མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་བརྟན་རྡོ་རྗེ་ལ་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་སྔ་དྲོར་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ་བལ་ཡུལ་གཞུང་གི་ཁྲིམས་ཁང་ཞིག་གིས་ལོ་ ༥ དང་ཟླ་ ༥ ཉིན་ ༢༥ ཡི་ཁྲིམས་ཐག་བཅད་ཡོད་འདུག

མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་བརྗོད་པ་ལྟར་ན། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣།༣༠ སྟེང་། ཁོང་ལ་བལ་ཡུལ་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཁ་པར་ཞིག་འབྱོར་ཏེ། བལ་ཡུལ་ཁྲིམས་ཁང་གིས་དེ་རིང་ཁོང་ལ་ཡི་གེ་ཞིག་སྤྲད་ཡོད་པའི་ནང་། ཁོང་ལ་ལོ་ ༥ དང་ཟླ་ ༥ ཉིན་ ༢༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ་འཁོད་འདུག་ཟེར་ལ། ཁ་པར་འབྱོར་སྐབས་བལ་ཡུལ་ཉེན་རྟོག་པས་ཁོ་རང་དེ་སྔའི་སྡོད་གནས་ཕྱི་མི་ཞིབ་བཤེར་ལས་ཁུངས་ནས་བཙོན་ཁང་ཞིག་ཏུ་འཁྲིད་བཞིན་པའི་སྐབས་རེད་ཟེར།  

སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན། “ང་ལ་ཁ་པར་འབྱོར་སྐབས་དེ་ཙམ་གསལ་བོ་མི་འདུག ཉེན་རྟོག་པ་ཚོས་ཁོ་རང་རླངས་འཁོར་ནང་འཁྲིད་བཞིན་པའི་སྐབས་རེད། ཁོ་རང་གི་ལག་འཁྱེར་གློག་ཀླད་དང་བཅའ་དངོས་གཞན་དག་ཉེན་རྟོག་པ་ཚོས་འཁྱེར་སོང་ལབ་སོང་། ཚེ་བརྟན་རྡོ་རྗེ་ཡིས་འདིའི་རྗེས་ནས་བཟུང་ངེད་གཉིས་ཕལ་ཆེར་འབྲེལ་བ་བྱེད་ཐུབ་གི་མ་རེད། ཡིན་ནའང་ངའི་ཕྱོགས་ལ་ཐུགས་འཁུར་གནང་མི་དགོས། ངས་དེ་སྔོན་ནས་བཤད་པ་ལྟར་ང་རང་གི་༼ ཞི་བའི་འཐབ་རྩོད༽ཀྱི་མཐའ་འཁྱོལ་ཆེད། ངའི་ཐད་དུ་འགྲོ་སོང་བཏང་སྟེ་བཙོན་ཁང་ནས་འདོན་རྒྱུའི་ཐབས་ཤེས་དེ་འདྲ་རྩ་བ་ནས་གནང་མི་དགོས་ལབ་སོང་” ཅེས་བརྗོད་བྱུང་།

བོད་སྐྱོད་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་དཀྱིལ་ཤར་རྒྱལ་ཁབ་ཨེ་སི་རིལ་ནས་རང་ཉིད་ཀྱི་བུ་ཕྲུག་དང་སྐྱེས་དམན་བཅས་བཞག་སྟེ། ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་ངྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་མགོ་འཛུགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སའི་བར་བོད་དོན་ཞི་བའི་འཐབ་རྩོད་ཅེས་པའི་གོམ་བགྲོད་ཅིག་མགོ་འཛུགས་གནང་ཡོད་པ་དང་། ཁོང་དང་མཉམ་དུ་ཁོང་གི་ཨ་མ་སྡོམ་པོ་སྐྱིད་དང་གཅུང་མོ་ལྷ་མོ་སྐྱིད་རྣམ་གཉིས་ཀྱང་མཉམ་ཞུགས་གནང་ཡོད།

ཕྱི་ཟླ་ ༥ ཚེས་ ༡༠ ཉིན་གྱི་ཞོགས་པར་རྒྱ་གར་དང་བལ་ཡུལ་ས་མཚམས་གྷོ་ར་པུར་ཟེར་བ་ནས་བལ་ཡུལ་ཉེན་རྟོག་པས་བཀག་ཉར་བྱས་ཡོད། ཁོང་ཅག་གིས་དེ་གར་ཟས་བཅད་ངོ་རྒོལ་གནང་བ་སོགས་ཐབས་ཤེས་ཡོད་དགུ་གནང་ཡང་བལ་ཡུལ་ཉེན་རྟོག་པས་བཏང་མེད་སྟབས། ཕྱི་ཟླ་ ༥ ཚེས་ ༡༣ ཉིན་གྱི་མཚན་མོར་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཨ་མ་དང་གཅུང་མོ་གཉིས་བཞག་སྟེ་གསང་སྟབས་ཀྱིས་ཁོང་གཅིག་པུས་བོད་ཕྱོགས་སུ་མུ་མཐུད་དུ་གོམ་བགྲོད་གནང་ཡོད། ཕྱི་ཟླ་ ༥ ཚེས་ ༢༡ ཉིན་བལ་ཡུལ་རྒྱལ་སར་སླེབས་ལ་ཉེ་སྐབས་བལ་ཡུལ་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་ད་བར་གྱི་ཉིན་གྲངས་ ༢༦ རིང་། བལ་ཡུལ་ཕྱི་མི་ཞིབ་བཤེར་ལས་ཁུངས་ནས་བཀའ་བསྐྱིལ་ཞིབ་བཤེར་བྱས་ཡོད།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༢ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 13

  1. ཡུལ་གྱར་བ། says:
    ལོ་ 14 སྔོན།

    གླིང་ཚ་དཔའ་བོའི་ཆོད་སེམས་ལ་བསྔགས་བརྗོད་དང་སྦྲག་བཙན་བྱོལ་སྒྲིག་འཛུགས་དང་གཞོན་ནུ་ཚོགས་པར་ཉེས་མེད་ཉེས་འཛུགས་ལ་གསལ་བཤད་འགའ་ཞུ་འདོད་བྱུང་། བལ་གཞུང་རུལ་སུང་གི་སྲིད་གཞུང་དང་ཁྲིམས་ཁང་གང་ཡིན་ཀྱང་བཙོན་པ་ཞིག་ཕྱིར་འདོན་དགོས་སྐབས་འགའ་རེ་སྲིད་དོན་གྱི་གནོན་ཤུགས་ཀྱིས་འདོན་ཐུབ་སྲིད་ཀྱང་གཙོ་བོ་དངུལ་ཁོ་ནས་ཉོ་དགོས་པ་མིག་མཐོང་ལག་ཟིན་ཡིན་པས་བཙན་བྱོལ་སྒྲིག་འཛུག་དང་གཞོན་ནུ་ལྟ་བུས་ལྐོག་རྔན་སྤྲོད་ཐབས་མེད་ཅིང་ལས་འགུལ་བ་རང་ཉིད་ཀྱིས་དང་ལེན་གནང་གི་མེད་པའང་ཁོང་གིས་སྔ་རྗེས་སྤེལ་བའི་ཉིན་ཐོ་དང་ཟིན་བྲིས་རྣམས་སུ་གསལ་པོར་འཁོད་ཡོད། ཁྲེལ་དང་ངོ་ཚ་མེད་པའི་སྲིད་གཞུང་འདི་གུང་ཁྲན་གྱིས་ཁ་གང་དུ་སྒྱུར་སྒྱུར་ཡིན་སྟབས་གནད་ཆེ་བའི་སྲིད་དོན་གྱི་བཙོན་པ་ཞིག་གཞུང་འདི་ནས་གློད་རྒྱུའང་གུང་ཁྲན་གཞུང་ནས་གློད་རྒྱུ་དང་ཕལ་ཆེར་ཆ་འདྲ་ཡིན་པས་ཉམ་ཆུང་བཙན་བྱོལ་གཞུང་དང་ཚོགས་སྡེ་ཚོས་འདོན་ཆོག་ཆོག་ག་ལ་ཡིན། འོན་ཀྱང་འབད་རྩོན་དགོས་པ་སྨོས་མེད་རེད། དེ་ནི་གཞུང་དང་ཚོགས་སྡེ་ཙམ་མ་ཡིན་པར་མི་རིགས་ལ་དུངས་བ་ཟབ་པའི་གངས་པའི་མི་རེ་ངོ་རེས་ལས་འགན་ཀྱང་ལོས་ཡིན། སྤྱིར་ན་རྒྱལ་ཞེན་པ་འདིའི་རླབས་ཆེ་བའི་་ལས་འགུལ་དག་གང་བྱུང་དུ་བེད་སྤྱོད་མཁན་ནི་དབུ་མའི་ལམ་གྱི་ལས་འགུལ་ཚོགས་པ་ཟེར་བ་དེ་ཡིན་པས་ཁོང་ཚོར་ལས་འགན་ཅུང་ཟད་ལྕི་བ་ཡོད། གཞོན་ནུ་ཚོགས་པས་ད་བར་སྤྱི་ཚོགས་ཞབས་ཞུའི་མཚོན་པའི་ལས་འགུལ་རླབས་ཆེན་སྣ་མང་གནང་ཡོད་ཀྱང་མཛུབ་མོ་གནམ་དུ་སྟོན་མཁན་ཉུང་ཞིང་ཇུས་ཉེས་དང་དཀའ་ངལ་རེ་ཡོང་དུས་གཞོན་ནུས་བྱེད་དགོས་རབས་དང་གཞོན་ནུས་མ་འཇོན་རབས་རྐྱང་པ་བཤད་མཁན་འདི་དག་ལ་བཟང་སྤྱོད་ཅི་ཞིག་ལྡན། དཀའ་སྡུག་ཡོད་རྒུ་གཞོན་ནུ་ཚོགས་པས་ལེན། །ཁ་རྡུང་ཡོད་རྒུའང་གཞོན་ནུ་ཚོགས་པས་ཟེད། །ལས་འབྲས་རྩི་བའི་མི་རིགས་ཡིན་ཞེས་བསྒྲོག །ད་ནི་ལས་འབྲས་ཟེར་བ་ཅི་ཞིག་རེད། །

    Reply
  2. ཆོས་བཟང་། says:
    ལོ་ 14 སྔོན།

    གླིང་ཚ་དཔའ་བོའི་བསམ་དོན་འགྲུབ་པར་ཤོག།
    གླིང་རུའི་བདེན་མཐའ་མྱུར་དུ་གསལ་བར་ཤོག།
    གླིང་འདིའི་ཞི་བདེའི་རྩ་བ་འགྲོ་བའི་མགོན།།
    གླིང་རུའི་ཁྲི་ཁར་མྱུར་དུ་འཁོད་པར་ཤོག།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཨ་ཁ། ཉེས་པ་ལས་ཉེས་ཆད་ཆེ་དྲགས་པ་མིན་ནམ། མྱུར་ཏུ་གློད་པའི་སྨོན་འདུན་ཡོད།

    Reply
  4. བཀྲ་ཤིས། says:
    ལོ་ 14 སྔོན།

    ང་ཚོར་དགོས་པ་ནི་དཔའ་རྒོད་ཁོང་རེད་ཐབས་ཤེས་གང་བྱེད་དགོས་རུང་བྱེད་ཡས་རེད། བལ་ཡུལ་གཞུང་ལ་ཡིད་ཆེད་བྱེད་ཡས་མེད་རེད། ཚང་མ་རྒྱ་མིའི་དངུལ་གྱི་རུལ་ཚར་བ་རེད། ཁོང་ཚོར་དངུལ་བྱུང་ན་རང་གིས་སྤུང་རྒན་གཞོན་ཡང་བསད་ཀྱི་རེད།
    དེ་ང་ཚོ་ཚང་མས་ཤེས་གསལ་རེད།
    ང་ཚོས་དཔའ་རྒོད་ཁོང་གི་ཆེད་དངུལ་འགྲོ་སོང་གཏོང་རྒྱུ་རེད།

    Reply
  5. ཤར་ཕྱོགས་སྲིན་པོ། says:
    ལོ་ 14 སྔོན།

    གཞོན་ནུ་ཚོགས་པ་གང་ན་ཡོད། གཞོན་ནུ་ཚོགས་པ་གང་ན་ཡོད། གཞོན་ནུ་ཚོགས་པ་གང་ན་ཡོད། གཞོན་ནུ་ཚོགས་པ་གང་ན་ཡོད། གཞོན་ནུ་ཚོགས་པ་གང་ན་ཡོད། གཞོན་ནུ་ཚོགས་པ་གང་ན་ཡོད། གཞོན་ནུ་ཚོགས་པ་གང་ན་ཡོད།གཞོན་ནུ་ཚོགས་པ་གང་ན་ཡོད། གཞོན་ནུ་ཚོགས་པ་གང་ན་ཡོད། གཞོན་ནུ་ཚོགས་པ་གང་ན་ཡོད། གཞོན་ནུ་ཚོགས་པ་གང་ན་ཡོད། གཞོན་ནུ་ཚོགས་པ་གང་ན་ཡོད། གཞོན་ནུ་ཚོགས་པ་གང་ན་ཡོད། གཞོན་ནུ་ཚོགས་པ་གང་ན་ཡོད། གཞོན་ནུ་ཚོགས་པ་གང་ན་ཡོད།གཞོན་ནུ་ཚོགས་པ་གང་ན་ཡོད།

    Reply
  6. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    བལ་ཡུལ་རྒྱལ་ཁབ་དང་རྒྱ་ནག་གི་རྒྱལ་དར་ཁྱེར་བའི་ལམ་འགྲོ་བ་ཞིག་ལ་འདི་ལྟར་ཁྲིམས་ཐག་གཅོད་པ་ནི་ཆེས་བློ་ཡུལ་ལས་མི་ཤོངས་བ་ཤིག་རེད། བལ་ཡུལ་གྱི་རྩ་ཁྲིམས་ལ་འགལ་བའི་ལས་ཅི་བྱས་ཡོད་དམ། ངས་ངོ་མི་ཤེས། ཁྲིམས་དཔོན་དང་གཞུང་འཛིན་པ་ཁག་ཅིག་རྒྱ་ནག་མི་དམངས་ཤོག་དངུལ་གྱིས་ཉོས་ཡོད་པ་ཐག་ཆོད་རེད། ངོ་མ་སྤྲང་བོའི་རྒྱལ་ཁབ་རང་རེད་འདུག།

    Reply
  7. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    བོད་གཞུང་དང་གཞོན་ནུས་ཁ་སྤོབས་བསྒྲགས་པ་ལས་དངོས་སུ་ལག་ལེན་བསྟར་དགོས་པ་རེད་་་་རྒྱ་མིའི་ལག་ནས་ལེན་དགོས་ཞེས་བཤད་ན་ཁག་པོ་ཡིན་ཡང་བཙན་བྱོལ་ནང་ནས་ཉེས་མེད་ཅིག་འདི་ལྟར་ཁྲིམས་ལ་སྦྱར་བ་ལེན་མ་ཐུབ་ན་ཁྱོད་ཚོས་ལས་འགུལ་ནམ་སྤེལ་ལ་བསྒྲགས་པའི་ཁ་སྤོབས་དེ་སྟོང་གཏམ་རེད་་་་་ད་ང་ཚོས་བལྟ་གི་རེད་་་་ལག་ལེན་དངོས་སུ་ཡོད་མེད་མཐོང་གི་རེད་་་་་གཞོན་ནུ་ཚོགས་པ་་་་

    Reply
  8. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    གང་ལྟར་རིགས་རུས་དང་བྱུང་རབས་ལ་གཅེས་སེམས་འཆང་བའི་མྱི་རྒོད་འདིའི་རིགས་ནི་རང་ཉིད་གང་དུ་གཏོགས་པའི་འཛིན་སྐྱོང་དང་ཁུར་ཁྱེར་སྡེ་ཚན་ནས་གཅེས་སྲུང་བྱ་དགོས་པ་ཐད་ཀའི་འགན་འཁྲི་ཡིན་པས། ཐབས་རྩལ་འདོན་བཞིན་པའི་རེ་བ་ཡོད་ལ། གུང་ཁྲན་གྱི་ཞིབ་རྟོག་པས་བྱ་རྒོད་ཤ་ལ་རྔམ་པ་ལྟར་ཅེར་རེ་ཡོད་པ་ནི་སྨྲོས་མེད་ཡིན། བོད་ཀྱི་ནུས་ཡོད་མི་སྣ་བལ་རྒྱ་ཁྱི་སྤྱང་ལག་སྒྲིལ་གྱིས་གར་སོང་ཆ་མེད་དམ་ལྐོག་རྒོལ་བྱས་པའི་ཉམས་མྱོང་བྱུང་ཟིན་སྟབས། ཐེངས་འདིའི་རིགས་གཅེས་ཕུལ་བྱུང་མི་སྣ་ཁོང་ཡང་གཡོ་བརྒྱ་ཇུས་སྟོང་གི་འོག་ནས་བློ་འགྱོད་ཁོ་ནས་སྐྱེལ་མ་ཞུ་དགོས་པའི་གནས་ཚུལ་ཞིག་མི་ལྷག་པའི་ངེས་པ་མེད་ན། དེ་དོན་རིགས་ཞེན་པ་དང་ཁུར་ལེན་པ་ཚང་མས་ཡིད་འཇགས་འཚལ། དེ་མིན་པའི་གནས་ཚུལ་ཞིག་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  9. གཅན་འོད་འབར། says:
    ལོ་ 14 སྔོན།

    བལ་བོའི་གཞུང་འདི་རྒྱ་གཞུང་གི་བྲན་གཡོག་ཡིན་པས། འདི་ཚོས་རྒྱ་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་ཚོར་ཇི་ལྟར་སྡུག་སྦྱོང་དང་ཁྲིམས་ཆད་བཏང་བ་བཞིན་གཏང་གི་རེད། གང་ལྟར། ད་རྒྱལ་སྤྱིའི་རྒྱབ་སྐྱོར་ལ་རེ་བ་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེ་བར་སྙམ།

    Reply
  10. ཤག་སྒང་པ། says:
    ལོ་ 14 སྔོན།

    ང་ཚོས་ལག་མཐུད་བཏང་ནས་གནས་ཚུལ་རྒྱལ་སྤྱིའི་གླེང་སྟེགས་སུ་བསྒྲགས་ཐུབ་དགོས་པ་དང་། བལ་སྤྲང་གཞུང་ལ་ཤུགས་ནོན་སྤྲད་དགོས་པ་རེེད།

    ན་གཞོན་དཔའ་བོ་ཆབ་སྲིད་པ་ཞིག་ཉེས་མེད་བརྩོན་ཁང་དུ་ཁྲིམས་ཐག་བཅད་ཟིན་པའི་སྐབས་འདིར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱང་འགུལ་དགོས་ཀྱི་རེད་བ༌༌༌༌༌༌༌

    གླིང་ཚའི་འགྱུར་མེད་ཀྱི་ལྷག་བསམ་ལ་ཡི་རང་གུས་བརྩི་ཞུ།

    བདེན་པ་རྒྱལ་གྱུར་ཅིག

    Reply
  11. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    བལ་ཡུལ་གྱིས་ཁྲིམས་ཐག་བཅད་ཚར་རུང་སྒོར་མོ་ཡིས་ཉོ་ཐུབ་ངེས་རེད།

    Reply
  12. མི་རྒོད། says:
    ལོ་ 14 སྔོན།

    གླིང་ཚ་དཔའ་རྒོད་ནི་དཔའ་རྒོད་རང་ཡིན་པས་ལོ་ངོ་འདི་ལྟ་བུ་ཁྲིམས་བཅད་བྱས་པ་འཛམ་གླིང་ཕྱི་ཕྱོགས་སུ་མང་གཙོའི་རྒྱལ་ཁབ་གཅིག་ནང་གླེན་རྟགས་དང་ ལོང་རྟགས་ཀྱིས་ཤན་བའི་རྟགས་བསྟན་པ་རེད། དེ་མིན་བལ་པོ་ནས་བལ་སྒོར་འབུམ་ཉི་ཤུ་རྩ་ལྔ་དགོས་པ་སོགས་བརྗོད་ཚུལ་འདུག། དེ་འདྲའི་དངུལ་ཟ་འདོད་ཧམ་སེམས་ནང་སྔོན་བལ་ཡུལ་ས་གནས་འགོ་འཛིན་ཟུར་བ་བུ་དོན་གྲུབ་ཞེས་པ་དེ་ཚུད་པའི་གནས་ཚུལ་འདུག། རྨོག་རུ་བསྟན་པས་སྐྱབས་བཅོལ་ས་མི་ངན་འདི་ཡིན་ཚུལ་འདུག། བལ་ཡུལ་འདི་དགྲ་བོས་ངན་སེམས་སྟེང་བོད་མི་ནང་རུལ་བ་མང་བས་ལས་གང་བྱས་ཀྱང་འདི་འདྲ་རེད། གླིང་གི་དཔའ་རྒོད་ནས་བློས་ཐག་བཅད་པ་དེ་ཧ་ཅང་ཡག་པོ་རེད། གལ་ལྟེ་སྲིད་དོན་འཐབ་རྩོད་པ་འདིར་ཁྲིམས་ཐག་འདི་འདྲ་ཟེ་བཅད་པ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ལྡིངས་ཆ་སྟེང་ཉིན་ཞིག་ཞབས་འདྲེན་ཞུ་རྒྱུ་རང་རེད། དེ་བྱིས་པའི་རྒྱལ་ཁབ་འདི་དྲན་གི་མ་རེད། མཐའ་དོན་གླིང་གི་དཔའ་རྒོད་རྒྱལ་གྱུར་ཅིག། ནང་རུལ་བ་ཚང་མ་ལྷ་བླ་མས་བདེན་ཤན་འབྱེད་གྱུར་ཅིག། ད་བོད་པ་རྩམ་བཟན་ཚོ་རྟག་ཏུ་འཕྲིན་བཅོལ་གནང་རོགས་ཞུ།།

    Reply
  13. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    བལ་ཡུལ་སྤྲང་པོའི་ལུང་པ་དེ་དང་རྒྱ་དམར་གཉིས་ཁྱི་སྤྱང་ལག་སྦྲེལ་རང་རེད། དཔེ་མི་སྲིད་པའི་ཐབས་རྡུགས་རེད། ད་ང་ཚོས་ཅི་ཞིག་བྱེད་དགོས་སམ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese