མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅཱོན་ཊི་རཱ་ནས་རྒྱ་མི་དོགས་ཡོད་ ༨ འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོ་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་མན་ཌེ་(Mandi) རྫོང་ཁོངས་ཅཱོན་ཊི་རཱ་ནས། མངའ་སྡེ་ཉེན་རྟོག་པས་རྒྱ་མི་ ༨ གསང་ཉུལ་བའི་དོགས་གཞིའི་འོག་འཇུ་བཟུང་བྱས་འདུག

དེ་རིང་ཧི་མ་ཅཱལ་མངའ་སྡེ་ཉེན་རྟོག་ལས་ཁུངས་ནས་བརྗོད་པ་ལྟར་ན། རྒྱ་མི་དེ་དག་ཡུལ་སྐོར་སྤྲོ་འཆམ་པའི་མིང་ཐོག་ནས་རྒྱ་གར་ནང་འཛུལ་ཡོད་ཀྱང་། ད་ཆར་ཁོ་ཚོས་ཅཱོན་ཊི་རཱ་ས་གནས་སུ་ཤིང་བཟོ་དང་ལྷ་བྲིས། ཨར་ལས་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཁོ་ཚོས་ལས་ཀ་བྱས་ཏེ་དུས་ཡུན་གང་འཚམ་ཕྱིན་ཡོད་པ་མ་ཟད། ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་དུས་ཡུན་ཀྱང་རྫོགས་ཡོད་འདུག

རྒྱ་མི་དེ་དག་འཛིན་བཟུང་སྐབས་ཁོ་ཚོའི་ལག་ནས་རྒྱ་སྒོར་ཕུད་པའི་ཧིན་སྒོར་འབུམ་ ༣༠ ཙམ་དང་། རྒྱ་ནག་གི་ཁ་པར་བྱང་བུ་(Sim Card)། རྒྱལ་སྤྱིའི་དངུལ་འདོན་ལག་བྱང་(International ATM cards) བཅས་རྙེད་གསོན་བྱུང་ཡོད་འདུག

རྒྱ་མི་དེ་དག་༸གོང་ས་མཆོག་གི་སྐུ་ཕྱཱར་གནོད་འཚེ་གཏོང་མཁན་གྱི་གསང་ཉུལ་བའི་དོགས་གཞིའི་འོག་འཇུ་བཟུང་བྱས་ཡོད་ཀྱང་། འབྲེལ་ཡོད་ཉེན་རྟོག་པས་ད་ལྟའི་ཆར་ཉེན་རྟོག་ལས་ཁུངས་དང་གསང་བའི་ལས་ཁུངས་གཉིས་ཀྱིས་རྒྱ་མི་ཚོར་འདྲི་གཅོད་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཞིབ་བཤེར་ཆ་ཚང་མ་ཚར་བར་དུ་ཁོ་ཚོའི་སྐོར་ལ་མཐའ་གཅིག་ཏུ་ཚིག་ཐག་བཅད་དེ་བཤད་རྒྱུ་སྔ་དྲག་ཡོད་ཚུལ་བརྗོད་འདུག

རྒྱ་གར་གསར་ལམ་ཁག་ཏུ་ཅཱོན་ཊི་རཱར་ཡོད་པའི་རྫོང་སར་བཤད་གྲྭ་ནས་འཇུ་བཟུང་བྱས་ཚུལ་ཐོན་པ་ལྟར། འདི་གའི་གསར་འགོད་པས་རྫོང་སར་བཤད་གྲྭའི་འབྲེལ་ཡོད་མི་སྣར་འབྲེལ་བ་བྱས་སྐབས། རྒྱ་མི་དེ་དག་རྫོང་སར་བཤད་གྲྭའི་ཉེ་འཁྲིས་ཤིག་ནས་འཇུ་བཟུང་བྱས་ཡོད་ཚུལ་གོ་ཐོས་བྱུང་ཡོད་སྐོར་ལས་རྫོང་སར་བཤད་གྲྭ་མིན་ཚུལ་བརྗོད་བྱུང་། དེ་བཞིན་ཅཱོན་ཊི་རཱ་བོད་མིའི་ས་གནས་མགོ་འཛིན་བསྟན་འཛིན་རབ་དགའ་ལགས་སུ་ཁ་པར་བརྒྱུད་འབྲེལ་བ་བྱས་སྐབས། རྒྱ་མི་ཁག་ཅིག་ཅཱོན་ཊི་རཱ་ནས་འཇུ་བཟུང་བྱས་ཡོད་པ་དངོས་ཡོད་ཡིན་ཡང་། འབྲེལ་ཡོད་ཉེན་རྟོག་པ་སོགས་ལ་འབྲེལ་བ་བྱས་ཀྱང་ད་སྔ་ཞིབ་ཕྲའི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་།

དེའི་རྗེས་རྫོང་གསར་བཤད་གྲྭའི་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་ཀྱིས་ཁ་པར་བརྒྱུད་གནས་ཚུལ་བརྗོད་པ་ལྟར་ན། རྒྱ་མི་དེ་དག་འཛིན་བཟུང་བྱེད་ཡུལ་རྫོང་གསར་བཤད་གྲྭ་མིན་པར། རྫོང་གསར་བཤད་གྲྭའི་ཉེ་འཁྲིས་སུ་ཡོད་པའི་བཀའ་བརྒྱུད་པའི་སྤྲུལ་སྐུ་ཞིག་གི་ནང་ཡིན་འདུག ཁོང་གིས་ངོ་སྤྲོད་གནང་དོན།  “ ཁ་སང་གནས་ཚུལ་དེ་འདྲ་ཞིག་བྱུང་བ་དངོས་ཡོད་རེད། ཡིན་ནའང་དོགས་གཞི་ཅན་དེ་དག་འཛིན་བཟུང་བྱེད་ཡུལ་རྫོང་གསར་བཤད་གྲྭ་མ་རེད། རྒྱ་གར་གསར་ལམ་ཁག་ནང་གང་འདྲ་ཞིག་བཀོད་ཡོད་པ་ངས་ཧ་གོ་མ་སོང་། གནས་ཚུལ་དེ་བྱུང་ཡུལ་རྫོང་གསར་བཤད་གྲྭའི་ཉེ་འཁྲིས་སུ་ཡོད་པའི་བཀའ་བརྒྱུད་པའི་སྤྲུལ་སྐུ་ཞིག་གི་བླ་བྲང་རེད་འདུག སྤྲུལ་སྐུ་ཁོང་གི་མཚན་ལ་གངས་དཀར་སྤྲུལ་སྐུ་ཞུ་བཞིན་འདུག ཁོང་གི་ནང་རྫོང་གསར་བཤད་གྲྭ་དང་ཧ་ཅང་ཐག་ཉེ་བོ་ཡོད་པ་རེད། སྐར་མ་ཁ་ཤས་ཀྱི་ས་རུ་ཡོད་པ་རེད” ཅེས་ངོ་སྤྲོད་གནང་སོང་།

 

ཡང་གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་བརྗོད་ན་རྒྱ་གར་གསར་ལམ་ཁག་ཅིག་གིས་གནས་ཚུལ་ཆུང་ཆུང་ཆེན་པོ་བཟོས་པ་ཙམ་ལས། རྒྱ་མི་དེ་དག་ཐེ་ཝན་ནས་ཡིན་ཞིང་། ས་གནས་བོད་མི་ཞིག་གིས་ཆེད་དུ་སྐད་བཏང་བའི་ལག་ཤེས་པ་རྐྱང་ཡིན་པ་དང་། ཁོང་ཅག་གི་ཐོངས་མཆན་དུས་ཚོད་རྫོགས་འདུག་ཟེར་བའང་བདེན་པ་མིན་ཚུལ་སོགས་བརྗོད་བྱུང་ལ། དེ་རིང་ཉིན་རྒྱབ་མན་ཌེ་རྫོང་ནས་རྒྱ་གར་ཉེན་རྟོག་པ་སྤྱི་སྤྱོད་རླངས་འཁོར་ཆེ་བ་གཅིག་ས་གནས་དེར་འབྱོར་ཏེ་རྟོག་ཞིབ་བྱེད་བཞིན་ཡོད་འདུག་ལ། ས་གནས་བོད་མི་དང་ཉེན་རྟོག་པའི་བར་ཉོག་དྲ་བྱུང་སྟེ་གནས་ཚུལ་ཅུང་ཛ་དྲག་ཆགས་ཡོད་འདུག

 

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 9

  1. gyaltsen says:
    ལོ་ 13 སྔོན།

    ཨ་ཁཁ་་་་དངུལ་དང་སྤྲུལ་སྐུ་གཉིས།

    Reply
  2. མི་རྒོད། says:
    ལོ་ 13 སྔོན།

    འོ་ཡ་སྔོན་བོད་ཤོར་བའི་རྒྱུ་ཡང་དངུལ་ནས་བྱུང་། ད་བཙན་བྱོལ་གྱི་མདོང་པ་ཡང་དངུལ་གྱིས་ཤོར་ཉེན་ཆེ། རྒྱ་གར་འདི་ཧ་ཅང་སྤྱང་པོ་རེད། སྐད་ཆ་འདྲ་ཆགས་པོས་མཐར་གསལ་ལེ་མ་རེད་གྲོགས་པོ་ཚོ་རྒྱ་གར་་གསང་བའི་ལས་བྱེད་རྣམས་ཧ་ཅང་ཆུ་ཚད་མཐོ་པོ་རེད། ལྐུག་པ་རྩ་བ་ནས་ཡིན་མི་སྲིད་པ་རེད། གང་ཡིན་ཡང་དུས་ཧ་ཅང་མཚམས་པོ་བྱུང་བ་རེད། གང་ལྟར་ཕྱི་དྲགས་ཡོད་མ་རེད། བདེན་པ་ནི་ག་དུས་ཀྱང་རྒྱལ་འགྱུར་གི་རེད། རྫུན་པ་ནི་ག་ལེ་ག་ལེ་ཉམས་ལེ་རེད། རྒྱ་གར་ཉེན་རྟོགས་པར་ཐུགས་རྗེ་ཆེ་ཡོད།།

    Reply
  3. ནོར། says:
    ལོ་ 13 སྔོན།

    ཡར་བཤད་མ་བཤད་བརྒྱ་བྱས་ཀྱང་དོན་རྩ་བོད་མི་ཚང་མས་གཟབ་གཟབ་བྱ་དགོས་པ་དེ་གལ་ཆེན་པོ་རེད། ལྷག་པར་དུ་བླ་སྤྲུལ་རྣམས་ཀྱིས་ཀྱང་ཤོག་སྒོར་སྟེང་མིག་གཅེར་ཏེ་འདོད་རྔམ་གྱི་དབང་དུ་མི་འགྲོ་བར། བོད་སྤྱི་བ་དང་མི་རིགས་ཀྱི་བདེ་དོན་རང་ཉིད་ཀྱི་ལྟོ་དོན་ལས་གལ་ཆེར་བརྩིས་ཏེ། རྒྱ་གུང་བྲན་ཕ་མའི་ཕ་མ་རེད། དངུལ་ཏཱ་ཡང་ཆར་བ་འབབ་རེད། ཅེས་པའི་མི་རབས་རྗེས་མ་རྣམས་ཀྱིས་ངོ་གནོང་དགོས་པའི་སྐྱུག་བྲོ་བའི་ལོ་རྒྱུས་དེ་བསྐྱར་འཁྲབ་མི་ཡོང་རྒྱུ་གནད་ཀྱི་དོད་པོ་རེད། དེ་བཞིན་མི་མང་གི་ངོས་ནས་ཀྱང་། རྒྱ་གར་གྱི་ཕྱོགས་ལའང་དུས་རྒྱུན་རིག་པ་གྲུང་པོ་དང་གཟབ་གཟབ་བྱ་རྒྱུ་གལ་དུ་ཆེ།
    གཞན། ཀེ་ཏ་ཀ་ཞེས་པས་”དངོས་གནས་རྒྱ་ནག་གིས་ཅིག་བྱེད་ཀྱི་ཡིན་ན། རྡ་རམ་ས་ལ་ཉིན་ཁ་ཤས་ནང་གཙང་མ་བཟོ་མི་ཐུབ་པ་ག་རེ་ཡོད་པ་རེད་དམ།” ཞེས་པའི་སྐད་ཆ་འདི་ནི་སྐྱུག་མེར་ལངས་པའི་ཉོག་གཏམ་ཆག་སྡང་ཅན་ཞིག་རེད། རྒྱ་ནག་གིས་བཟོ་ས་མ་སོང་བ་རེད་མ་གཏོགས། བཟོ་ས་འགྲོ་བ་ཡིན་དྷ་རམ་ས་ལའི་མི་གཅིག་མ་སྐྱུར་པར་ཤུལ་དུ་བཟོ་ཐུབ་པ་བསམ་པའི་ཀུན་སློང་དེ་ཡོད་ཡོད་པ་རེད། སྔར་བོད་མི་ས་གཅིག་དམར་གསོད་བཏང་བ་རེད་ལ། མ་འོངས་པར་ཡང་དེ་སྔའི་ཁ་རུབ་མུན་ནག་གི་དུས་སྐབས་དེ་འདྲ་ཞིག་བྱུང་བ་ཡིན་ན། བོད་མི་གཅིག་ཀྱང་ཤུལ་ལྷག་མེད་པར་རྩ་མེད་དུ་གཏོང་འདོད་ཀྱི་འདོད་རྔམ་ནི་སྤྱང་ལྟོགས་ཤ་ལ་རྔམ་པ་བཞིན་ཡོད་དོ།།

    Reply
  4. ཀེ་ཏ་ཀ says:
    ལོ་ 13 སྔོན།

    རྒྱ་གར་པས་ཉེན་རྟོག་པ་རྣམས་ལ་སྤྱང་ཀི་ཞེས་འབོད་པ་རེད། རྒྱ་གར་ཉེན་རྟོག་པ་རྣམས་སྤྱང་ཀི་ཡིན་མིན་བོད་མི་ཚོ་ལའང་རྒྱུས་གང་ཙམ་ཡོད་ཡོད་པ་རེད། དེས་ན་རྒྱ་གར་ཉེན་རྟོག་པས་ག་རེ་ཟེར་མིན་དེ་ཧ་ལས་པ་ཞིག་ཡིན་མིན་ཚང་མས་ཤེས་གསལ་རེད།
    ཟླ་བ་འདིའི་སྔ་གཞུག་ཏུ་༧གོང་ས་མཆོག་ལ་ཅིག་ཅིག་བྱེད་མཁན་འདུག་ཟེར་རྒྱུ་མང་དུ་འགྲོ་བཞིན་འདུག ༧གོང་ས་མཆོག་རང་གི་ཞལ་ནས་ཀྱང་གསུངས་ཡོད་པ་རེད། ༧གོང་ས་མཆོག་གིས་འདི་ལྟར་གསུངས་དགོས་པའི་རྒྱུ་མཚན་སུ་གཅིག་གིས་ཀྱང་ད་བར་འདི་རེད་ཅེས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གསལ་བཤད་བྱེད་ཐུབ་ཀྱི་ཡོད་པ་མ་རེད། དེས་རྐྱེན་བོད་ནང་གི་བོད་མི་རྣམས་སེམས་འཚབ་ཆེན་པོར་གཏོད་བཞིན་པ་རེད།
    ད་ཐེངས་ཡང། སྐད་ཆ་རིང་ཐུང་སྣ་ཚོགས་ཡོང་གི་ཡོད་པ་རེད། གལ་སྲིད་ལག་ཁྱེར་དུས་ཡུན་རྫོགས་ཡོད་ན་དེ་སྔ་མོ་ནས་ཤེས་རྟོགས་བྱུང་ན་ཆོག་མོད། དེ་ལྟར་མ་བྱུང་བ་ག་རེ་རེད། སོ་པ་ཡིན་ན་ས་མཚམས་ནས་བཏང་སྟེ་ལས་ཀ་བྱས་ནས་དེ་རིང་བར་ལྷག་ལུས་བྱུང་བ་ག་རེ་རེད་དམ། སྒོར་འབུམ་ཁ་ཤས་འདུག་པས་སོ་པ་ཡིན་ཟེར་ས་ཨེ་འགྲོ རྒྱ་མི་དཀྱུས་མ་ཞིག་ལ་པེད་ཤག་ཅུང་ཙམ་མེད་འགྲོ ཁོང་ཚོ་མི་མང་པོ་ཡོད་དུས། འབུམ་ཁ་ཤས་ཡོད་ཆོག་ཆོག་རེད་ཝ།
    སླད་ཕྱིན་སྤྱི་ཚོགས་བདེ་འཇགས་ལ་གཏོར་བཤིག་གཏོང་མཁན་ཉེན་རྟོག་པ་དང་སོ་པ་ཆབ་སྲིད་པ་གང་གི་ཕྱོགས་ནས་ཡོང་གི་ཡོད་ཀྱང། མི་མང་རྣམས་དེའི་རྗེས་སུ་རླུང་གིས་འཁུར་ནས་མ་འགྲོ་རོགས། དངོས་གནས་རྒྱ་ནག་གིས་ཅིག་བྱེད་ཀྱི་ཡིན་ན། རྡ་རམ་ས་ལ་ཉིན་ཁ་ཤས་ནང་གཙང་མ་བཟོ་མི་ཐུབ་པ་ག་རེ་ཡོད་པ་རེད་དམ། དེ་བས་སྐད་ཆ་བསམ་ནས་ཤོད། རྩམ་པ་ལྡད་ནས་མིད་རོགས།། ཁྲམ་པ་ཚོའི་རླུང་ནང་མ་འཆོང་རོགས།།།།

    Reply
  5. གངས་རྡེའུ། says:
    ལོ་ 13 སྔོན།

    ངོ་མ་སྐད་ཆ་དྲང་མོ་ཤོད་དང་འུ་ཅག་གིས་རྒྱ་གར་ཉེན་རྟོག་པར་བཀའ་དྲིན་ཆེ་བ་དང་རྒྱ་མི་དེ་དག་ལ་དོགས་པ་མ་བྱས་ན་ཡང་རྒྱ་ནག་ཁོང་ཚོ་ལ་རྒྱབ་སྐྱོར་བྱེད་དགོས་དོན་མེད། ་ཡང་ཐེ་ཝན་གྱི་ཡིན་ན་རྒྱ་ནག་སྐམ་ས་ནས་མ་ཡོང་བ་དང་གསང་ཉུལ་མིན་རྟགས་རྩ་བ་ཉེད་ལ། ད་དུང་ང་ཚོ་དང་འབྲེལ་བ་ཆེ་ཁུལ་གྱིས་ཐེ་ཝན་ནས་གཏོང་བདེ་བ་ཡོད་པ་ཡང་ཤེས་ན་བཟང་གི

    Reply
  6. འཇམ་བཟང་། says:
    ལོ་ 13 སྔོན།

    དེ་རིང་རྒྱ་གར་གསར་འགྱུར་སྟེང་ལ་ཡང་། གསར་འགྱུར་ཆ་ཚང་བཀོད་མི་འདུག། ཁོང་ཚོའི་འཇོན་ཐང་ཡོད་རབས་མ་ཏོག
    D.S.P ཟེར་བའི་ཉེན་རྟོག་ཁ་ལོ་བས་གསེར་དངུལ་ལས་གྲུབ་པའི་བུམ་པ་རྐུས་པ་དང་། དེ་ནི་བོད་མི་རང་གི་མཐོང་ཡོད། དེའི་སྐོར་ལ་ཅི་ཡང་བཀོད་མི་འདུག
    ངོ་མ་སྐྱོ་གི། རང་དབང་ལུང་པ་མེད་ན་དངོས་གནས་གཞན་གྱི་བརྙས་བཅོས་ཁུར་ནས་འགྲོ་རྒྱུ་རེད།
    ང་ཚོ་རང་དབང་ཐོབ་པའི་ཉིན་ཞིག་ག་དུས་ཤར་གི་རེད།

    Reply
  7. དྲང་སྲོང་། says:
    ལོ་ 13 སྔོན།

    འདིའི་སྐོར་མདོ་ཙམ་ཤེས་གསལ་ལ། རྒྱ་མི་དེ་དག་རྒྱ་ནག་ནས་ཡོང་བ་དེ་འདྲ་རེད་མིན་འདུག ཁོང་ཚོ་ཕལ་ཆེ་ཐེ་ཝན་ནས་དགོན་སྡེ་ཁག་དང་རང་རང་འབྲེལ་བ་ཡོད་སའི་བླ་མ་ཁག་ལ་ཞབས་ཞུ་ཞུ་བར་ཡོང་བ་རེད་འདུག ཡིན་ཀྱང་ཁོང་ཚོར་ཡུལ་འཁོར་སྤྲོ་འཆམ་པའི་ཡིག་ཆ་མ་གཏོགས་ལས་ཀའི་བྱ་ཆོག་པའི་ཡིག་ཆ་ཡོད་ས་མ་རེད། ཁ་སྔོན་རྒྱ་གར་ཉེན་རྟོགས་པ་མཚན་ལ་རྫོང་གསར་ཉེ་འཁོར་གྱི་ཁང་པ་གསར་རྒྱག་ནང་འཛུལ་ཏེ་བརྔོག་བཤེར་བྱས་ཡོད་པ་མ་ཟད། ཁ་ལོ་པ་དང་ཉེན་རྟོག་པ་ཁ་མཐུན་གྱིས་ཅ་དངོས་རྩ་ཆེ་འགའ་ཕྲོག་བཅོམ་བྱས་ཡོད་འདུག

    Reply
  8. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    རྒྱ་བླ་ཚོ་དང་རྒྱ་མིས་ཞལ་འདེབས་ལ་དགའ་བའི་དགོན་པ་དག་གིས་ངེས་པར་དུ་གཟབ་གཟབ་བྱེད་པར་གལ་མ་གཏོགས་རྒྱ་མིའི་གསང་མྱུལ་བ་སྦྱིན་བདག་གི་མིང་ཐོག་ནས་རྒྱ་གར་ནང་དུ་འཛུལ་གཞུགས་བྱ་ངེས་པར་འདོད། སྔོན་མ་ང་བལ་ཡུལ་སྣེ་ལེན་ཁང་དུ་ཡོད་སྐབས། བལ་ཡུལ་སྣེ་ལེན་ཁང་དུ་རྒྱ་མོ་ཨ་ནེ་རེ་ཟུང་བོད་པ་མ་ཡིན་ཡང་སྤྲུལ་མིང་ཐོགས་པ་འགས་སྣེ་ལེན་ལས་བྱེད་ལ་མགོ་སྐོར་བཏང་རོགས་བྱེད་ཅིང་ཕ་རྒྱ་དང་མ་བོད་རིགས་ཡིན་རབ་ད་དུང་དགོན་པ་ཡི་སྦྱིན་བདག་ཡིན་པ་སོགས་ཀྱི་གནས་ལུགས་འདྲ་མིན་དྲང་ཞིང་སྣེ་ལེན་ལས་བྱེད་ཀྱི་ངོས་ལེན་མ་བྱས་ཚེ། རྣམ་འགྱུར་འདྲ་མིན་བསྟན་མཁན་ཡང་ཡོད་པ་རེད། རྗེས་མ་དེ་དག་རིགས་ལ་གཟབ་གཟབ་བྱ་བར་གལ་བར་སྣང་།

    Reply
  9. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 13 སྔོན།

    ལྷ་རྒྱལ་ལོ། ༜

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese