཐུབ་ན།   མི་ལུས་བླངས་བ་དོན་མེད་ཡིན།   དེ་བཀའ་སྤྱི་གཉིས་ཀྱི་སེམས་ལ་ཟུངས།

    Reply
  7. དོན་འགྲུབ་བཀྲི་ཤིས། says:
    ལོ་ 13 སྔོན།

    ཇོ་ནང་བར་ཞབས་སྟེཊ་གཅིག་ཕུལ་ཡོད་ཞེས་པ་དེའི་དོན་གང་ཡིན་ནམ། དེ་སྔོན་བཙན་བྱོལ་དུ་ལོ་དྲུག་ཅུའི་རིང་ལ་ཇོ་ནང་བ་གཞུང་འབྲེལ་གྱི་ཐོག་ནས་ད་ལྟ་བར་ཇོ་ནང་བར་ཞབས་སྟེཊ་གཅིག་ཀྱང་ཙན་བྱོལ་བོད་མིའི་གྲལ་དུ་མ་ཚུད་པ་དེ་དམིགས་བསལ་ཡིན་ཡང་ད་ཕན་ཆོས་བརྒྱུད་གཞན་དང་གཅིག་མཚུངས་ཡིན་པའི་དོན་རེད་དམ། ད་ཐེངས་གཅིག་པོ་དམིགས་བསལ་སྤྲད་པ་ལས་དེ་ཕན་སྔ་རྗེས་གང་ལ་ཡང་ཇོ་ནང་བ་་ཚོར་ཞབས་སྟེཊ་གཅིག་ཀྱང་སྤྲད་རྒྱུ་མིན། ཁོང་ཚོ་གྲང་བའི་ཁམས་ན་ཡོད་ཀྱང་། ཅང་བའི་གྲལ་ལ་མི་བཞགས་མི་གྲལ་དུ་མི་ཚུད་ཞེས་པས་དོན་ཡིན་ནམ།
    མངའ་རིས་བུ་ཟེར་བ་ཞིག་གི་ཇོ་ནང་བ་ཆོས་བརྒྱུད་ཆུང་བ་རེད་ཟེར་ནས་ཁ་ཚོད་མཐོན་པོ་ཞིག་བཤད་འདུག དེ་ཁྱོད་ཀྱིས་ག་འདྲ་ཞིག་བཤད་པ་ཡིན། ཇོ་ནང་བའི་ལྟ་སྒོམ་སྤྱོད་གསུམ་དང་། གཞི་ལམ་འབྲས་གསུམ་གང་གིས་ཐད་ནས་ཆོས་བརྒྱུད་གཞན་གྱི་ཆུང་བ་བཞགས་དགོས་དོན་རྩ་བ་ནས་མེད། ཆོས་བརྒྱུད་གཞན་དང་གཅིག་མཚུངས་ཡིན་བསྟོན་པ་གཅིག་གི་བསྟན་པ་ཡིན་དགེ་རྒན་གཅིག་གིས་དགེ་འཕྲུག་རེད་དེ་ལ་མཆོག་དམན་ཁ་ཚོད་ཁྱོད་ཀྱི་གཅོག་མི་རུང་། ཆོས་བརྒྱུད་དེའི་སློབ་ཚོགས་གི་ཆ་ནས་བཞགས་པ་ཡིན་ཟེར་ན་ལོ་སྔོན་མའི་འོས་ཤོག་བླུག་སྐབས་ང་ཚོའི་ཆོས་བརྒྱུད་གཞན་པ་ཚོའི་འོས་གྲངས་ཞིབ་མོར་གཟིགས་དང་༼དགེ་ལུགས་པའི་སྤྱི་འཐུས་གཉིས་ནི། རོང་བོ་བློ་བཟང་སྙན་གྲགས་ལགས་སུ་འོས་གྲངས་ ༣༣༣༦ དང་། ཨ་ཀྲུག་ཚེ་བརྟན་ལགས་སུ་འོས་གྲངས་ ༣༡༦༡ ཐོབ་འདུག རྙིང་མའི་སྤྱི་འཐུས་གཉིས་ནི། སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་སུ་འོས་གྲངས་ ༡༢༣༢ དང་། རྒྱ་རི་བུ་ཕྲུག་ལགས་སུ་འོས་གྲངས་ ༧༦༢ ཐོབ་འདུག བཀའ་བརྒྱུད་སྤྱི་འཐུས་གཉིས་ནི། ཀ་རྨ་ཆོས་འཕེལ་ལགས་སུ་འོས་གྲངས་ ༣༡༢ དང་། བསྟན་པ་ཡར་འཕེལ་ལགས་སུ་འོས་གྲངས་ ༢༥༦ ཐོབ་འདུག བོན་པོའི་སྤྱི་འཐུས་གཉིས་ནི། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ་འོས་གྲངས་ ༩༡ དང་། དགེ་བཤེས་རྣམ་དག་གཙུག་ཕུད་ལགས་སུ་འོས་གྲངས་ ༥༦ རེད་འདུག༽འོས་གྲངས་དེ་འདྲ་ཞིག་ཇོ་ནང་བ་ཡོད་ངེས་ཅན་རེད། ད་ཁྱོད་ཀྱི་ཇོ་ནང་བ་ཆོས་བརྒྱུད་ཆུང་བ་ཡིན་པས་སྒྲུབ་བྱེད་ཅི་ཡོད་ག་འདྲ་ཞིག་བྱས་ནས་བཞགས་པ་ཡིན་གསར་བོ་ཞིག་གསུང་རོགས། ཇོ་ནང་བ་གཞུང་སྒེར་གཉིས་ནས་མཐོང་ཆུང་དང་དམའ་འབེབ་བྱས་ན་ཡག་པོ་མི་འདུག ཇོ་ནང་བ་ཚོར་བོད་པ་ཡིན་པ་གང་ཞིག་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་ཐོག་ཆེན་པོ་ཡོང་བཞིན་ཡོད་པ་དང་སེམས་ཤུགས་ག་འདྲ་ཡོད་མེད་བོད་ཕྱི་ནང་གཉིས་ཀྱི་ད་ལྟའི་སྐབས་མཁྱེན་གསལ་རེད། ད་ལྟའི་སྐབས་སུ་གཞུང་སྒེར་གཉིས་ནས་ཇོ་ནང་བ་ལ་འཛིན་པའི་སྲིད་བྱས་ག་འདྲ་ཡོད་མེད་དང་གཙོ་བོ་གནད་འགེགས་གང་ལ་ཐུག་ཡོད་མེད་བོད་མི་བྱིངས་ཀྱིས་ཤེས་ཀྱིན་ཡོད་པ་རེད། གཞུང་སྒེར་གཉིས་ཀྱིས་ལྟ་སྟེང་དེ་སྔར་བཞིན་བྱས་ནས་སོང་ན་ཇོ་ནང་བའི་ངོས་ནས་རྗེས་ཕྱོགས་སུ་མུ་མཐུད་དུ་བསམ་བློ་ཡག་པོ་འདི་འདྲ་ཞིག་གཏོང་ཐུབ་མིན་བོད་མི་ཡོད་དོ་ཅོག་གིས་རང་སྟེང་ལ་བླང་ནས་ཞིབ་འཇུག་ཡག་པོ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད་སྙམས།།

    Reply
  8. ཅང་མེད། says:
    ལོ་ 13 སྔོན།

    བོད་དང་ཇོ་ནང་རྒྱལ་གྱུར་ཅིག བཀའ་སྤྱི་ཐུན་མོང་ལགས། ཅེས་ཕྱིར་དུ་དམིགས་གསལ་་་་ཞེས་འབོད་པ་རེད།
    ཉེ་ཆར་བོད་མདོ་སྨད་ཇོ་ནང་འཛམ་ཐང་ནས་བོད་དོན་ཆེད་དུ་སྐུ་ལུས་མཆོད་འབུལ་གང་མང་བྱས་པ་དེ་་་་ཅེས་ཕྱིར་དུ་་་་དམིགས་གསལ་་་་་ཞེས་མི་འབོད་ནམ། མདོ་སྨད་རྔ་ཕྱོགས་ཇོ་ནང་བའི་ལྷ་སྡེ་ཚོའི་བོད་དོན་ཆེད་དུ་ཡར་ལངས་དང་སྐུ་ལུས་མཆོད་འབུལ་བྱས་པ་དེ་་་ཅེས་ཕྱིར་དུ་་་་དམིགས་གསལ་་་་་ཞེས་མི་འབོད་ནམ།
    བོད་ནང་གི་ཇོ་ནང་བའི་དགོན་སྡེ་ཁག་གི་བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་དང་ཐ་སྙད་གསར་བ་དང་དབུ་མ་གཞན་སྟོང་བགྲོ་གླེང་བྱེད་དང་བྱེད་བཞིན་པ་དེ་་་་ཅེས་ཕྱིར་དམིགས་གསལ་་་་ཞེས་མི་འབོད་ནམ།

    Reply
  9. ཀེ་ཏ་ཀ says:
    ལོ་ 13 སྔོན།

    ང་ཚོས་བསམ་བློ་རྣམ་དུ་ཕབས་ནས་བལྟས་པ་ཡིན་ན། སྤྱི་འཐུས་ལྷན་ཚོགས་ཟེར་བ་འདི་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རིས་ཀྱི་ན་ཚའི་མགོ་ཁུངས་གོང་ན་མེད་པ་དེ་རེད། དེའི་དཔེ་མཚོན་ཞིག་ནི་ཚོགས་གཙོ་འདེམས་སྟངས་དེས་མི་མང་ཧ་ལས་ཤིང་ཧང་སང་བཅུགས་ཡོད་པ་རེད། དེ་ནི་དབུས་གཙང་དང་ཨམ་མདོ་འཚོགས། ཁམས་པ་དང་ཆོས་བརྒྱུད་ཁག་འཚོགས་ནས་འོས་སང་ཉིན་ལྡུགས་རྒྱུ་ཞིག་ལ། དེ་རིང་ཚོགས་གཙོ་སྤེན་ཚེ་རེད། ཀརྨ་ཡེ་ཤེས་རེད་ཟེར་བ་ལྟ་བུ་གངས་ཅན་སྐྱིད་གཤོངས་སུ་གླེང་བསྡད་ཀྱི་ཡོད་པ་རེད། ཡིན་ནའང། ཁམས་པ་ཚོར་སྤེན་ཚེ་མི་དགོས་པ་དང། དབུས་ཨམ་ཚོར་ཀར་ཡེ་མི་དགོས་པ་ནི་གནས་སྟངས་གཅིག་རེད། སྐབས་དེར་སྤེན་ཚེས་ཐུབ་བསྟན་ལུང་རིགས་ལ”ཁྱེད་མི་ལངས་ན་ང་ལངས་ཀི་ཡིན། བྱས་འདོད་ཡོད་”ཟེར་བ་ལྟ་བུ་དང་དེ་བཞིན། པད་མ་འབྱུང་གནས་ལ “ཁྱེད་མི་ལངས་ན་ང་ལངས་ཀི་ཡིན། ཡིན་ནའང་ཁྱེད་ལ་དེ་ཙམ་གྱི་རྒྱབ་སྐྱོར་མི་འདུག་”ཟེར་བ་སོགས་འཁྲབ་འཁྲབ་མཐར། དབུས་ཨམ་གཉིས་ཀའི་ནང་མོལ་སྐབས་འོས་ཁ་མི་འཐོར་ཆེད་ཀརྨ་ཡེ་ཤེས་ཚོགས་གཙོའི་སྔོན་འགྲོའི་འོས་བསྡུ་ནས་དགོངས་པ་ཞུས་ཏེ་ཚོགས་གཞོན་དུ་འདེམས་རྒྱུ་བྱས་འདུག་ཀྱང། ཁ་ཏན་ཚིག་ལ་མ་གནས་པའི་ཅི་གང་མེད་པར་གྱུར་འདུག
    ཡིན་ནའང། ཆོལ་ཁ་དང་ཆོས་བརྒྱུད་སྤྱི་འཐུས་ནང་དུ་དངོས་གནས་ཕྱོགས་རིས་མེད་མཁན་སྤྱི་པར་བསམ་བློ་གཏོང་མཁན་སེར་སྐྱ་གང་འཚམས་ཀྱང་ཡོད་རེད། ཡིན་ནའང། དེ་དག་རྒྱུན་ལས་ནང་གཅིག་གཉིས་ཤིག་ལས་སླེབས་ཐུབ་མེད། མང་ཆེ་བ་ཕྱོགས་རིས་ཅན་དང་རང་ཚུགས་མེད་མཁན་རྐྱང་རྐྱང་ཡིན་སྟབས། ད་རེའི་ཚོགས་ཆེན་དང་འབྲེལ་བའི་ཐག་གཅོད་གནང་ཕྱོགས་ཀྱང་དེ་ལྟར་ཕྱིན་ཡོད་པ་གསལ་བོ་རེད།
    དངོས་གནས་བྱས་ན་བཅའ་ཁྲིམས་དོན་ཚན ༥༩ པའི་འོག་གི་དམིགས་བསལ་ཚོགས་ཆེན་བསྡུ་ཕྱོགས་གྲོས་ཚོགས་རང་ནས་གཟིགས་དགོས་ཀྱི་ཡོད་ཀྱང། དེའི་ཁྲིམས་ལམ་དེ་ཚོགས་གཙོ་དང་རྒྱུན་ལས་སོགས་ཀྱིས་བརྡལ་བཤིག་བཏང་འདུག འདི་ག་རེ་བྱས་ནས་རེད་དམ། འདི་ཕྱོགས་རིས་ཀྱི་དབང་དུ་སོང་ནས་ཁྲིམས་རྩིས་མེད་བཏང་བ་ཞིག་རེད། ཚོགས་ཆེན་བསྡུ་དགོས་ཚུལ་བཤད་མཁན་དེར་སྤྲེལ་ལད་འཁྲབ་སྟངས་དང་ཕྱོགས་རིས་ཀྱི་ལག་སྦྲེལ་བྱེད་སྟངས་ཤིག་རེད།
    དེ་བཞིན་དང་བླངས་པར་རྒྱན་རྒྱག་གི་ཡིན་ལབ་ན་འདི་གླེན་པའི་སྐད་ཆ་མ་རེད་དམ། ཚོགས་ཆེན་གྱི་རྐུབ་སྟེགས་འཛིན་པ་ལ་རང་བཙན་ལག་དེབ་ཡོད་པས་འགྲིག་གི་རེད་དམ། ཀླད་པའི་ནང་ཐལ་བས་ཁེངས་ཡོད་ན་གེ་མི་འདུག་གམ། དཔེར་ན་ད་ལྟའི་སྤྱི་འཐུས་རྒྱུན་ལས་ལྟ་བུ། འགོ་འཚོས་མཁན་ཞེ་དྲག་ཉུང་ཉུང་ཡིན་བསྡད་པ་འདི་འདྲ་ཡིན་ན་ཐབས་སྐྱོ་བོ་མ་རེད་དམ། ཁྱེད་རྣམས་ཀྱིས་བོད་མི་མང་གི་པེད་ཤག་འཕྲོ་བརླག་ཏུ་གཏོང་རྒྱུ་ཡིན་ན། རྣམ་དཔྱོད་དང་ལྡན་པ་ཞིག་གནང་རོགས། ཁྱེད་ཚོའི་ཕྱོགས་རིས་ཀྱི་འགྲོ་ལུགས་དེས་མུ་མཐུད་ཕྱིན་པ་ཡིན་ན། བོད་མི་མང་རྒྱ་འོག་ནས་བསྡད་ན་སྐྱིད་ཐག་ཆོད་ཡོད་པ་རེད་དྲན། དེ་བས་ལས་ཀ་བྱེད་སྟངས་ཚང་མ་སྐྱུག་བྲོ་བའི་སྤྱི་འཐུས་རྒྱུན་ལས་ཀྱིས་གཟབ་གཟབ་བྱེད་རོགས།།།།

    Reply
  10. རྭ་རྒྱ་བློ་དབང་། says:
    ལོ་ 13 སྔོན།

    ཇོ་ནང་བར་དམིགས་བསལ་བྱས་པའང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་སྟེ། ཅི་ཡིན་འདི་ཡིན་མི་ཤེས་པའི་ཉོག་ཉོག་དེས་དྲུད་འོང་ཞིག་རེད་མོད། ལྷག་པར་དུ་ངོ་མཚར་དུ་བརྩི་དགོས་པ་དང་། ཧང་དགོས་པ། ཧ་ལས་དགོས་པ་ནི། (ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་སྐོར་གོ་བསྡུར་གནང་ཆེད། ) རྒྱན་ཤོག་དཀྲུགས་ཏེ་འཚོག་རྒྱུ་ཡིན་པ་དེ་རེད། ད་དངོས་གནས་ཡི་མུག་པའི་ལས་དེ་འདྲ་མ་གནང་ཅི་ལ་མ་ཆོག དགོད་དགོས་སམ་ངུ་དགོས་ཀྱང་ཤེས་ཀྱི་མི་འདུག་ཡ།

    Reply
  11. མངའ་རིས་བུ། says:
    ལོ་ 13 སྔོན།

    ད་ཡིན་ན་ཇོ་ནང་གི་གོམ་པ་དང་པོ་དེ་སྤོས་འདུག་ག
    རིམ་པས་བླ་ཆེན། སྤྱི་འཐུས།
    ཆོས་རྒྱུད་ཆེན་པོ་བཞི་དང་ཆོས་རྒྱུད་ཆུང་བ་གཅིག་བཅས་ལྔ་དང་གཡུང་དྲུང་བོན་དང་བཅས་པ་ཞེས་་་་་ཧཧཧཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese