མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྷ་སར་བོད་མི་ཕྱིར་ཕུད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཁམས་དང་ཨ་མདོ་ནས་ཡོང་བའི་བོད་མི་རྣམས་ཕྱིར་ཕུད་གཏོང་བཞིན་པ་མ་ཟད། ལྷ་སའི་ཡུལ་མི་ཚོར་ཡིག་ཆ་ཁག་ ༥ མ་ཚང་ཚེ་ཕྱིར་ཕུད་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་འདུག

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཟུར་པ་ངག་དབང་འོད་འབར་ལགས་ཀྱིས་གསར་ལམ་དུ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༡༧ ཉིན་སྔོན་བོད་མདོ་སྨད་བླ་བྲང་འབོ་རའི་རྡོ་རྗེ་ཚེ་བརྟན་ལགས་དང་། རྔ་པ་རྫོང་ཆོས་རྗེ་སོ་རུ་མ་སྡེ་བའི་དར་རྒྱས་ལགས་གཉིས་ཀྱིས་ལྷ་སའི་ཇོ་ཁང་མདུན་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས། རྒྱ་གཞུང་གིས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཡུན་ནན་བཅས་ཁམས་དང་ཨ་མདོའི་ཕྱོགས་ནས་ལྷ་སར་ཡོང་སྟེ། གནས་སྡོད་བྱེད་མཁན་བོད་མི་ཚོར་ཉེན་རྟོག་པས་ལྷ་སའི་བར་སྐོར་སོགས་སུ་གློ་བུར་དུ་ཐོབ་ཐང་ལག་འཁྱེར་ཡོད་མེད་ལ་ཞིབ་བཤེར་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཡུལ་མི་མིན་ཚེ་འཛིན་བཟུང་གིས་ཕྱིར་རང་ཡུལ་དུ་ཕྱིར་ཕུད་བྱེད་ཀྱིན་པ་མ་ཟད།  ལོ་མང་པོིའི་ཡང་སྔོན་ནས་ལྷ་སར་གཏན་སྡོད་བྱས་ཡོད་པའི་ཁམས་དང་ཨ་མདོ་ཕྱོགས་ཀྱི་བོད་མི་ཚོང་བ་ཚོར་རྩ་བ་ཉིད་ནས་བསྡད་མི་ཆོག་པའི་བཙན་བཀའ་བཏང་སྟེ་ཕྱིར་ཕུད་བྱེད་བཞིན་ཡོད་འདུག

དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་མི་ཚོར་ཡང་ཡིག་ཆ་ཁག་༥ ཚང་དགོས་པ་དག་ནི། དང་པོ། སྡོད་སའི་མགྲོན་ཁང་དང་གནས་ཚང་གི་རྒྱབ་གཉེར་ཡི་གེ གཉིས་པ། གནས་སྡོད་བྱེད་སའི་ས་ཁུལ་དེའི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ངོ་སྤྲོད་ཡི་གེ གསུམ་པ། རང་ཉིད་ཀྱི་ཐོབ་ཁོངས་ཡི་གེ བཞི་པ། ཐོབ་ཐང་ལག་འཁྱེར། ལྔ་པ། ལྷ་སར་གནས་སྡོད་ཆོག་པའི་ཡི་གེ་བཅས་ཚང་དགོས་ཀྱི་ཡོད་འདུག  གལ་སྲིད། ཡིག་ཆ་དེ་དག་ལས་གཅིག་མ་ཚང་ཚེ་བོད་རང་སྐྱོངས་ལྗོངས་ཀྱི་ཡུལ་མི་ཡིན་ཡང་ལྷ་སར་གནས་སྡོད་མི་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་ཏེ་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

མཆན། 1

  1. སྐར་མདའ། says:
    ལོ་ 11 སྔོན།

    རྒྱ་འདྲེ་ཚོ་ཕྱིར་འབུད་མི་གཏོང་བར་བོད་ཀྱི་བདག་པོ་ངོ་མ་ཚོ་ཕྱིར་ཕུད་ག་རེ་བྱས་ནས་གཏོང་དགོས་པ་ཡིན་ནམ། བོད་ཀྱི་ས་ཐོག་ཏུ་བོད་མི་འགྲོ་སྡོད་བྱས་མ་ཆོག་པ་དེ་ཧ་ཅང་ཐལ་དྲགས་པའི་བྱ་སྤྱོད་ཅིག་རེད། དེ་འུར་སྒྲོག་ལ་དགའ་བའི་སེང་གེ་བཀའ་ཤག་གི་ལྟ་གྲུབ་དང་མཐུན་སོང་བ་ཡིན་ལས་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist