མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གློག་བརྙན་ལ་གཟེངས་རྟཊ།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་༼ ཁྱི་རྒན༽ ཞེས་པར་ཨ་རིའི་བྷིར་ཀི་ལིན་གློག་བརྙན་དུས་སྟོན་ཁྲོད་གཟེངས་རྟཊ་ཐོབ་འདུག

ཟླ་འདིའི་ཕྱི་ཚེས་ ༡ ནས་ ༡༠ བར་ཨ་རིའི་བྷིར་ཀི་ལིན་གློག་བརྙན་དུས་སྟོན་དེ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཚོགས་ཡོད་པ་ལྟར། དུས་སྟོན་ཐོག་འཛམ་གླིང་རྒྱལ་ཁབ་ ༣༠ ཙམ་གྱི་གློག་བརྙན་མི་འདྲ་བ་ ༡༠༠ ལྷག་འགྲན་ཞུགས་བྱས་པའི་ཁྲོད། བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་ ༼ ཁྱི་རྒན༽ ཞེས་པའི་གློག་བརྙན་ལ་འོས་ཤོག་མང་ཤོས་ཐོབ་སྟེ། དུས་སྟོན་སྟེང་ཕུལ་བྱུང་གློག་བརྙན་གྱི་གཟེངས་རྟགས་དང་ཨ་སྒོར་ ༥༧༠༠༠ གི་བྱ་དགའ་ཐོབ་འདུག  

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་འཁྲིད་བྱས་པའི་ ༼ཁྱི་རྒན༽ ཞེས་པའི་གློག་བརྙན་གྱི་ནང་དོན་གཙོ་བོ་ནི། བོད་དབུས་ཁུལ་དུ་བོད་པའི་ཁྱིམ་ཚང་ཅིག་གིས་ཕྱི་རྒྱལ་ནས་རིན་གོང་ཆེན་པོ་སྤྲད་དེ། བ་ཕྱུགས་ཤིག་ཉོས་རྗེས་གསོ་སྐྱོང་བྱེད་མ་ཤེས་པར་ཤི་བའི་སྐོར་གྱི་སྒྲུང་གཏམ་བརྒྱུད་དེ། བོད་ཀྱི་མི་རབས་རྒན་གཞོན་བར་གྱི་བསམ་བློའི་བར་ཁྱད་དང་། བོད་ནང་གི་སྤྱི་ཚོགས་ཀྱི་འགྱུར་འགྲོས་གསལ་སྟོན་བྱས་ཡོད་འདུག་ལ། གློག་བརྙན་འདིའི་འཁྲབ་སྟོན་པ་དབྱངས་འབུམ་རྒྱལ་དང་སྒྲོལ་མ་སྐྱབས། བློ་ཆེ། རྟ་མགྲིན་མཚོ་བཅས་དང་།  པར་ལེན་པ་གསོན་མཐར་རྒྱལ། གློག་བརྙན་སྒྲིག་སྦྱོར་བ་སངས་རྒྱས་འབུམ་བཅས་ཡིན་འདུག

གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་འཁྲིད་བྱས་པའི་གློག་བརྙན་༼ཁྱི་རྒན༽ ལ། སྔར་ལོ་ ཧོང་ཀོང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༣༥ སྟེང་ཨེ་ཤ་ཡའི་གསེར་གྱི་གཟེངས་རྟཊ་ཐོབ་ཡོད་པ་མ་ཟད། ཁོང་གི་གློག་བརྙན་༼འཚོལ༽ དང་༼ ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽ གཉིས་ལ་སྔ་ཕྱི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་། ཧོང་ཀོང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༣༠ པ་བཅས་སུ་རྒྱལ་སྤྱིའི་གློག་བརྙན་དཔྱད་བརྗོད་མཁན་མཉམ་འབྲེལ་གྱི་གཟེངས་རྟགས་དང་། གནམ་བདག་ཆོས་ལུགས་རིག་གནས་དམིགས་བསལ་ཆེ་བསྟོད་གཟེངས་རྟཊ་བཅས་ཐོབ་ཡོད་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༩ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༣ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 6

  1. བུ་ཡུག says:
    ལོ་ 14 སྔོན།

    སྒྱུ་རྩལ་བ་ཁོང་འཁྲུངས་ཡུལ་ག་བ་རེད་་་་འགྲེལ་བཤད་ཅིག་གྱོན་རོགས་གནོང་ཞུ་བ་ཡིན་།

    Reply
  2. བུ་ཡུག says:
    ལོ་ 14 སྔོན།

    ཧ་ཅང་ཡག་པོ་འདུག་ཡིན་ནའང་གསར་འགོད་པ་ཞེན་ཆ་ཞིག་ཡོད་པ་ནི་མི་སུ་འདྲ་ཞིག་ཡིན་ན་འདྲ་བཟང་ངན་གང་ཡིན་ཀྱང་མིང་དངོས་སུ་འགོད་དགོས་གལ་ཆེན་ཞིག་དུ་མཐོང། སོང་ཕྱིན་ཆད་འདིའི་རིགས་ལ་ཐུགས་མཉམ་འཇོག་དགོས།

    Reply
  3. ཀླུ་སྨྱོན། says:
    ལོ་ 14 སྔོན།

    ཁྱི་རྒན་གྱི་བརྗོད་བྱ་ནི་བོད་ཀྱི་མི་རབས་གསར་རྙིང་གཉིས་གདོང་གཏུགས་དང་དུས་རབས་གསར་རྙིང་གཉིས་བར་གྱི་གཙུབ་བརྡར་མཚོན་པ་ཞིག་རེད། བ་ཕྱུགས་ཀྱི་གློག་བརྙན་དེ་ནི་ཁྱི་རྒན་མ་ཡིན་པར་ཨ་རིའི་བ་ལང་བརྗོད་བྱར་བཟུང་བའི་གློག་བརྙན་གཞན་ཞིག་རེད། གསར་འགོད་པས་ཐུགས་མཉམ་བཞག་མི་འདུག

    Reply
  4. ཅང་མེད། says:
    ལོ་ 14 སྔོན།

    གློག་སྙན་དེའི་མགོ་འཇུག་བར་གསུམ་དུ་རམ་འདེགས་བྱེད་མི་ཡོངས་ལ་འཚམས་འདྲི་དང་འབྲེལ་་་་བཀྲིས་བདེ་ལེགས་གྲངས་མེད་ཞུ།

    Reply
  5. སྐར་མདའ། says:
    ལོ་ 14 སྔོན།

    བོད་པ་ཚང་གི་དགོས་མཁོ་ཞིག་རེད། ངོ་སོ་བསྟོད། ཁྱད་ལས་པ་ཟེར་དུས་འདི་འདྲ་ཞིག་དགོས་ཚོད་རེད། བོད་རང་གི་རིག་གཞུང་ལ་གོ་རྟོགས་ཧ་ཅང་ཞན་པའི་ལས་ཀྱི་སྣེ་མོ་བ་ཚོ། བོད་ནང་གི་བོད་མི་ཚོའི་བསམ་བློའི་ནུས་ཤུགས་དང་གོ་རྟོགས་བཅས་ལ་བསམ་གཞིག་རེ་གནོངས་དང་།

    Reply
  6. ཤག་སྒང་པ། says:
    ལོ་ 14 སྔོན།

    དེ་རིང་དུས་ཁོམ་ཏོག་ཙམ་འདུག་པས། དུས་བབ་གསར་གནས་ལ་བསྒུགས་བསྒུགས་རྗེས། བཀྲ་ཤིས་བའི་གནས་ཚུལ་ཞིག་འབྱོར་བར་བཀྲིས་བདེ་ལེགས་སོ།།

    འདི་ནི་ང་ཚོའི་མི་རབས་གསར་པའི་གྲུབ་འབྲས་དམིགས་བསལ་བ་ཞིག་དང་། ད་དུང་ང་ཚོས་ངེས་པར་དུ་ཤུགས་ནོན་ཆེ་ཙམ་བརྒྱབ་དགོས་པའི་སྒྱུ་རྩལ་གྱི་སློབ་ཚན་གལ་ཆེ་ཞིང་དམིགས་བསལ་བ་ཞིག་ཀྱང་ཡིན་ནོ།།

    པད་མ་ཚེ་བརྟན་ལགས་གཙོས་ཚང་མར་འགྲིགས་འདུག ཁ་བྲོ། ད་དུང་མུ་མཐུད་འབད་འབུངས་ཆེ་ཙམ་གནང་རོགས་ཞེས་ཟེར་བར་འདོད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese