མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྟ་མགྲིན་ཐར་སྐུ་གྲོངས།༼པར༽

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་གཙན་ཚ་རྫོང་ཐོག་ཏུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་རྟ་མགྲིན་ཐར་ལགས་ད་ལྟ་རང་རྫོང་ཐོག་ཏུ་སྐུ་གྲོངས་འདུག

འདི་གར་གནས་ཚུལ་འབྱོར་གསལ་ལྟར་ན། དེ་རིང་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༦།༣༠ ཡས་མས་སུ། མདོ་སྨད་གཅན་ཚ་རྫོང་དྲག་ཆས་ཉེན་རྟོག་ལས་ཁུངས་མདུན་དུ། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་རྟ་མགྲིན་ཐར་ལགས་ད་ལྟ་རང་སྐུ་གྲོངས་ཡོད་འདུག་ལ། རྫོང་ཉེན་རྟོག་པས་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་ཏེ། ནང་མི་དང་སྡེ་བའི་མང་ཚོགས་ཀྱིས་སྐུ་ཕུང་ལོ་བ་སྡེ་བའི་རང་ཁྱིམ་དུ་གདན་འདྲེན་ཞུ་སྐབས། རྫོང་ཐོག་ཏུ་ཡོད་པའི་མི་མང་གིས་རེ་སྐུལ་ཞུས་པ་ལྟར་ཕྱིར་རྫོང་ཐོག་ཏུ་གདན་འདྲེན་ཞུས་ཏེ། ས་གནས་དགེ་འདུན་པ་དང་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་སྐུ་ཕུང་ལ་མཇལ་ཁ་དང་།  ཁ་བཏགས་བསྒྲོན་འབུལ་གནང་སྟེ་གདུང་སེམས་མཉམ་སྐྱེད་དང་ནང་མིར་སེམས་གསོ་བྱས་ཡོད་འདུག་ལ། དེ་རིང་ཕྱི་དྲོ་གཅན་ཚ་རྫོང་ཐོག་ཏུ་སྐུ་ཕུང་བཞུགས་འབུལ་གནང་རྒྱུ་ཡིན་འདུག

རང་ལུས་མེར་བསྲེགས་གཏོང་མཁན་རྟ་མགྲིན་ཐར་ལགས་ནི། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་ཞང་ལོ་བ་སྡེ་བ་ནས་ཡིན་འདུག་ལ། ད་ལྟ་རང་ལོ་ ༦༠ མ་ཟིན་ཙམ་ཞིག་ཡིན་འདུག ཉེ་ཆར་ཁོང་གི་བྱིས་པ་རྣམས་དབྱར་རྩྭ་དགུན་འབུ་བརྐོ་རུ་ཕྱིན་རྗེས། ཁོང་རྫོང་ཐོག་ཏུ་བསྡད་དེ་སློབ་གྲྭར་འགྲོ་བཞིན་པའི་བྱིས་པ་ཞིག་ལ་ལྟ་སྐྱོང་བྱེད་བཞིན་ཡོད་འདུག  

རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་རྗེས། མི་མང་གིས་ཁོང་གི་སྐུ་ཕུང་ཉེན་རྟོག་ལས་ཁུངས་ནས་རྩིས་ལེན་བྱས་ཏེ། གདན་འདྲེན་ཞུ་ཡོད་འདུག་ལ། སྐབས་དེར་དྲག་ཆས་ཉེན་རྟོག་པ་དང་དམག་མི་མང་པོས་མི་མང་གི་མཐའ་བསྐོར་ཏེ་དམ་དྲག་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་གཅན་ཚ་རྫོང་ཡོངས་སུ་ཉེན་རྟོག་པས་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

སྐར་མ ༡༢ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༡ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 15

  1. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    ཨོ་ངས་ད་ལྟ་རང་ཕ་ཡུལ་ལ་འབྲེལ་བ་བྱས་ནས་སྐད་ཆ་དྲིས་བ་ཡིན། གཅན་ཚ་ཐང་ཞང་གི་འོག་ཏུའང་ལོ་བ་ཟེར་བའི་སྡེ་བ་ཆུང་ཆུང་ཞིག་ཡོད་ཚུལ་འདུག་ན། ངས་གོང་དུ་མཆན་བུ་ཞིག་བཏབ་པའི་ཚོ་དྲུག་ཞང་གི་ལོ་བ་དེ་དང་འདི་གཉིས་གཅིག་པ་རེད་མི་འདུག

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    གསར་འགོད་པར་ཞུ་རྒྱུ་ཞིག་ལ། སྤྱིར་ལོ་བ་ཞེས་པའི་སྡེ་བ་འདི་གཅན་ཚ་ཐང་ཞང་གི་མ་ཡིན་པར་ཚོ་དྲུག་ཞང་གི་ཁུངས་གཏོགས་ཡིན་མོད། ཁ་སང་དེ་རིང་གཅན་ཚ་ཐང་ཞང་གི་འོག་ཏུ་སྦྱར་ཡོད་པ་ཡིན་ནམ། སྔོན་ཆེད་ཡིན་ན་འདི་ཚོ་དྲུག་ཞང་གི་འོག་དང་དེ་ཡང་ཚོ་དྲུག་ཞང་དང་བར་ཐག་ཀྱང་ཅུང་ཉེ་བ་ཡིན།
    མེར་སྲེག་གི་ལས་འགུལ་འདི་དག་གལ་ཆེན་དོན་ཆེན་ཡིན་པས་ཡིག་ཆ་ཁག་ཏུ་འདྲ་མི་འདྲ་མི་ཡོང་ངམ་སྙམ་ནས་ཞུས་པ་ཡིན།

    Reply
  3. གཅན་འོད་འབར། says:
    ལོ་ 14 སྔོན།

    རིན་ཆེན་སྐུ་སྲོག་མེ་ལ་སྒྲོན།། བརྩེ་བའི་ཤ་ཉེ་ཤུལ་དུ་བསྐྱུར།། ཚེ་འདིའི་བདེ་བ་ཡོངས་སུ་དོར།། ལ་རྒྱའི་ལག་རྡང་མཐོ་རུ་བཏགས།། རང་དབང་དོན་དུ་སྐུ་གཤེགས་པ།། རྒྱལ་གཅེས་དཔའ་བོའི་མཛད་པ་ཡིན།།

    Reply
  4. མི་འགྱུར་བཀྲ་ཤིས། says:
    ལོ་ 14 སྔོན།

    མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུ། དབུས་ལ་གཉིད་དཀྲོག་མཁན་ཞིག་སོང་རེད་དཱ། ཡིན་ན་ར། ད་དུང་ཡང་སྐྱར་གཉིད་ཁུག་སོང་ང་། ད་གང་དྲག་པ་འདུག ཉི་མ་ལྷ་ས།

    Reply
  5. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ད་ཆ་བཙན་བྱོལ་བོད་མི་གང་ན་སུ་བཞུགས་གཞིས་བཞུགས་བོད་མིར་སེམས་གསོའི་ཁ་སྟོང་གི་གཉིད་ལམ་མ་བཤད་པར་གཉིས་ཕན་དབུ་མའི་ལམ་གྱི་དམིགས་ཡུལ་གཞིར་ཟུང་བོད་ནང་ལོག་དགོས།
    དེ་མིན་བོད་ནང་བོད་མིའི་ཚེ་སྲོག་ནི་ང་ཚོ་དང་གཅིག་པ་ཡིན་ནོ།

    Reply
  6. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

    གང་ན་བྱིན་རླབས་འོད་ཀྱིས་འཁྱུག་པ་ཡི།།

    ཉམས་མེད་རྒྱལ་བ་བདེ་གཤེགས་འཁོར་བཅས་ཀྱིས།།

    ཐར་ལམ་མཐོང་སྨོན་ཡིད་དགའ་ཆོས་འཛིན་ནས།།

    དཔའ་བོ་དཔའ་མོ་བསུ་བའི་སྟ་གོན་མཛོད།།

    ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་

    དམར་བོ་མེ་ཡི་ཚལ་ནས་འཕུར་བ་ཡི།།

    གངས་རིའི་རྣམ་ཤེས་ཚ་བའི་འཇིགས་པ་ཅན།།

    ཐ་དག་མ་ལུས་བརྩེ་བའི་བདག་ཉིད་བ།།།

    རྒྱལ་ཀུན་ཐུགས་བརྗེ་ཆར་གྱིས་བརླན་པར་མཁྱེན།།

    ཨོྃ་མ་ཎི་པདྨེ་ཧཱུྃཿ་ ཨོྃ་མ་ཎི་པདྨེ་ཧཱུྃཿ ཨོྃ་མ་ཎི་པདྨེ་ཧཱུྃཿ་

    Reply
  7. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 14 སྔོན།

    ཅི་ཙམ་དགྲ་བོས་དྲག་གནོན་དེ་ཙམ་དུ། །
    གངས་ལྗོངས་རྒྱལ་གཅེས་དཔའ་བོའི་སྙིང་སྟོབས་འཕེལ། །
    ཇི་སྲིད་བོད་འདི་འཆི་ལམ་སྐྱེལ་འདོད་པ། །
    དེ་སྲིད་མི་རིགས་འདི་ལ་གཅིག་གྱུར་འབྱུང་། །

    འདས་པའི་ལོ་ནག་ལྔ་བཅུ་ལྷག་གི་རིང་། །
    གདོང་དམར་ས་ཡ་གཅིག་དང་གཉིས་འབུམ་ལྷག །
    ཇི་ལྟར་དམར་གསོད་དྲག་གནོན་བྱས་གྱུར་པ། །
    དེ་ལྟར་རྒྱ་གཅེས་དཔའ་བོ་འཕེལ་བར་གྱུར། །

    ད་དུང་རྒྱ་དམར་སྲིད་གཞུང་སྒེར་གཅོད་པས། །
    སུམ་གཉིས་ས་ལ་དབང་བསྒྱུར་གངས་ཅན་པའི། །
    ལོ་རྒྱུས་བདེན་དོན་རྫུན་བཟོ་བྱེད་བཞིན་ཏུ། །
    ཉི་ཤར་ལག་པས་འགོག་སྙམ་འཁྲུལ་བ་ཡིན། །

    མི་རྣམས་རྨོངས་གཉིད་སད་པའི་ཁུག་སོ་ན། །
    ཚན་རྩལ་དུས་རབས་གསར་བའི་གསར་བརྗེ་ཡི། །
    རང་དབང་ཐོབ་ཐང་རྩོད་པའི་མེ་དཔུང་གི། །
    རྦ་རླབས་གསོད་ཐུབ་ཟེར་བ་ཉིང་འཁྲུལ་ཡིན། །

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    རྟ་མགྲིན་རྡོ་བདེ་བ་ཅན་དུ་སྐྱེ་པར་ཤོག ཁོང་གི་ནང་མིར་སེམས་གཏིང་ནས་སེམས་གསོ་ཞུ།
    སྤྱིར་བོད་ནང་གི་མེར་སྲེག་ལས་འགུལ་འདི་མཚམས་ན་བསམ་ཡོད། དེ་མིན་ན་བོད་ཁམས་ཡོངས་ནས་ཤུགས་ཆེ་ཙམ་སྤེལ་མ་ཐུབ་པར་འདི་ལྟར་ས་ཁུལ་རེ་གཉིས་ནས་བར་དང་སྐབས་སུ་མི་རེ་གཉིས་ཀྱིས་རང་ལུས་མེར་སྲེག་གནང་བ་འདིས་ཕན་ཐོག་ཆེར་མི་འདུག་སྙམ།

    Reply
  9. རེབ་ཐོག་མདའ says:
    ལོ་ 14 སྔོན།

    མེ་ལྕེ་དམར་བོ་བོད་ནས་མཆེད་ཐལ།།
    མི་རིགས་ལ་རྒྱ་བོད་ནས་གླེང་ཐལ།།
    སྐད་དང་རིག་གཞུང་བོད་ནས་སྐྱོབ་ཐལ།།
    བླ་མའི་བཀའ་ལ་བོད་ནས་བརྕིས་ཐལ།།

    མི་ལུས་རིན་ཆེན་མེ་ལ་སྒྲོན་ཀྱང་།།
    རྡ་སའི་རི་ན་གྲགས་འགུལ་མི་འདུག།
    རང་དབང་མེད་པའི་ནང་གི་སྤུན་ཟླ།།
    འཆི་བའི་གྲངས་ལ་ཡ་ལན་མེད་གི།

    གཞོན་ནུ་ཟེར་བའི་ཚོགས་པ་ཡོད་ན།།
    མདུན་དུ་རྒྱུགས་ནས་དོན་ཞིག་བསྒྲུབས་དང་།།
    རྗེས་ལུས་སྤུན་ཟླའི་ན་ཟུག་ཚོར་ན།།
    བུད་མེད་སློབ་བསྐུང་ནས་མ་འདུག།

    བོད་མྱི་བཞི་བཅུ་མེ་རུ་སྒྲོན་ཀྱང་།།
    གངས་རིའི་ལྟོ་བ་དམག་གིས་ཁེངས་ཀྱང་།།
    གངས་ཅན་དཀྱིད་གིས་ལས་ཀྱི་མི་སྣའི།།
    རྐང་རྩད་སྤོ་ལོའི་འགྲན་བརྡུར་བཤད་གི།།

    ཁ་སང་རྔ་བའི་གྲྭ་བ་བུད་སོང་།།
    དེརིང་གྲོང་གི་ཨ་ཕ་ཆས་སོང་།།
    སྡིག་སྒྲུབ་མ་དག་ཁ་བ་རི་བའི།།
    ལས་དབང་འདི་ལ་བདག་པོ་གང་ཡོད།།

    ཡིག་དྲུག་ངག་གི་ཁ་ལྕེ་བར་ནས།།
    གངས་རིའི་གྲོང་གི་སྤུན་ཟླ་མིང་སྲིང་།།
    ལུས་སེམས་འཕང་མེད་བོད་ལ་འབུལ་བ།།
    ཤ་གསེང་རུས་བའི་ནང་ནས་སྐྱོ་སོང་།།

    Reply
  10. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་རྟ་འགྲིན་མཐར་ཕྱིན་ལགས། བོད་ཀྱི་རྒྱལ་དོན་རང་ལུས་མེར་བསྲེགས་ཀྱིས་སྐུ་ཚེ་མ་ཟིན་པར། མགོ་བོ་བྲང་ཐོག་ལྷུང་སྟེ་མྱ་ངན་གུས་བཏུད་ཞུ། མ་ཎི་ཡིག་དྲུག་གིས་སྐྱེལ་མ་ཞུ་་་་་་་འདི་ནི་འདོད་པ་མེད་བཞིན་དུ་་་་་་

    Reply
  11. གནམ་ལྕགས། says:
    ལོ་ 14 སྔོན།

    དཔའ་བོའི་གཟི་བརྗིད་ནམ་ཡང་ཉམས་པ་མེད།

    ང་ཚོའི་བོད་མི་རིགས་འདི་ལ་ད་དུང་ཁྱེད་དང་ཁྱེད་ལྟ་བུའི་དཔའ་བོ་དང་དཔའ་མོ་གྲངས་ལས་འདས་པ་ཞིག་ཡོད་པ་འདི། ད་དུང་མི་རིགས་འདི་རྩ་སྟོངས་ལ་འགྲོ་བར་ཐག་རིང་བ་མཚོན་གྱི་ཡོད།

    དཔའ་བོའི་གཟི་བརྗིད་ཀྱིས་བོད་མི་རིགས་ལ་དེབ་ཐེར་གསར་བ་ཞིག་འབྲི་བཞིན་ཡོད། དཔའ་བོའི་གཟི་བརྗིད་ལ་ནམ་ཡང་ཉམས་པ་མེད།

    Reply
  12. གདོང་གཡུ་ལོང་། says:
    ལོ་ 14 སྔོན།

    པར་འདི་དག་དངོས་ཡོད་ཀྱི་གནས་ཚུལ་ཁག་ཐེག་པའི་བདེན་དབང་བླ་མེད་དག་རེད།དེར་བརྟེན་པར་འདི་དག་ཆུད་ཟོས་སུ་མ་བཏང་བར་རྒྱལ་སྤྱིའི་སྒང་ལ་ཐོན་ཐུབ་པར་བྱེད་རྒྱུ་གལ་འགངས་ཆེན་པོ་རེད། རང་ཡུལ་ནས་རང་སྲོག་ལ་མ་འཛེམ་པར་འདིར་གཏོང་དོན་ཡང་ང་ཚོའི་ཤེས་ཆེད་མིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་གཞུང་གི་མནར་གཅོད་འོག་གི་བོད་ཀྱི་དཀའ་སྡུག་རྣམས་གསལ་གསལ་ཐིང་ཐིང་བཟོས་བའི་ཆེད་དུ་ཡིན་པ་གདོན་མི་ཟ།

    Reply
  13. རོ་བདག says:
    ལོ་ 14 སྔོན།

    གསར་འགོད་པར་གསལ་འདེབས་ཞུ་རྒྱུ་ཞིག་ལ་རྒྱལ་གཅེས་པ་ཁོང་གི་ལོ་གྲངས་འདིར་ལོ་༦༠་མ་ཟིན་ཙམ་བཀོད་འདུག་ཀྱང་གསར་འགྱུར་འོག་མར་ཁོང་གི་ལོ་གྲངས་༤༠་བཀོད་འདུག དོན་དངོས་འདི་གཉིས་ལས་གང་ཁོང་གི་ལོ་གྲངས་ངོ་མ་དེ་ཡིན། འདི་ཡང་ཅུང་གལ་ཆེན་པོ་འདུག ལོ་གྲངས་ལ་གཅིག་གྱུར་ཡོང་རྒྱུ་འདི་བདག་རང་ངོས་ལ་མཚོན་གལ་ཆེན་ནང་གི་དོན་ཆེན་ཞིག་ལ་ངེས་འཛིན་བྱེད་བཞིན་ཡོད།

    Reply
  14. རོ་བདག says:
    ལོ་ 14 སྔོན།

    མེ་ལྕེ་གཅིག་རྗེས་གཉིས་འཐུད།། མིག་ཆུ་གཅིག་འཐོར་གཉིས་འཐོར།། སེམས་པ་གཅིག་འཚུབ་གཉིས་འཚུབ།། ཚེ་སྲོག་གཅིག་རྫོགས་གཉིས་རྫོགས།། རེ་བ་དང་ཡིད་ཆེས་ཀྱི་མནར་བའི་ཚེ་སྲོག་ཅིག་ཡང་ལམ་ལ་ཆས་སོང་།

    Reply
  15. བདེན་གཏམ། says:
    ལོ་ 14 སྔོན།

    ཡའའའའ། ཀྱེ་མ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese