མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདུན་ལམ་སློབ་སྟོན་ཟབ་སྦྱོང་ཐེངས་ ༣ པ།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་ཟབ་སྦྱོང་ཐེངས་གསུམ་པའི་སྟེང་། ཨ་རི་དང་རྒྱ་གར་མཐོ་སློབ་ཁག་ནས་སློབ་སྟོན་པ་ ༡༡ གདན་ཞུས་གནང་འདུག

དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་ཟབ་སྦྱོང་ཐེངས་གསུམ་པ་དེ། ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༤ ཉིན་བར་ངྷ་ས་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་མགོ་འཛུགས་གནང་ཡོད་ཅིང་། ཐེངས་འདིའི་ཟབ་སྦྱོང་སྟེང་ཨ་རི་དང་རྒྱ་གར་མཐོ་སློབ་ཁག་གི་དགེ་རྒན་ཆེན་མོ་བ་དང་། ཤེས་ཡོན་འགན་འཛིན་བཅས་ཁྱོན་མི་ ༡༡ ཙམ་གདན་ཞུ་གནང་སྟེ། དེང་དུས་དང་མཐུན་པའི་མདུན་ལམ་སློབ་སྟོན་གནང་ཕྱོགས་ཀྱི་བརྗོད་གཞི་ཁག་ ༡༣ ཐོག་ཟབ་ཁྲིད་གནང་མགོ་བཙུགས་ཡོད་ལ། ཐེངས་འདིའི་ཟབ་སྦྱོང་གི་སྐབས་དང་བསྟུན་ཏེ། ངྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ཚོགས་ཞུགས་པ་ཡོངས་ལ་ཚན་རིག་དང་ནང་ཆོས་ཟུང་འབྲེལ་ཐོག་སློབ་མའི་སེམས་ཞི་བར་གནས་ཐབས་དང་སྙིང་རྗེ་བསྐྱེད་ཐབས། སློབ་སྦྱོང་གི་དུས་སུ་བློ་སེམས་རྩེ་གཅིག་ཏུ་སྒྲིམ་ཐབས་སྐོར་གཏམ་བཤད་སྤེལ་རྒྱུ་ཡིན་འདུག

གནས་སྟངས་དེའི་ཐད་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་མདུན་ལམ་སློབ་སྟོན་ཟབ་སྦྱོང་དེ་ནི། བཙན་བྱོལ་བོད་མི་ཁྱད་ལས་པ་དང་ཕྱི་རྒྱལ་ཁྱད་ལས་པ་གཉིས་བར་ཕན་ཚུན་བསམ་ཚུལ་དང་ཉམས་མྱོང་བརྗེ་རེས་བྱ་ཆེད་ཡིན་འདུག་ལ། ད་ལོར་སྔར་དང་མ་འདྲ་བར་ཨ་རི་དང་རྒྱ་གར་ནས་མདུན་ལམ་སློབ་སྟོན་པ་བཅུ་གཅིག་གདན་ཞུས་ཀྱིས། རྒྱ་བལ་གཉིས་ཀྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་ཁྱད་ལས་པ་ ༡༦ ཙམ་ལ། དེང་དུས་དང་མཐུན་པའི་སློབ་ཕྲུག་ཚོར་མདུན་ལམ་སློབ་སྟོན་གནང་ཕྱོགས་ཐོག་ཟབ་ཁྲིད་གནང་བཞིན་ཡོད་ཡོད་འདུག

གསར་འགོད་པས་ཤེས་རིག་མདུན་ལམ་སློབ་སྟོན་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་སུ། བཙན་བྱོལ་བོད་མིའི་མདུན་ལམ་སློབ་སྟོན་གྱི་གལ་གནད་སྐོར་བཀའ་འདྲི་ཞུས་པར། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་འཛིན་སྐྱོང་གི་དུས་ཡུན་རིང་ཁྱད་ལས་པ་ ༡༠༠༠ ཙམ་ཐོན་ཐུབ་རྒྱུའི་རེ་བ་རྒྱག་བཞིན་ཡོད་པ་ལྟར། ང་རང་གིས་ཀྱང་ཁྱད་ལས་པ་དེ་ཧ་ཅང་གལ་ཆེན་པོར་མཐོང་གི་ཡོད། སྤྱིར་བཏང་ལས་ཀ་མང་པོ་ཞིག་ཁྱད་ལས་པའི་ལས་ཀ་ཆགས་ཡོད་སྟབས། ཁྱད་ལས་མིན་པའི་ལས་ཀ་བྱས་ན་དེས་ཕན་གནོད་གང་འདྲ་ཡོང་མིན་ཞུ་ཁག་པོ་ཆགས་ཡོད། གཞུང་གི་སྡེ་ཚན་མང་པོ་ཞིག་གི་ནང་ཁྱད་ལས་པ་ཡོད་ན། འཛིན་སྐྱོང་གི་ལས་དོན་གནང་ཕྱོགས་ཐོག་ཕན་ཐོགས་ཆེན་པོ་ཡོང་གི་རེད ” ཅེས་བརྗོད་བྱུང་།

སློབ་མའི་མདུན་ལམ་སློབ་སྟོན་ཟབ་སྦྱོང་འདི་ནི། ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་ལས་འཆར་འོག ལོ་གཉིས་རེའི་མཚམས་སུ་ཕྱི་རྒྱལ་རོགས་ཚོགས་ཀྱི་མཐུན་འགྱུར་འོག་གོ་སྒྲིག་ཞུ་བཞིན་པ་ཞིག་ཡིན་ལ། ཟབ་སྦྱོང་ཐེངས་དང་པོ་དེ་ ༢༠༠༨ ལོར་ཚོགས་ཡོད་ཅིང་། གཉིས་པ་ ༢༠༡༠ ལོར་ཚོགས་ཏེ་ཟབ་སྦྱོང་གི་སྦྱིན་བདག་ཨ་རིའི་གཞུང་དང་སི་ཝེ་ཌེན་རོགས་ཚོགས་གཉིས་ཀྱིས་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤

མཆན། 4

  1. ཅང་མེད། says:
    ལོ་ 14 སྔོན།

    སྐད་ཡིག་མ་བརྗེད་རོགས།

    Reply
  2. སྐར་མདའ། says:
    ལོ་ 14 སྔོན།

    དོན་དམ་གྱི་བོད་མི་ཁྱད་ལས་པ་དགོས་ཀྱི་ཡོད་ན། ཉམས་ཆག་ཏུ་འགྲོ་བཞིན་པའི་བོད་ཀྱི་སྐད་ཡིག་གཞིར་བཞག་གི་ཐོག་ནས་བོད་ཀྱི་རིག་གཞུང་དང་འབྲེལ་ཡོད་ཀྱི་ཁྱད་པས་པ་གསོ་སྐྱོང་གནང་དགོས་གལ་ཆེ། དེ་མིན་བཀའ་ཁྲི་བློ་སེང་གིས་བཏོན་པའི་ཁྱད་ལས་པ་དང་། སློབ་ཐོན་པ། ཤེས་ཡོན་པའི་གྲངས་འབོར་ཚད་བཞག་དེ་དག་ལ་ཡིད་ཆེས་གཏན་ནས་མེད། འཛིན་སྐྱོང་ནས་ལོ་ངོ་གཅིག་འཁོར་ལ་ཉེ་བ་འདིས་ཀྱང་ལྷག་འཕྲོས་རྣམས་ཧ་ཅང་གསལ་ཐག་ཆོད་འདུག

    Reply
  3. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    མདུན་ལམ་ལམ་སྟོན་བྱེད་པར་གལ་ཆེ་མོད། མདུན་ལམ་སྤྲད་ཐུབ་ན་དེ་བས་ཀྱང་གལ་ཆེ་བར་སྣང་། མ་གཏོགས་རྗེས་མར་རྒྱ་གར་དུ་བོད་པ་ལྷག་ས་མ་རེད་ད།
    ཞིས་ཆགས་བ་ལ་བྱ་བའི་མདུན་ལམ་ཆུང་།།
    གསར་འབྱོར་བ་ལ་འཚོ་བའི་མདུན་ལམ་ཆུང་།།
    ཆུང་ཆུང་་གཉིས་དང་གསུམ་གྱི་སུམ་མདོ་ནས།།
    བོད་པ་ཤར་ནུབ་གླིང་ལ་འཐོར་ཉེན་མཐོང་།།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    མདུན་ལམ་སློབ་སྟོན་དང་ཟབ་སྦྱོང་བརྒྱུད་་་་་མདུན་ལམ་རྙེད་མཁན་ཚོས་བོད་དོན་ཡ་ཆུང་ནས་མ་ཤོར་བ་བྱ་རྒྱུ་དེ་་་་་་སེམས་ཁུང་གི་རེ་བ་ཡིན་་་་་མ་གཏོགས་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese