མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་གྱི་བསྒྲགས་གཏམ་དང་གྲོས་ཆོད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་གྱི་མཇུག་བསྡོམས་ཚོགས་འདུ་ཚོགས་གྲུབ་སྟེ། གྲོས་ཆོད་དོན་ཚན་ ༡༠ ཅན་ཞིག་ཕྱིར་བསྒྲགས་དང་། དེ་བཞིན། རྒྱ་གར་ནང་བོད་དོན་དང་བོད་ཀྱི་རིག་གནས་སྤེལ་ཕྱོགས་སྐོར་ལ་ཟུར་ཏུ་གྲོས་གཞི་རིགས་གཉིས་གཏན་འབེབས་གནང་འདུག

ཁ་སང་ཕྱི་ཚེས་ ༡༡ ཉིན་འདས་པའི་ཉིན་གསུམ་རིང་གི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་མཇུག་བསྡོམས་ཚོགས་འདུ་གྲུབ་རྗེས། ཐེངས་འདིའི་ཚོགས་ཆེན་ཐོག་གཏན་འབེབས་བྱས་པའི་གྲོས་ཆོད་ཁག་གསར་འགོད་གསལ་བསྒྲགས་གནང་སྟེ།  བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་ནག་གིས་ཁྲིམས་འགལ་ཐོག་བོད་བཙན་བཟུང་བྱས་པ། བོད་རང་བཙན་ནི་བོད་མིའི་བདེ་སྡུག་དང་བོད་ཀྱི་ཆོས་རིགས་སྲུང་སྐྱོབ། རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ།ཧི་མ་ལ་ཡ་རི་རྒྱུད་ཀྱི་ཁོར་ཡུག་དང་དཔལ་འབྱོར། རིག་གཞུང་བཅས་ཀྱི་སྲུང་སྐྱོབ་ལ་འགན་ལེན་ཡོང་ཐབས་ཉག་ཅིག་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད་པ་དང་། བོད་རྒྱའི་གནད་དོན་ཐག་གཅོད་ཡོངས་རྒྱུར་རྒྱ་གཞུང་གིས་༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་མཉམ་དུ། ཁ་ཞེ་གཉིས་མེད་དང་དོན་ཕན་ལྡན་པའི་གྲོས་མོལ་འཕྲལ་དུ་མགོ་འཛུགས་བྱ་དགོས་པའི་འབོད་སྐུལ་བྱས་ཡོད།

ཉིན་གསུམ་རིང་གི་ཚོགས་ཆེན་སྟེང་རྒྱ་གར་བོད་དོན་རྒྱབ་སྐྱོར་པ་ཁག་གིས་ཐེངས་རྗེས་མའི་ཚོགས་ཆེན་བར་ལག་བསྟེར་དགོས་པའི་གྲོས་ཆོད་དོན་ཚན་བཅུ་ཅན་ཞིག་ཕྱིར་བསྒྲགས་བྱས་ཡོད་པ་ནི། ༡༽ ༢༠༡༣ ཟླ་ ༢ ནང་ལྡི་ལིར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གཞི་རྒྱ་ཆེ་བའི་བོད་དོན་ལས་འགུལ་སྤེལ་རྒྱུ། ༢༽ ༢༠༡༢ ལོའི་ཕྱི་ཟླ་ ༩ ནས་ ༡༠ བར་རྒྱ་ནག་གིས་རྒྱ་གར་ལ་བཙན་འཛུལ་བྱས་ནས་ལོ་ ༥༠ འཁོར་པའི་ངོ་རྒོལ་དུས་དྲན་སྲིང་བརྩི་བྱ་རྒྱུ། ༣༽༢༠༡༣  ལོ་ནི་ “བོད་རང་བཙན་”གྱི་ལོ་ཞིག་ལ་སྲུང་བརྩི་དང་། ༡༩༡༣ ལོར་༸གོང་ས་སྐུ་ཕྲེང་ ༡༣  མཆོག་རྒྱ་གར་ནས་ཕྱིར་བོད་དུ་ཆིབས་སྒྱུར་གྱིས་བོད་རང་བཙན་ཁྱབ་བསྒྲགས་གནང་ཡོད་པ་ལྟར། ༸གོང་ ༡༤ མཆོག་བོད་དུ་ཆིབས་སྒྱུར་གནང་ཐུབ་པར་རེ་བ་བྱ་རྒྱུ། ༤༽ རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་དམིགས་བསལ་ཚོགས་ཆུང་བཙུགས་ཏེ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་བཅའ་ཁྲིམས་ཟིན་བྲིས་བཟོས་ཏེ་ཚོགས་ཆེན་ཐེངས་རྗེས་མའི་སྟེང་སྤྱན་འབུལ་ཞུ་རྒྱུ། ༥༽ འབྱུང་འགྱུར་ལོ་༢རིང་རྒྱ་གར་ས་གནས་གང་སར་བོད་དོན་རྒྱ་སྐྱོར་ཚོགས་པའི་ལྷན་ཚོགས་འཚོགས་རྒྱུ། ༦༽རྒྱ་གར་གཞུང་གིས་༸གོང་ས་མཆོག་གིས་རྒྱ་གར་དང་འགྲོ་བ་མིའི་ཀུན་སྤྱོད་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་པར་ངོས་འཛིན་ཐོག རྒྱ་གར་གྱི་རིན་པོ་ཆེ་ (Bharat Ratna) ཞེས་པའི་གཟེངས་རྟགས་མཐོ་ཤོས་དེ་འབུལ་ལམ་ཞུ་དགོས་པའི་ཐད། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དག་གིས་རྒྱ་གར་གཞུང་ལ་འབོད་སྐུལ་ཤུགས་གནོན་རྒྱག་རྒྱུ། ༧༽ རྒྱ་གར་གྲོས་ཚོགས་འཐུས་མི་དང་ཆབ་སྲིད་ཚོགས་པ་དག་དང་འབྲེལ་བ་བྱས་ཏེ། ༸གོང་ས་མཆོག་རྒྱ་གར་གྲོས་ཚོགས་ནང་གདན་འདྲེན་ཞུ་འཇུག་རྒྱུ། ༨༽ རྒྱ་གར་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་རྒྱུན་ལས་དང་བཀའ་བློན་ཁྲི་པའི་བར་མཇལ་འཕྲད་གྲོས་མོལ་གོ་སྒྲིག་ཡོངས་ཐབས་བྱ་རྒྱུ། ༩༽ རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་ ༡༠ ཡང་སྲིད་ཡིན་པར་ངོས་འཛིན་དང་འབྲེལ་བའི་ལས་དོན་བསྒྱུབ་རྒྱུ། ༡༠༽ བོད་ཀྱི་རང་བྱུང་ཁོར་ཡུག་ལ་རྒྱ་གཞུང་གིས་གཏོར་བཤིག་ཚད་མེད་བཏང་པ་དེས། ཨེ་ཤ་ཡའི་ལྷོ་དང་ལྷོ་ཤར་ཁུལ་ལ་ཤུགས་རྐྱེན་ཐེབས་བཞིན་པའི་ཐད་རྒྱལ་སྤྱི་རང་བཞིན་གྱི་ལྷན་ཚོགས་བསྐོང་ཐབས་བྱ་རྒྱུ་བཅས་ཀྱི་གྲོས་ཆོད་བཞག་ཡོད་འདུག

གཞན་ཡང་། ཚོགས་ཆེན་ཐེངས་རྗེས་མ་མ་འཚོགས་བར་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རྒྱ་གར་ནང་གི་བོད་དོན་རྒྱབ་སྐྱོར་བ་རྒྱ་སྐྱེད་དང་ནུས་པ་མཐོར་འདེགས་ཡོང་རྒྱུར། རྒྱ་གར་གྱི་མངའ་སྡེ་དང་རྫོང་། ས་གནས་བཅས་སུ་རྒྱ་གར་བུད་མེད་དང་ན་གཞོན་ཁྲོད་བོད་དོན་དོ་སྣང་བསླེབ་ཐབས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འབྲེལ་ལམ་ཇེ་ཟབ་གཏོང་རྒྱུ། རྒྱ་གར་བོད་དོན་ཚོགས་པ་ཁག་གི་སྒྲིག་གཞི་དང་ལས་དོན་ཚགས་ཚུད་གཏོང་རྒྱུ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཁྱབ་ཁོངས་དང་ཚོགས་མི། མ་དངུལ་རྒྱ་ཆེ་རུ་གཏོང་རྒྱུ། རྒྱ་གར་གྱི་བརྙན་འཕྲིན་དང་རླུང་འཕྲིན། ཚགས་པར་སོགས་བརྒྱུད་ལམ་ཁག་ཏུ་བོད་དོན་དྲིལ་བསྒྲགས་རྒྱ་སྐྱེད་དང་། རྒྱ་གར་གྱི་དུས་ཆེན་དང་མི་མང་འདུ་འཛོམས་སྐབས་བོད་དོན་གོ་རྟོགས་སྤེལ་རྒྱུ། ཚོང་ལས་དང་ཁེ་ལས་སྡེ་ཚན་དག་གི་ནང་བོད་དོན་མཉམ་ལས་ཡོང་ཐབས་སོགས་ཀྱི་ཐད་ཟུར་འཇོག་གྲོས་ཆོད་དོན་ཚན་ ༧ གཏན་འབེབས་བྱས་ཡོད་པ་རེད།

དེ་བཞིན། རྒྱ་གར་གྱི་སློབ་གྲྭ་དང་མཐོ་སློབ། གཙུག་ལག་སློབ་ཆེན་སོགས་ཀྱི་ནང་། བོད་དོན་བགྲོ་གླེང་དང་རྩོམ་ཡིག་འགྲན་བསྡུར། དཔེ་མཛོད་ཁག་ནང་ཧིན་རྡི་དང་དབྱིན་ཡིག་ཐོག་ཡོད་པའི་བོད་དང་འབྲེལ་བའི་དཔེ་དེབ་མང་དུ་གཏོང་ཐབས། སློབ་ཕྲུག་དང་དགེ་རྒན་སོ་སོའི་ནང་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་འཛུགས་རྒྱུ། ཟུར་སྦྱོང་དང་ཉམས་ཞིབ་སློབ་ཚན་ནང་བོད་ཀྱི་ཁོར་ཡུག་དང་བདེ་འཇགས། རིག་གནས་སོགས་འཇོག་ཐབས། དྲ་ལམ་འདྲ་མིན་བརྒྱུད་སློབ་ཕྲུག་ཁྲོད་བོད་དོན་གོ་རྟོགས་སྤེལ་རྒྱུ་དང་། མཁས་པའི་གཏམ་བཤད་དང་ཟབ་སྦྱོང་གོ་སྒྲིག གཙུག་ལག་སློབ་ཆེན་དག་གི་ནང་༸གོང་ས་མཆོག་གི་མཚན་ཐོག་ནས་སྡེ་ཚན་ཟུར་འཛུགས་བྱ་ཐབས་སོགས། ཤེས་ཡོན་ལས་དོན་སྐོར་ནས་བོད་དོན་གོ་རྟོགས་སྤེལ་ཐབས་ཐད་ཟུར་འཇོག་གྲོས་ཆོད་དོན་ཚན་ ༨ གཏན་འབེབས་བྱས་འདུག

ད་སྔ་བོད་ཐོག་བཟུང་པའི་རྒྱ་གར་གཞུང་གི་སྲིད་ཇུས་དང་། བོད་དང་འབྲེལ་བའི་རྒྱ་དཀར་ནག་གི་ཕྱི་འབྲེལ་ཐད་ལེགས་བཅོས་ཡོང་ཕྱིར། རྒྱ་གར་དབུས་དང་མངའ་སྡེ་སོ་སོའི་ཁྲིམས་བཟོ་མི་སྣ་དང་། མཐོ་རིམ་དཔོན་རིགས། ཤེས་ཡོན་པ། གཞུང་ཚབ་མི་སྣ། རྒྱ་དཀར་ནག་གི་ཕྱི་འབྲེལ་མི་སྣ། མི་མང་དང་འཐུས་མི་བཅས་བརྒྱུད་དེ་རྒྱ་གར་གཞུང་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་དང་། མི་མང་ཁྲོད་རྒྱ་ནག་གིས་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཇི་ལྟར་བཟོ་བཞིན་པ་ངོ་སྤྲོད། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་གིས་རྒྱབ་སྐྱོར་ཡོང་ཐབས་སྐོར་ནས་གྲོས་ཆོད་དོན་ཚན་ ༡༣ ཅན་ཞིག་ཀྱང་གཏན་འབེབས་བྱས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. ཅང་མེད། says:
    ལོ་ 14 སྔོན།

    %90 ལག་ལེན་བལྟར་ཐུབ་པས་རེ་བ་་་་་་་་ཤིན་ཏུ་ཆེ།

    Reply
  2. འཇམ་བཟང་། says:
    ལོ་ 14 སྔོན།

    རྒྱ་གར་དབུས་གཞུང་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ། མི་དམངས་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    བོད་མི་ཚོའི་ནམ་ཡང་སེམས་ནས་མི་བརྗེད།

    Reply
  3. ཀེ་ཏ་ཀ says:
    ལོ་ 14 སྔོན།

    གྲོས་ཆོད་དེ་དག་ཧ་ལས་པའི་ཡག་པོ་བྱུང་འདུག དེ་རྣམས་ཆ་ཚང་མིན་ཡང་གང་འཚམས་དངོས་སུ་ལག་བསྟར་བྱེད་པའི་རེ་བ་ཤིན་ཏུ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese