མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྐུ་ཚབ་ཕྱིར་འབུད་བྱ་ཐབས་བྱས་མཐར་སོ་སོ་ཕྱིར་ཐོན་དགོས་བྱུང་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ལྷོ་ཀོ་རུ་ཡའི་རྒྱལ་ས་སིའོ་ཡོལ་(Seoul) ) དུ་ཚོགས་བཞིན་པའི་འཛམ་གླིང་ནང་པའི་ཚོགས་ཆེན་ཐོག རྒྱ་མིའི་སྐུ་ཚབ་ཚོས་བོད་མིའི་སྐུ་ཚབ་རྣམས་ལ་རྙོག་གླེང་བཟོས་ཡོད་པ་ལྟར། དེ་འབྲེལ་གནས་ཚུལ་ཐད་ཆོས་རིག་ལས་ཁུངས་ཀྱིས་ཡིག་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག

ཕྱི་ཚེས་ ༡༢ ཉིན་ནས་དབུ་འཛུགས་ཀྱིས་ལྷོ་ཀོ་རི་ཡའི་རྒྱལ་ས་སིའོ་ཡོལ་དུ་ཚོགས་བཞིན་འཛམ་གླིང་ནང་པའི་རྒྱལ་སྤྱིའི་ཆོས་ཚོགས་ཐེངས་ ༢༦ སྟེང་། རྒྱ་གཞུང་གི་སྐུ་ཚབ་ཚོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམ་པར་ངོ་རྒོལ་གྱིས་ཕྱིར་ཐོན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆོས་རིག་བཀའ་བློན་མཆོག་གིས་ཁ་པར་བརྒྱུད། རྒྱ་མིའི་སྐུ་ཚབ་ཚོས་བོད་མིའི་སྐུ་ཚབ་ལ་ཆེད་དམིགས་རྙོག་གླེང་བཟོས་པའི་འབྲེལ་ཡོད་གནས་སྟངས་སྐོར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ལ་སྙན་གསན་ཕུལ་འདུག་ལ། དབུས་བོད་མིའི་ཆོས་རིག་ལས་ཁུངས་ཀྱིས་གནས་ཚུལ་དེའི་ཐད་ཡིག་ཐོག་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག

གསར་འགོད་གསལ་བསྒྲགས་ནང་། “ད་རེས་ཚོགས་འདུ་འདིའི་ཐོག་རྒྱ་མིའི་སྐུ་ཚབ་ཚོས་བོད་པའི་སྐུ་ཚབ་ཕྱིར་འབུད་བྱ་ཐབས་བྱས་ཀྱང་། དེ་ལས་བཟློག་སྟེ་རྒྱ་མིའི་སྐུ་ཚབ་ ༡༧ རྣམས་ཚོགས་འདུ་ནས་ཕྱིར་ཐོན་བྱ་དགོས་བྱུང་འདུག ”ཅེས་བཀོད་དེ། ཐེངས་འདིའི་འཛམ་གླིང་ནང་པའི་རྒྱལ་སྤྱིའི་ཆོས་ཚོགས་ཐོག རྒྱ་གཞུང་གིས་བོད་མིའི་སྐུ་ཚབ་རྣམས་ཚོགས་ཞུགས་མི་ཐུབ་པའི་ཆེད་དུ། དངོས་ཤུགས་བརྒྱུད་གསུམ་ནས་འགོག་རྐྱེན་བར་ཆད་སྣ་ཚོགས་བཟོས་ཀྱང་། རྒྱ་གཞུང་གི་བློ་འདོད་དེར་གྲུབ་འབྲས་གང་ཡང་མ་སོན་པའི་སྐོར་གསལ་འདོན་བྱས་ཡོད་པ་རེད།

གསར་འགོད་གསལ་བསྒྲགས་ནང་བཀོད་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཚོགས་ཞུགས་པ་རྣམས་ཚོགས་འདུའི་དབུ་འབྱེད་མཛད་སྒོར་ངོ་བཅར་ཞུ་སྐབས། རྒྱ་མིའི་སྐུ་ཚབ་ཚོས་ཚོགས་འདུའི་གོ་སྒྲིག་པ་འཛམ་གླིང་ནང་པའི་རྒྱལ་སྤྱིའི་ཆོས་ཚོགས་ལ། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཚོགས་འདུ་ནས་ཕྱིར་འཐེན་དགོས་པའི་འདོད་འདུན་བཏོན་སྟབས།  ཚོགས་ཆེན་གོ་སྒྲིག་པས་བཀའ་བློན་མཆོག་ལ་ཁྱུག་ཙམ་རིང་ཚོགས་བཅར་མི་གནང་བའི་འབོད་སྐུལ་ཞུས་པར། བཀའ་བློན་མཆོག་གིས་ཁོང་ཉིད་འཛམ་གླིང་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ཀྱིས་མགྲོན་འབོད་གནང་བ་ལྟར་ཚོགས་བཅར་ཞུ་བཞིན་པར་མ་ཟད། ལྷོ་ཀོ་རི་ཡ་ནི་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། རྒྱ་གཞུང་གི་གནོན་ཤུགས་འོག་འགྲོ་དགོས་དོན་མེད་ཀྱང་།   ཚོགས་བཅར་བ་ཡོངས་ལ་སྐུ་ངལ་མི་འབྱུང་བ་དང་ཚོགས་འདུ་གོ་སྒྲིག་པར་མཛད་དཀའ་མི་འབྱུང་ཆེད་ཕྱིར་བཞུགས་གནང་རྒྱུ་ཞལ་བཞེས་གནང་སྟེ། དབུ་འབྱེད་མཛད་སྒོའི་ཚོགས་འདུ་ནས་ཕྱིར་ཕེབས་འཕྲལ། རྒྱལ་སྤྱིའི་གསར་འགོད་པ་མང་པོས་ཆུ་ཚོད་ ༡ ཙམ་རིང་ཁོང་དང་དྲི་བ་དྲིས་ལན་གནང་སྟེ། བོད་མིའི་སྐུ་ཚབ་ལ་དོ་སྣང་ཤུགས་ཆེན་པོ་གནང་ཡོད་འདུག  

ཉིན་གུང་གསོལ་ཚིག་རྗེས་ཆོས་རིག་བཀའ་བློན་མཆོག་ཚོགས་འདུར་ཕེབས་བཞུགས་གནང་སྐབས། རྒྱ་མིའི་སྐུ་ཚབ་ཚོས་ངོ་རྒོལ་གྱི་རྣམ་པའི་ཐོག་ནས་ཚོགས་འདུ་ནས་ཕྱིར་ཐོན་ཡོད་པ་མ་ཟད། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་རྒྱའི་སྐུ་ཚབ་ཚོས་བཀའ་བློན་པདྨ་ཆོས་འབྱོར་མཆོག་ལ་ཨ་རིའི་ཕྱག་འཁྱེར་ཡོད་རུང་། དོན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་ཡིན་པའི་འགྲེལ་བརྗོད་དང་། དེ་འབྲེལ་གྱི་དཔང་རྟགས་ཡིག་རིགས་སོགས་བཏོན་ཏེ།  ཚོགས་འདུར་མཉམ་ཞུགས་མི་ཐུབ་ཆེད་འགོག་རྐྱེན་གང་ཡོང་བཟོས་ཡོད་ཀྱང་། ཉན་འཇོག་ཆ་འཛིན་གནང་མཁན་སུ་གང་ཡང་བྱུང་མེད་པ་རེད།

གཞན་ཡང་། རྒྱ་མིའི་སྐུ་ཚབ་ཀྱིས་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེ་ནས་ཕེབས་པའི་མཚོ་སྣ་རིན་པོ་ཆེ་ལའང་རྙོག་གླེང་གང་ཐུབ་བཟོས་ཡོད་ཀྱང་། རིན་པོ་ཆེ་མཆོག་གིས་ཁོང་ཉིད་རྒྱ་གར་གྱི་མི་སེར་ཡིན་པ་གསལ་བརྗོད་གནང་ཡོད་པ་དང་།  རྒྱ་མིའི་སྐུ་ཚབ་ཚོས་ཚོགས་བཅར་བ་རྣམས་ལ་ཆེད་དུ་རྙོག་གླེང་སུན་གཙེར་བཟོས་པར་བརྟེན། སུད་སིའི་སྐུ་ཚབ་མི་སྣ་ཞིག་གིས་རྒྱའི་སྐུ་ཚབ་ཚོར་མི་འདོད་པའི་གཏམ་བཤད་དང་རྣམ་འགྱུར་ཡང་བསྟན་ཡོད་འདུག

ཐེངས་འདིའི་གླེང་རྙོག་བརྒྱུད་རིམ་ཁྲོད་ཆོས་རིག་བཀའ་བློན་མཆོག་གིས་བཟོད་སྲན་གུ་ཡངས་གནང་པའི་ཐད། ཚོགས་འདུ་གོ་སྒྲིག་པའི་ངོས་ནས་བོད་མིའི་སྐུ་ཚབ་ཆོས་རིག་བཀའ་བློན་མཆོག་ལ་དགོངས་སེལ་བསྔགས་བརྗོད་དང་འབྲེལ།  བཀའ་བློན་མཆོག་གི་གནམ་གྲུའི་གླ་ཆ་དང་ཚོགས་དོད་བཅས་ཆག་ཡང་ཞུ་རྒྱུ་ཡིན་པ་སྙན་གསན་ཞུས་ཡོད་པ་མ་ཟད།  འཛམ་གླིང་རྒྱལ་ཁབ་ཁག་ནས་ཕེབས་པའི་ཚོགས་བཅར་བ་དག་གིས་ཀྱང་བོད་མིའི་སྐུ་ཚབ་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཡོད་འདུག

འདི་ལོ་ལྷོ་ཀོ་རི་ཀར་ཚོགས་པའི་འཛམ་གླིང་ནང་པའི་རྒྱལ་སྤྱིའི་ཆོས་ཚོགས་ཐེངས་ ༢༦ པའི་སྟེང་། འཛམ་གླིང་རྒྱལ་ཁབ་ཁག་ ༤༩ ནས་ཚོགས་ཞུགས་སྐུ་ཚབ་མི་གྲངས་ ༡༠༠༠ ལྷག་ཕེབས་ཡོད་པ་དང་། ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་ལྷོ་ཀོ་རི་ཡའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན། ཆོས་རིག་བློན་ཆེན་དང་། གནད་ཡོད་བླ་མ་ཁག་གིས་གསུང་བཤད་གནང་རྗེས་རིག་གཞུང་གཞས་སྣ་ཁྲབ་སྟོན་ཞུས་ཡོད་པ་རེད། ཐེངས་འདིའི་འཛམ་གླིང་ནང་པའི་ཚོགས་ཆེན་ཐོག་རྒྱ་མིའི་སྐུ་ཚབ་ ༡༧ འབྱོར་ཡོད་ཀྱང་། མཐར་མཇུག་རྒྱ་ནག་དམར་གཞུང་གི་སྟངས་འཛིན་བཀའ་བཀོད་ལྟར་ཕྱིར་ལོག་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༩ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༥ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 4

  1. འཁྱམ་པོ། says:
    ལོ་ 14 སྔོན།

    ང་ཚོ་བོད་པ་ཚང་ག་དུས་ཡིན་ནའང་འདི་འདྲ་རེད་ དམར་ཤོག་གནོད་ཤུགས་འོག་ད་རེས་ཡང་གྱོན་གུད་མང་པོ་ཕོག་ནའང་ད་དུང་ཚིག་སྙན་པོ་མང་པོས་རྒྱན་ཏེ་བྱས་རྗེས་ཆེན་པོ་བཞག་རབས་ཁོ་ན་གླིང་བ་ནི་རང་མི་རིགས་ཕུང་ལ་སྦྱོར་བྱེད་ཞིག་ལས་གཞན་གང་ཡང་མ་རེད།།

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    དབུ་འཛུགས་མཛད་སྒོར་ཆོས་རིག་བཀའ་བློན་བཞུགས་མི་ཐུབ་པ་ནི་བཟང་སྤྱོད་རྣམ་པ་གང་ན་ཡིན་དེ་ནི་རྒྱ་གཞུང་གི་ཆབ་སྲིད་གནོན་ཤུགས་རྐྱེན་པས་ལྷོ་ཀོ་རི་ཡར་བཟོད་མི་བདེ་བར་བཀའ་བློན་ཕྱིར་བསྡོད་དགོས་བྱུང་བ་ཡིན་ངེས། རྒྱ་གཞུང་གི་སྐུ་ཚབ་ཕྱིར་ཐོན་པ་ནི་ཆབ་སྲིད་དགོས་མཁོ་ཡིན་པས་ང་ཚོའི་སྐུ་ཚབ་ཚོས་འཇོན་པའི་རྒྱལ་ཁ་གང་ན་ཡིན། དེ་བཞིན་ང་ཚོའི་སྐུ་ཚབ་གྱི་དོ་བདག་ལག་ཁྱེར་ཡང་ཞིབ་གཤེར་བྱ་དགོས་པ་གང་ཡིན་དེ་ཚོ་ཚང་མ་འཛམ་གླིང་དེའི་ནང་བོད་ཞེས་པ་རྒྱ་གཞུང་གི་མངའ་ཁུངས་སུ་གཏོགས་པ་ངོས་ལེན་བྱས་པའི་རྒྱུ་མཚན་འདིའོ། དེ་ཚོ་བོད་མིའི་སྒྲིག་འཛུགས་ཀྱིས་དཔོན་པོས་གསར་འགོད་གསལ་བསྒྲགས་གསལ་པོ་བྱེད་དགོས།

    Reply
  3. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 14 སྔོན།

    གོང་གི་གསར་འགྱུར་ནང་རྒྱ་མའི་སྐུ་ཚབ་ཅེས་ཡང་ནས་ཡང་དུ་བརྗོད་ཀྱི་འདུག གོང་གསལ་རྒྱ་དམར་སྲིད་གཞུང་གིས་མངག་པའི་མི་༡༧དེ་དག་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གི་སྐུ་ཚབ་ཡིན་པ་ལས། དེ་དག་ནི་རྒྱ་མིའི་སྐུ་ཚབ་ཆགས་མེད། དེར་བརྟེན་རྒྱ་ནང་གི་ཤེས་ལྡན་མང་ཚོགས་གཟུ་བོར་གནས་པ་ཚོས་ཀྱང་དེ་དག་རྒྱ་མིའི་སྐུ་ཚབ་ཡིན་པར་ངོས་འཛིན་གནང་གི་མེད། འོན་ཀྱང་རྒྱ་ནག་དམར་གཞུང་གིས་རང་ཉིད་ཀྱི་སྐུ་ཚབ་དེ་དག་རྒྱ་མི་རིགས་ཀྱི་སྐུ་ཚབ་ཡིན་པ་གཞིར་བཞག་བྱེད་ཀྱིན་ཡོད། དེར་བརྟེན་ང་ཚོའི་གཞུང་སྒེར་སུ་ཡིན་ཡང་ཚིག་བརྗོད་སྟངས་ཚུན་ཆད་ནས་རྒྱ་གཞུང་གི་སྲིད་ཅུས་ལ་རྒྱབ་སྐྱོར་དགོས་དོན་མེད། ད་ཐེངས་ཙམ་མིན་པར་ཕྱིས་སུ་ང་ཚོས་རྒྱ་དམར་སྲིད་གཞུང་གི་མི་སྣ་དང་། རྒྱ་མི་གཉིས་ལ་ཁྱད་པར་ཕྱེ་ཐུབ་དགོས། དོན་དངོས་ལ་རྒྱ་གཞུང་གི་མི་སྣ་དང་། རྒྱ་མི་གཉིས་སྤྱི་བྱེ་བྲག་ཡིན་ཞིང་། དེ་ལྟར་དེ་གཉིས་ལ་ཁྱབ་ཆེ་ཆུང་ཡང་ཡོད། ང་ཚོས་རྒྱ་དམར་སྲིད་གཞུང་གི་མི་སྣ་ཡག་པོ་མི་འདུག་ཅེས་བརྗོད་སྐབས། རྒྱ་མི་ཡག་པོ་མི་འདུག་བརྗོད་དགོས་དོན་མེད།

    Reply
  4. གནམ་ལྕགས། says:
    ལོ་ 14 སྔོན།

    དགྱ་ནག་གིས་བོད་མི་རིགས་འདི་ཅི་ལྟར་བཀག་ཀྱང་ཁོག་གི་མ་རེད། ད་རེར་དགྱ་ནག་གི་དགོས་འདུན་ལམ་ལྷོང་མ་བྱུང་བ་མ་ཟད། དེ་ལས་ལྡོག་པའི་ནུས་པ་ཐོན་ནས་རྒྱལ་སྤྱིའི་གསར་འགྱུར་ཆེ་ཤོས་ཤིག་དང་མི་མང་གིས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་བ་རེད། དོན་དངོས་ཀྱིས་བོད་མི་སྤྱི་བོ་གནམ་སྟོན་ཚང་མར་སེམས་ཤུགས་ཆགས་མི་དགོས་པར་སྤོབས་པ་དང་སྙིང་སྟོབས་ཀྱི་མགོ་བོ་གནམ་ལ་འདེགས་འོས།

    གསར་འགྱུར་འདི་ནི་ཟླ་འདི་འགའི་རིང་གི་གསར་འགྱུར་ཚ་ཤོས་ཤིག་དང་ལོ་འདིའི་དགྱ་ནག་གི་མགོ་བོར་བོད་རྒྱལ་ཁབ་ཀྱིས་རྐང་བ་ཐེངས་གཅིག་བཞག་པར་ངོས་འཛིན་ཞུ་འོས། བོད་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese