གཟའ་ལྷག་པའི་ཉིན་འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སན་སུའུ་ཀེ་བདུན་ཕྲག་གཉིས་རིང་ཡུ་རོབ་ནང་ལོ་ ༢༢ རྗེས་ཀྱི་གཟིགས་སྐོར་ཐོག་མ་དེ་བྱེད་བཞིན་ཡོད།
ཁ་སང་ཕྱི་ཚེས་ ༡༣ ཉིན་རྒྱབ་ལྕམ་ཨང་སན་སུའུ་ཀེ་སུད་སིར་འབྱོར་ཏེ། དེ་རིང་སུད་སི་ཇེ་ནེ་ཝ་ (Geneva) གྲོང་ཁྱེར་ནང་འཚོགས་བཞིན་པའི་རྒྱལ་ཚོགས་ངལ་རྩོལ་སྲུང་སྐྱོབ་ཚོགས་པའི་ཚོགས་འདུར་མཉམ་ཞུགས་དང་གཏམ་བཤད་སྤེལ་ཡོད་པ་དང་། ཕྱི་ཚེས་ ༡༥ ནས་ ༡༨ བར་ནོར་ཝེ་རྒྱལ་ཁབ་ཏུ་གཟིགས་སྐོར་གྱིས། ༡༩༩༡ ལོར་ཁོང་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པ་དེ་དངོས་སུ་འབུལ་བཞེས་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༨ ཉིན་ཨེ་རི་ལན་ཌི་ (Ireland) ནང་གཟིགས་སྐོར་བྱ་རྒྱུ་དང་། ཕྱི་ཚེས་ ༡༨ ཉིན་ཨེ་རི་ལན་ཌིའི་གཟིགས་སྐོར་གྲུབ་རྗེས་དབྱིན་ཡུལ་དུ་བསྐྱོད་དེ། ཕྱི་ཚེས་ ༢༥ བར་དབྱིན་ཡུལ་གྱི་གྲོས་ཚོགས་གོང་འོག་གཉིས་ནང་གཏམ་བཤད་སྤེལ་འཆར་ཡོད་པ་དང་། ཕྱི་ཚེས་ ༢༥ ཉིན་ཧྥ་རན་སར་ཕྱོགས་ཐོན་གྱིས་གཟིགས་སྐོར་མཐའ་མ་དེ་བྱས་རྗེས་ཕྱིར་འབར་མར་ལོག་རྒྱུ་ཡིན་འདུག
སུའུ་ཀེ་འབར་མ་ནས་མ་ཐོན་གོང་གསར་འགོད་པར་རང་ཉིད་འབར་མ་ནས་ཐོན་ཏེ། རྒྱལ་ཁབ་གཞན་མང་པོ་ཞིག་གི་ནང་གཟིགས་སྐོར་དུ་བསྐྱོད་བཞིན་པའི་ཐད། ཁོ་མས། “འགྲོ་ཡུལ་རྒྱལ་ཁབ་རེ་རེ་བཞིན་མ་འདྲ་བ་ཡིན་སྟབས། རྒྱལ་ཁབ་གཞན་དག་ནང་འབྱོར་སྐབས་ངས་འབར་མ་རྗེས་ལུས་ཇི་ལྟར་ཐེབས་ཡོད་པ་ཤེས་རྟོགས་འབྱུང་ངེས”ཞེས་བརྗོད་འདུག
ཁྱོད་ཀྱིས་ཞུམ་པ་མེད་པའི་སྙིང་སྟོབས་དང་སྒྱུར་བ་མེད་པའི་ལྟ་བ་དེར་སྙིང་ནས་དགའ། བོད་མི་རིགས་ཀྱི་ཆབ་སྲིད་པ་རྣམ་པས་ཁོང་དང་འདྲ་བར་སྒྱུར་བ་མེད་པའི་ལྟ་བ་ཞིག་བཟུང་བ་ཡིན་བོད་པ་ཚང་ལ་བདེ་སྐྱིད་ཞིག་ལེགས་ཐོབ་སྲིད།